མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་གནོད་གཞིའི་བཀའ་མོལ་རིགས་མ་གནང་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ། ༸གོང་ས་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་འཆར་ཡོད་པ་དེར་ཨ་སམ་གྱི་འཇིགས་སྐུལ་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། ༸གོང་ས་མཆོག་ཏཱ་ལའི་བླ་མ་ས་གནས་དེ་ཁུལ་དུ་ཕེབས་སྐབས་རྒྱ་ནག་ལ་གནོད་གཞིའི་བཀའ་མོལ་རིགས་མི་གནང་རྒྱུའི་རེ་སྐུལ་ཞུས་པ་དང་། ཨ་སམ་མངའ་སྡེའི་གཞུང་གིས་༧གོང་ས་མཆོག་གི་བདེ་འཇགས་ཉེན་སྲུང་ཚད་མཐོ་བོ་གྲ་སྒྲིག་གནང་ཡོད་འདུག

ཕྱི་ཟླ་ ༤ ཚེས་ཤར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཤར་ཨ་སམ་(Assam)དང་ཨ་རུ་ནཱ་ཅཱལ་(Arunachal)མངའ་སྡེ་གཉིས་ནང་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་སམ་མངའ་སྡེར་ཆིབས་སྒྱུར་བསྐྱངས་ཏེ། མངའ་སྡེའི་རྒྱལ་ས་གྷུ་བ་ཊེ་(Guwahati)ནང་སྤྱི་སྒེར་གྱི་ཚོགས་པ་ཁ་ཤས་ལ་གཟིགས་སྐོར་དང་བཀའ་སློབ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢ ཉིན་གྷུ་བ་ཊེའི་འཕྲུལ་ལས་རིག་པའི་མཐོ་སློབ་(IIT)ཞེས་པར་ཕེབས་ཏེ། ཁོང་གི་མཛད་རྣམ་ ༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།༽ཞེས་པ་ཨ་སམ་སྐད་ཡིག་ཐོག་བསྒྱུར་ཡོད་པ་དེ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། མངའ་སྡེའི་གཞུང་གི་གོ་སྒྲིག་བྱེད་བཞིན་པའི་ (Namami Brahmaputra ཡར་ཀླུང་གཙང་པོ་ལ་ཕྱག་འཚལ་ལོའམ། ཚངས་པའི་སྲས་ལ་ཕྱག་འཚལ་ལོ།)ཞེས་པའི་དུས་སྟོན་སྟེང་ཕེབས་རྒྱུ་ཡིན་འདུག

ཕྱི་ཚེས་ ༣ ཉིན་མཐོ་སློབ་(Dibrugarh Universituy)ཞེས་པའི་སློབ་མ་རྣམས་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག ཨ་སམ་ཁུལ་གྱི་ཉིན་གསུམ་རིང་གི་མཛད་འཕྲིན་གྲུབ་རྗེས་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཕེབས་ཏེ། རྟ་དབང་དགོན་པ་དང་འབུམ་སྡེ་ལ་ས་གནས་སོགས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༨ ཉིན་ཨ་སམ་མངའ་སྡེ་ནང་ཡོད་པའི་འཇིགས་སྐུལ་རུ་ཚོགས་ཨཱུལ་ཕཱ་(UlFA-I)ཞེས་པ་ཡིས་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཤར་ཕྱོགས་སུ་ཕེབས་སྐབས་རྒྱ་ནག་ལ་ཕོག་ཐུག་འགྲོ་གཞིའི་བཀའ་མོལ་རིགས་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་པ་གསར་ལམ་ཁག་ཏུ་ཐོན་ཡོད་པ་དང་། ཡི་གེ་དེའི་ནང་འཇིགས་སྐུལ་རུ་ཚོགས་དེའི་མགོ་ཁྲིད་ཨཱ་བྷི་ཇཱིཊ་ཨཱ་སཱོམ་(Abhijeet Asom)ཟེར་བ་དེས། “གལ་སྲིད་སྐུ་ཉིད་ཨ་སམ་ནང་གཟིགས་སྐོར་གནང་འདུན་ཡོད་ན་ང་ཚོ་ལ་ཆ་རྐྱེན་དམིགས་བསལ་བ་ཞིག་ཡོད་པ་ནི། སྐུ་ཉིད་ཀྱིས་ཨ་སམ་ས་ཐོག་ནས་ཚོགས་སྒེར་སུ་ལའང་རྒྱ་ནག་གི་འགལ་ཟླར་འགྱུར་བའི་བཀའ་མོལ་རིགས་གནང་མི་ཆོག” ཅེས་དང་། “རྒྱ་ནག་དང་ཨ་སམ་གཉིས་ནི་འབྲེལ་འདྲིས་ཆེ་བའི་ཁྱིམ་མཚེས་ཡིན་ལ། ང་ཚོའི་བར་ལ་ཡུན་རིང་པོ་ནས་སྐད་ཡིག་དང་རིག་གཞུང་གི་འབྲེལ་བ་ཟབ་མོ་ཡོད་སྟབས། སྐུ་ཉིད་ནས་ཨ་སམ་ས་ཐོག་ཏུ་རྒྱ་གར་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐོག་སྐད་ཆ་བཤད་ན་ང་ཚོས་བཟོད་བསྲན་བྱེད་ཐུབ་མེད།” ཅེས་སོགས་འཁོད་ཡོད་འདུག

ད་དུང་ཡི་གེ་དེའི་ནང་མུ་མཐུད་དུ། བོད་ཀྱི་ལྷོ་ཕྱོགས་ཨ་རུ་ནཱ་ཅཱལ་ནི་རྒྱ་གར་གཞུང་གིས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བཀག་འགོག་བྱེད་མིན་ལ་མ་ལྟོས་པར་༸གོང་ས་ཏཱ་ལའི་བླ་མ་མོན་རྟ་དབང་ལ་ཕེབས་རྒྱུའི་ཐུགས་ཐག་བཅད་པ་དེ་ནི་ཧ་ཅང་མི་འོས་པ་ཞིག་ཡིན་པ་དང་། གལ་སྲིད་རྒྱ་ནག་ཁོང་ཁྲོ་ལང་ན་རྒྱ་དཀར་ནག་བར་དམག་འཁྲུག་ལང་རྒྱུ་ལས་འོས་མེད་སྐོར་སོགས་འཁོད་ཡོད་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་འཆར་ཡོད་པ་དེར། ཉེ་ལམ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་། རྒྱ་གར་གཞུང་གིས་༸གོང་ས་ཏཱ་ལའི་བླ་མཆོག་ཕྱི་ཚེས་ ༡ ཉིན་ནས་རྒྱ་གར་བྱང་ཤར་དུ་ཕེབས་ཆོག་པའི་ཆོག་མཆན་གནང་ཡོད། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཨ་སམ་འཇིགས་སྐུལ་ཚོགས་པའི་ཡི་གེ་དེའི་ཐད། ཨ་སམ་འཇིགས་སྐུལ་རུ་ཚོགས་ཀྱི་མགོ་ཁྲིད་པྲ་རེཥ་བྷ་རཱུ་ཨཱ་(Paresh Barua)ད་ལྟ་རྒྱ་ནག་ཏུ་ཡོད་པ་དང་། ཡི་གེ་དེའི་ནང་དོན་རྣམས་ཁོ་རང་སྡོད་ཡུལ་རྒྱ་ནག་གི་འདོད་འདུན་ལྟར་བྲིས་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

ཨ་སམ་མངའ་སྡེ་གཞུང་གིས་ད་རེབ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་སམ་གྱི་ས་ཕྱོགས་གང་དུ་ཕེབས་འཆར་ཡོད་པ་དེ་དག་ནང་། འཇིགས་སྐུལ་རུ་ཚོགས་ཨཱུལ་ཕཱེ་ཡི་རྙོག་གྲ་མི་ཡོང་བའི་ཆེད་དུ་བདེ་འཇགས་དམག་མི་གྲ་སྒྲིག་ལེགས་པར་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese