མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ལ་ཡོད་པའི་བོད་རིགས་མཐོ་རིམ་སློབ་མ་དང་ཞིབ་འཇུག་པ་ཁག་ཅིག་གི་ཡོངས་གྲགས་གཏོང་ཡིག

བོད་ཀྱི་དུས་བབ།
༢༠༡༧/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་དེ་རིང་ཡོངས་གྲགས་གཏོང་ཡིག་འདི། ཉེ་སྔོན་རྡ་རམ་ས་ལར་བོད་ཀྱི་རྩ་དོན་གླིང་སྐད་འཕྲིན་ཚོགས་པ་དང་རྡ་ས་ས་གནས་མདོ་སྨད་རྒྱུན་ལས་གཉིས་ནས་མིང་རྟགས་བསྡུ་རུབ་ཀྱིས། འདི་སྔོན་ཀླུ་མཁར་བྱམས་ཀྱིས་བོད་རིག་པའི་ཞིབ་འཇུག་པ་སྐུ་ཞབས་(Elliot Sperling)ལ་སྙན་ངག་ཅིག་(མྱ་ངན་ཞུ་ཚིག) བྲིས་པའི་ནང་༧གོང་ས་མཆོག་ལ་དགོས་མིན་གྱི་གནས་ཚུལ་སྤེལ་བར་ ( ཁོང་གིས་སྙན་ངག་ནང་༧གོང་ས་མཆོག་ལ་དགོས་མིན་གྱི་གནས་ཚུལ་སྤེལ་བར་ང་ཚོས་ཀྱང་བློ་འགྱོད་བྱེད་ཀྱིན་ཡོད།) གཞི་རྩར་བཞག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཕྱིར་འབུད་དང་མིང་ངན་བཟོ་ཐབས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་སེམས་འཚབ་ཆེན་པོས་རེ་སྐུལ་ཞུ་ཡིག་འདི་འབྲི་བཞིན་ཡོད། ཉེ་ཆར་ཁོང་གིས་རང་གི་སྙན་ངག་དང་འབྲེལ་བའི་ཐོག་གསལ་བཤད་བརྙན་ཐུང་ཞིག་སྤེལ་བར་ཁོང་གིས་“མྱ་ངན་ཞུ་ཚིག་(སྙན་ངག) དེ་རྩོམ་རིག་དང་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་བལྟ་དགོས་པ་ལས་ཆབ་སྲིད་དང་འབྲེལ་བ་མེད།” ཅེས་བརྗོད་ན་ཡང་། ང་ཚོས་བསམ་པར་སྒྱུ་རྩལ་གང་ཞིག་རྒྱུ་རྐྱེན་གང་ཡང་མེད་པར་རང་བཞིན་གྱིས་གྲུབ་པ་དེ་འདྲ་གང་ཡང་མེད་པས། ཁོས་གང་བཤད་པ་རྣམས་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་སེམས་ཚོར་བྱུང་ཡོད་པར་ང་ཚོས་ཀྱང་ཁས་ལེན་བྱེད་བཞིན་ཡོད།

འོན་ཀྱང་གོང་དུ་ཚོགས་པ་གཉིས་ཀྱིས་ཁོང་བོད་མི་རིགས་ཀྱི་དགྲ་བོ་དང་། ཁོའི་ལྟ་བ་དང་ཀུན་སྤྱོད་རྣམས་རྒྱ་ནག་དམར་པོའི་གཞུང་གི་བྱེད་སྟངས་དང་གཅིག་མཚུངས་ཀྱི་ངོས་འཛིན་དང་ཐག་གཅོད་བྱས་ནས་སྐྱིད་སྡུག་འདྲ་མིན་འབོད་འགུག་གིས། ཁོང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གྲལ་ནས་འཕུད་ཐབས་བྱེད་པའི་འབྲས་བུར་འབྲེལ་ཡོད་ནང་མི་ཚོར་ཡང་ཕོག་ཐུག་བཟོས་པར། ང་ཚོས་བྱེད་སྟངས་འདི་རིགས་འགྲོ་བ་མིའི་ཀུན་སྤྱོད་དང་འགལ་བའི་དྲང་སྙོམ་མེད་པའི་ལས་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་བསམ་ན། བྱ་སྤྱོད་འདི་རིགས་ཀྱིས་མང་གཙོའི་ལམ་ལུགས་ལྡན་པའི་སྤྱི་ཚོགས་ཤིག་གི་དགོངས་དོན་དང་འགལ་འགྲོ་གིན་འདུག་ལ། བོད་མི་རིགས་ཀྱི་རྡོག་རྩ་གཅིག་སྒྲིལ་ལ་ཡང་གནོད་ཚབས་ཆེན་སྐྱེལ་ངེས་ཡིན། ཆེ་ས་ནས་བཤད་ན། ༧གོང་ས་མཆོག་གི་བོད་མི་རིགས་འདི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་མུ་མཐུད་འཛུགས་བསྐྲུན་བྱ་རྒྱུ་དགོངས་འཆར་དང་འགལ་འགྲོ་གིན་ཡོད། རྒྱུ་མཚན་ནི། ད་ལྟ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་༧གོང་ས་མཆོག་ལ་དབུ་འཁྲིད་གཞན་ལས་ལྷག་པའི་གུས་བརྩི་དང་བོད་ཙམ་མ་ཡིན་པར་འཛམ་གླིང་གྱི་དབུ་འཁྲིད་ཅིག་ལ་ངོས་འཛིན་བྱེད་པ་འདི། ཁོང་གི་ཞི་བདེ་དང་བཟོད་བསྲན། ད་དུང་མི་ཚང་མར་ཆོས་ལུགས་དང་བསམ་ཚུལ་འདྲ་མིན་འཛིན་ཆོག་པའི་གུ་ཡངས་ཀྱི་ལྟ་གྲུབ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། གོང་དུ་ཚོགས་པ་གཉིས་ཀྱི་ལས་སྟངས་འདི་རིགས་ཀྱིས། ༧གོང་ས་མཆོག་གི་རྒྱལ་སྤྱིའི་རང་བཞིན་གྱི་སྣང་བརྙན་དེར་ཏན་ཏན་གནོད་སྐྱེལ་ངེས་ཡིན།

མང་གཙོའི་རྩ་བ་ཚུགས་པའི་སྒྲིག་འཛུགས་ཤིག་གི་ནང་དུ། སྨྲ་བརྗོད་རང་དབང་ལ་མཐའ་མཚམས་ཡོད་མེད་དང་འགན་འཁུར་གང་འདྲ་ཞིག་འཁུར་དགོས་ཡོད་མིན་གྱི་རྩོད་གླེང་དེ། ཚུལ་དང་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་བསམ་གཞིག་གོ་བསྡུར་གྱི་ལམ་ནས་གྲོས་བསྡུར་བྱེད་དགོས་པ་ལས། འདི་ལྟར་མི་སྒེར་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་ཐབས་ཀྱི་ལམ་ནས་ཐག་གཅོད་བྱེད་ན་འགྲིག་ཐབས་མེད་པ་དང་། སྤྱིའི་ཆ་ནས་ང་ཚོར་བསམ་ཚུལ་འདྲ་མིན་འཛིན་ཆོག་པའི་ཁོར་ཡུག་ཅིག་ཡོད་པ་འདི་ཡང་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཤིག་མཚོན་གྱིན་ཡོད། མཐའ་མ་དེར། བཙན་བྱོལ་ལ་ཡོད་པའི་བོད་མིའི་མང་གཙོའི་སྒྲིག་འཛུགས་འདིར་སྐྱེད་སྤེལ་གྱི་ནུས་སྟོབས་ཤིག་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཕན་ཚུན་གྲོས་བསྡུར་དང་དགག་བཞག སྐྱོན་བརྗོད་རང་དབང་སོགས་ཀྱི་སྒོ་ནས་ང་ཚོའི་མང་གཙོ་དེ་ཡང་དག་པ་ཞིག་ལ་འགྱུར་ཐུབ། གལ་ཏེ་འདི་ལྟར་མ་ཡིན་པར་རང་སྣང་གང་དྲན་གྱིས་མང་ཚོགས་ཀྱི་གཏན་ཚིགས་དང་བགྲོ་གླེང་ལ་རྡོག་རོལ། ཐ་ན་བསམ་ཚུལ་མི་མཐུན་པ་ཅི་རིགས་ལ་ཡང་རྡོག་རོལ་གཏོང་ཐབས་ཀྱི་བྱ་སྤྱོད་འདི་རིགས་ཀྱིས།

ང་ཚོའི་མང་གཙོའི་ལམ་ལུགས་ལྡན་པའི་བོད་རྒྱལ་ཁབ་ཀྱི་གཞི་རྩའི་འཕེལ་རིམ་ལ་གནོད་ཚབས་ཆེན་སྐྱེལ་ངེས་ཡིན། ང་ཚོས་ཡོངས་གྲགས་གཏོང་ཡིག་འདི་བྲིས་དགོས་པའི་རྒྱུ་མཚན་ཡང་ཀླུ་མཁར་བྱམས་གཅིག་པུ་ལ་གནས་ཚུལ་དེ་འདྲ་བྱུང་ནས་བྲིས་པ་ཙམ་ཞིག་མ་ཡིན་པར་ (འོན་ཀྱང་ཀླུ་མཁར་བྱམས་ཀྱི་གནས་ཚུལ་དེ་ཆུང་ཆུང་རེད་ཅེས་བརྗོད་ཀྱིན་མེད།) བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་མང་གཙོའི་ཐོབ་ཐང་དང་༧གོང་ས་མཆོག་གི་རྒྱལ་སྤྱིའི་སྣང་བརྙན་ལ་འགན་འཁུར་གྱི་འདུ་ཤེས་ཤིག་ཚོར་ནས་བྲིས་པ་ཞིག་ཡིན། ང་ཚོས་མཐའ་མ་དེར་བོད་རྒྱ་ཆེའིམང་ཚོགས་དང་། ལྷག་པར་དུ་སྤྱི་ཚོགས་ཀྱི་གནས་འབབ་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཞིབ་འཇུག་པ་དང་མཁས་དབང་། ད་དུང་སློབ་ཕྲུག་རྣམས་ཕན་ཚུན་བགྲོ་གླེང་གི་ལམ་ནས་མང་གཙོའི་ཐོབ་ཐང་སྲུང་སྐྱོབ་ཐུབ་པར་གང་མང་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས། རྒྱུ་མཚན་ནི། ༧གོང་ས་མཆོག་གི་གསུང་རྩོམ་ནང་ “ མང་གཙོ་ནི། གཞུང་གི་སྒྲིག་འཛུགས་ཙམ་ཞིག་མ་ཡིན་པར། དོན་ངོ་མའི་རང་དབང་དང་མི་བུ་སྒེར་གྱི་ནུས་སྟོབས་གོང་འཕེལ་གཏོང་ཐུབ་མིན་ལ་རག་ལས་ཡོད། ”ཅེས་གསུངས་ཡོད།

མིང་དང་སྡོད་གནས། (དབྱིན་ཡིག་གི་གསལ་བྱེད་གཞིར་བཟུང་མིང་བསྒྲིགས་པ་ཡིན།)

ཟླ་བ་ལོ་རྒྱས་ཚང་། (University of Colorado Boulder, U.S)
དགེ་འདུན་རྒྱ་མཚོ། (Jawaharlal Nehru University, India)
དོན་གྲུབ་ཚེ་རིང་། (Delhi University alumnus, Australia)
འཇམ་དབྱངས་ཕུན་ཚོགས། (Pennsylvania State University, U.S)
འཇིག་མེད་ཡེ་ཤེས། (Assistant Professor, University of Calcutta, India)
བློ་བཟང་སྐྱིད་འཛོམས། (University of Bangalore, India)
བློ་བཟང་བསྟན་འཛིན། (Banaras Hindu University, India)
མིག་དམར་སྒྲོལ་མ། (University of Geneva, Switzerland)
ནོར་འཛིན་ལྷ་མོ། (University of Zurich alumna, Switzerland)
ཉི་མ་རྡོ་རྗེ། (Delhi University alumnus, India)
དཔལ་ལྡན་བསོད་ནམས། (SOAS, U.K, U.K)
ཕུན་ཚོགས་དོན་གྲུབ། (University Westminster, U.K)
ཕུན་ཚོགས་ཆོས་འཕེལ། (Jawaharlal Nehru University, India)
ཤེས་རབ་ཆོས་འཕེལ། (Banaras Hindu University, India)
བསོད་ནམས་རྒྱ་མཚོ། (Banaras Hindu University, India)
བཀྲ་ཤིས་ཕུན་ཚོགས། (Assistant Professor, University of Calcutta, India)
ཚེ་རིང་ཆོས་སྒྲོན། (Emory University alumna, India)
ཚེ་རིང་རྒྱལ་པོ། (Jawaharlal Nehru University, India)
བསྟན་འཛིན་ཤཀྱཱ། (Katholieke Universiteit Leuven, Belgium)
བསྟན་འཛིན་མཚོ་མོ། (Former Editor, Times of India, U.S.)
བསྟན་འཛིན་འོད་ཟེར་ (Central University of Gandhi Nagar, India)
བསྟན་འཛིན་བདེ་ཆེན། གཡུང་དྲུང་། (University of Zurich, Switzerland)
འཕྲིན་ལས་དབང་ཕྱུག (Jawaharlal Nehru University alumnus, India)
འཕྲིན་ལས་འོད་ཟེར། (Banaras Hindu University, India)
ཨོ་རྒྱན་ཆོས་གྲུབ། (Jawaharlal Nehru University, India)
ཛ་འཕྲིན་ལས་རྒྱ་མཚོ། (Jawaharlal Nehru University, India)

མཆན། གོང་གི་གཏོང་ཡིག་དེ་མ་ཡིག་དབྱིན་ཡིག་ལས་བོད་བསྒྱུར་ཞུས་པ་ཞིག་ཡིན་པ་དང་། མ་ཡིག་ལ་གཟིགས་འདོད་ཡོད་རིགས་ཚོས་དྲ་ཐག་འདིར་གནོན་རོགས། 

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese