མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕིས་གཟབ་ནན་བྱས་ན་ཡག་གི་རེད་དཱ།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨོ་བྷ་མས་གལ་སྲིད་ཊི་རུམ་ཕི་ཡིས་ཨ་རིའི་ཆེ་མཐོང་དང་རྩིས་ཐང་ལ་འཇིགས་སྣང་བསླངས་ཚེ་ཁོས་ཊི་རུམ་ཕི་ཡི་ཉེས་དོན་ཐེར་འདོན་བྱ་ངེས་སྐོར་བརྗོད་འདུག

༤༤༤༤༤༤༤

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོ་རུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་གཞུང་དམངས་ཀྱིས་ཨ་རིའི་མ་འོངས་པར་སེམས་ཁྲལ་བྱེད་མི་དགོས་སྐོར་དང་། གལ་སྲིད། བདམས་ཐོན་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་ཡིས་ཨ་རིའི་ཆེ་མཐོང་དང་རྩིས་ཐང་ལ་འཇིགས་སྣང་བསླང་ཚེ། ཁོས་ཊི་རུམ་ཕི་ནོར་འཁྲུལ་ཐེར་འདོན་བྱ་ངེས་ཡིན་སྐོར་བརྗོད་འདུག འདི་ནི་ཨོ་བྷ་མས་ཨ་རིའི་སྲིད་དབང་བསྐྱངས་ཏེ་ལོ་ངོ་བརྒྱད་ཟིན་པའི་རྗེས་ཀྱི་ཕོ་བྲང་དཀར་པོའི་ནང་གི་གསར་འགོད་ལྷན་ཚོགས་མཐའ་མ་དེ་ཆགས་ཡོད་འདུག

ཨོ་བྷ་མས་ཨ་རིའི་ནང་སྲིད་སྐོར་བརྗོད་པར། གལ་སྲིད་ཊི་རུམ་ཕི་གཞུང་གསར་བས་མི་རིགས་དབྱེ་འབྱེད་བྱེད་པ་དང་། འོས་བསྡུའི་ཐོབ་ཐང་དང་གསར་འགོད་དབང་ལ་སྟངས་འཛིན་བྱེད་པ། ཨ་རིའི་ནང་གི་གནས་སྤོ་མི་མང་ཕྱིར་འཕུད་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཚེ། གནད་དོན་དེ་ལ་ཁོས་ཡ་ལན་བསློག་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་གྱི་ལས་འགན་དེ་སླ་པོ་ཞིག་མིན་པ་མ་ཟད། ཊི་རུམ་ཕི་ཡི་ལས་དོན་གང་ཞིག་བརྩམས་ཀྱང་ཨ་རིའི་གཞུང་དམངས་ལ་བསྟུན་དགོས་པ་ལས། ཁོས་རང་སྣང་གང་དྲན་གྱིས་ཐག་གཅོད་བྱ་ཆོག་པ་ཞིག་མིན་སྐོར་སོགས་བརྗོད་འདུག

ཨོ་བྷ་མས་ཨ་རིའི་ཕྱི་སྲིད་སྐོར་བརྗོད་པར། ཨ་རིའི་ཕྱི་སྲིད་དང་ནང་སྲིད་གཉིས་ཀྱི་འགྲོ་སྟངས་འདྲ་བོ་མེད་སྟབས། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཐད་བསམ་བློ་ནན་ཏན་བཏང་སྟེ་ཐག་གཅོད་བྱེད་དགོས་པ་དང་། ད་ལྟའི་ཊི་རུམ་ཕི་ཡིས་ཕྱི་འབྲེལ་སྲིད་ཇུས་ཁག་ཅིག་ཧ་ཅང་བློ་ཚུབ་ཀྱི་རང་བཞིན་ཆགས་ཡོད་པ། དཔེར་ན། ཊི་རུམ་ཕི་ཡིས་ཨ་རིས་ཡུ་ཁི་རན་གྱི་གནད་དོན་དང་འབྲེལ་ཏེ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པ་དེ་ལྷོད་ཡངས་བཏང་སྟེ། ཨ་རི་དང་ཨུ་རུ་སུ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། ཨི་ཛི་རིལ་གྱི་གྲོང་ཁྱེར་ཊིལ་ཨ་ཝེ་ཝ་ (Tel Aviv) ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ཇི་རུ་ས་ལིམ་ (erusalem) ནང་གནས་སྤོར་རྒྱུ་ཡིན་སྐོར་བཤད་པ་ལྟ་བུ་ཡིན་སྐོར་བརྗོད་འདུག

སང་ཉིན་ཨ་རིའི་ཕྱི་ཚེས་ ༢༠ ཉིན་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ཡིས་ལས་འཁུར་དམ་འབུལ་མཛད་སྒོ་ཚོགས་ལ་ཉེ་བ་དང་བསྟུན་ཏེ། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གཙོས་པའི་གྲོང་ཁྱེར་ཁག་ཅིག་ནང་མི་མང་ཚོས་ཊི་རུམ་ཕི་ལ་མི་འདོད་པའི་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་ཡོད་པ་དང་། རྒྱལ་སར་ ” ཟླ་ ༡ ཚེས་ ༢༠ གཏོར་རྒོལ” (DisruptJ20) ཞེས་པའི་ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ། ཊི་རུམ་ཕི་ཡི་ལས་འཁུར་མཛད་སྒོ་ཚོགས་ཡུལ་དུ་སྐྱོད་པའི་གཞུང་ལམ་ཁག་ཏུ་ངོ་རྒོལ་བྱ་འཆར་ཡོད་འདུག ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་མི་མང་ ༩༠༠༠༠༠ ཡས་མས་མཉམ་ཞུགས་ཡོང་བའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཨ་རིའི་གཞུང་ཕྱོགས་ནས་རྒྱལ་ས་ཝ་ཤིན་ཊོན་གྱི་ས་ཚིགས་ཁག་ཏུ་ཉེན་རྟོག་པ་ ༣༠༠༠ དང་། དྲག་ཆས་དམག་མི་ ༥༠༠༠ ལྷག་འགྲེམ་འཇོག་བྱས་ཏེ། སང་ཉིན་གྱི་ཨ་རིའི་སྲིད་འཛིན་དམ་འབུལ་མཛད་སྒོའི་བདེ་འཇགས་སྐྱོང་སྐྱོབ་བྱེད་བཞིན་ཡོད་འདུག

ཐའེ་ཝན་ཕྱི་འབྲེལ་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ཐའེ་ཝན་གྱི་སྲིད་བློན་ཟུར་བ་ཡུ་ཞི་ཁུན་ (Youxi Kun) གྱི་སྣེ་འཁྲིད་འོག་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཐའེ་ཝན་གོ་མན་ཏང་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྐུ་ཞབས་ཊི་རུམ་ཕི་ཡི་ལས་འཁུར་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གཞན། ད་ལྟ་སུད་སིར་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་། རྒྱ་ནག་གི་ཨ་ལེ་པཱ་པཱ་དྲ་ལམ་ཚོང་གཉེར་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་རྗ་ཁི་མཱ་ (Jack ma) ཡིས། ཨ་རྒྱ་གཉིས་བར་ཉོ་འཚོང་གི་དམག་འཁྲུག་འབྱུང་མི་སྲིད་པ་དང་། ཨ་རིའི་སྲིད་འཛིན་འོས་ཐོན་པ་ཊི་རུམ་ཕི་ལ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཐད་བསམ་བློ་གཏོང་བའི་ཆུ་ཚོད་སྤྲད་པ་ཡིན་ན། ཁོ་རང་གི་མཐོང་རྒྱ་ཇེ་ཆེར་འགྲོ་ངེས་ཡིན་པ་དང་། ཨ་རིའི་ནང་སྨྲ་བརྗོད་རང་དབང་ཡོད་སྟབས། ཊི་རུམ་ཕི་ཡིས་ཁོ་རང་གིས་གང་བཤད་འདོད་པ་དེ་བཤད་ཆོག་གི་ཡོད་པ་དང་། ཁོས་ཊི་རུམ་ཕི་ཡི་གཏམ་སྤྱོད་ལ་བསམ་ཤེས་དང་བརྩི་བཀུར་བྱེད་ཀྱིན་ཡོད་ཀྱང་། ཁོ་རང་ལ་ཁོ་རང་གི་ལྟ་ཚུལ་ཡོད་པའི་བསམ་ཚུལ་བཏོན་འདུག

ཡུ་ཁུ་རན་གྱི་སྲིད་འཛིན་ཕའོ་རའོ་ཤཱིན་ཀོ་ (Poroshenko) ཡིས། རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཟུར་དུ་གསར་འགོད་པར། གལ་སྲིད། མ་འོངས་པར་ཨ་རིའི་སྲིད་འཛིན་འོས་ཐོན་པ་ཊི་རུམ་ཕི་གཞུང་གིས་ཨ་རིས་ཨུ་རུ་སུའི་ཐོག་འཛིན་པའི་སྲིད་ཇུས་དེ་མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན། ཨ་རི་དང་ཡུ་ཁུ་རན་གཉིས་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་ངེས་ཡིན་པ་དང་། ཁོ་རང་མི་འགྱངས་བར་སྐུ་ཞབས་ཊི་རུམ་ཕི་ལ་ཐུག་འཕྲད་བྱ་འཆར་ཡོད་པ། ཨུ་རུ་སུའི་དྲ་ལམ་གསང་ཉུལ་གྱི་གནད་དོན་དེ་ཨ་རི་གཅིག་པུ་མིན་པར་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མར་འཕྲད་བཞིན་པའི་དཀའ་རྙོག་ཅིག་ཡིན་སྟབས། འཛམ་གླིང་རྒྱལ་ཁབ་ཚང་མ་མཉམ་འབྲེལ་ཐོག་ཨུ་རུ་སུའི་དྲ་ལམ་གསང་ཉུལ་གྱི་གནད་དོན་ལ་གདོང་ལེན་བྱེད་དགོས་པ་དང་། བྱང་ཆིངས་སྒྲིག་འཛུགས་ (NATO) ཀྱིས་ཚོགས་མིའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་འགན་འཁུར་དགོས་སྟབས། ཡུ་ཁུ་རན་ནང་གི་ཨུ་རུ་སུའི་ཟིང་འཁྲུག་གི་གནད་དོན་ཐག་གཅོད་ཐུབ་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༤ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༡ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 1

  1. དགུ་ཚིགས་ཕོ་ཉ says:
    ལོ་ 9 སྔོན།

    ཨོམ་པད་མའི་མི་ལོ་བརྒྱད་དེ་རྒྱ་ནག་གི་གོ་སྐབས་ཤིག་ཏུ་གྱུར་ཡོད་པ་དང་། ཨ་རི་ནི་སྔོན་ཆད་ཀྱི་ཨ་རི་དང་འདྲ་བར་རྒྱ་ནག་སོགས་རྒྱལ་ཁབ་གཞན་དག་མང་བོས་དེ་ཙམ་གྱིས་ཐེབས་རྒྱག་གིན་མེད་ལ་རྒྱ་ནག་ནི་དེ་ལས་ལྡོག་དེ་སྔོན་ཆད་ལས་ཀྱང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྐང་བརྐྱངས་ལག་བརྐྱངས་ཀྱིས་ཨ་རིའི་ཅི་བཤད་ལ་སྣང་འཇོག་ཙམ་ཡང་མི་བྱེད་པ་མ་ཟད་མཚམས་ལན་རེར་ཨ་རི་ལ་ཁ་རྡུང་གཏོང་ཤུགས་ཆེ་རུ་སོང་ཡོད། སྲིད་འཛིན་གསར་པ་་གྱི་སྲིད་ཇུས་འཛིན་སྟངས་འདི་སྔོན་ཆད་ཀྱི་ཡབ་མེས་ཨ་རི་བའི་ཀུན་སྤྱོད་དང་འདྲ་བར་རང་ཚུགས་བརྟན་པོ་སྒོས་བཙན་པོ་གཉའ་ནས་མནོན་ཞིང་ཉམ་ཐག་མཐའ་ནས་སྐྱོང་མཁན་ཞིག་ཡིན་པ་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese