མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ་བོད་མིའི་བདེན་རྒྱབ་ཏུ་ལངས་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གནད་ཡོད་མི་སྣར་ཐུག་འཕྲད་བྱས་ཏེ་བོད་དོན་སྐོར་ལ་རྒྱུས་ལོན་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་མུ་མཐུད་བོད་སྐད་ཡིག་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། དྷ་ས་ཆོས་ནོར་འགྲོན་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསལ་བསྒྲགས་ཐོག་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཁི་ལི་མིན་ཊི་ (Jennifer Clement) ལགས་ཀྱིས། ཁོང་མོ་དྷ་སར་ཡོང་དོན་གཙོ་བོ་དེ་བོད་དོན་སྐོར་ལ་ཉམས་ཞིབ་དང་རྒྱུས་ལོན་བྱེད་ཆེད་ཡིན་པ་དང་། མི་འགྱང་བར་གྲོང་ཁྱེར་ལོན་ཌོན་ནང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་བཙུགས་ཏེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་འཆར་ཡོད་པ་དང་། རྩ་བའི་ཆ་ནས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་མི་མང་གི་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་གཙིགས་སུ་བཟུང་སྟེ། འཛམ་གླིང་ཁྱོན་ཡོངས་ཀྱི་རྩོམ་པ་པོ་དང་སྨྲ་བརྗོད་རང་དབང་དོན་གཉེར་བ། ལྷག་པར་དུ་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་རྣམས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ལས་འགུལ་དེ་ནི་ཁོ་ཚོས་ད་ལྟའི་བར་ཧ་ལམ་ལོ་ངོ་བརྒྱ་ལྷག་རིང་རྒྱུན་འཁྱོངས་གནང་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

ཁོང་མོས་མུ་མཐུད་དུ་བརྗོད་པར། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་ཏེ་ལོ་མང་ཕྱིན་ཡོད་སྟབས། ད་ལན་ཁོ་ཚོ་འདི་ག་བཞུགས་སྒར་ཁུལ་དུ་ཡོང་སྟེ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་དང་ཚོགས་མིར་ཐུག་འཕྲད་བྱ་རྒྱུ་ཡིན་པ་མ་ཟད། བོད་ནང་གི་བོད་སྐད་ཡིག་དང་རྩོམ་འབྲིའི་རང་དབང་གི་གནད་དོན་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་དོན་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་སྟབས། ཁོ་ཚོ་བཙན་བྱོལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་གནད་དོན་དེའི་ཐོག་རྒྱུས་ལོན་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

དབྱིན་ཡུལ་གྱི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཊོར་ནིར་ (Carles Torner) ལགས་ཀྱིས། ཁ་སང་ཁོང་གཉིས་༧གོང་ས་རྒྱལ་བ་རིན་པོ་མཆོག་དང་རྒྱལ་བ་ཀརྨ་མཆོག་གཉིས་གཙོས་པའི་བཙན་བྱོལ་ནང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་གནད་དོན་གསུམ་གྱི་ཐོག་ཉམས་ཞིབ་དང་རྒྱུས་ལོན་བྱས་ཡོད་པ་དང་། གནད་དོན་དང་པོ་དེ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་བརྒྱུད་བོད་ནང་གི་རྩོམ་འབྲིའི་རང་དབང་དང་པར་སྐྲུན་རང་དབང་སྐོར་དང་། གནད་དོན་གཉིས་པ་དེ་རྒྱ་ནག་གི་བཙོན་འོག་ཏུ་ཚུད་པའི་བོད་ནང་གི་རྩོམ་པ་པོ་ ༢༢ ལྷག་དང་ཁོ་ཚོའི་དངོས་ཡོད་གནས་སྟངས་སྐོར་གྱི་སྙན་ཐོ་ཁག གནད་དོན་གསུམ་པ་དེ་བོད་སྐད་ཡིག་རང་དབང་དང་སྨྲ་བརྗོད་རང་དབང་སྐོར་གྱི་དངོས་ཡོད་གནས་ཚུལ་དང་སྙན་ཐོ་ཁག་བཅས་ཡིན་པ་དང་། གནད་དོན་དེ་དག་ནི་བོད་མི་ཙམ་མ་ཟད་རྒྱལ་སྤྱི་རང་བཞིན་གྱི་དཀའ་རྙོག་ཅིག་ཆགས་ཡོད་པ་དང་། ད་ཆར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནང་འཛམ་གླིང་རྒྱལ་ཁབ་ ༡༠༠ ལྷག་ཡོད་པ་དང་། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་སྒྲིག་འཛུགས་ཁག་བཅས་ཀྱིས་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀོད་པའི་སྙན་ཐོ་དང་ཞི་གཏུག་བཅས་ལ་དོ་སྣང་ཤུགས་ཆེན་པོ་བྱེད་གྱི་ཡོད་སྐོར་སོགས་བརྗོད་སོང་།

དྷ་རམ་ས་ལའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤར་བློ་གྲོས་ལགས་ཀྱིས་ངོ་སྤྲོད་གནང་བར། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་གཉིས་ཕེབས་དོན་གཙོ་བོ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འདས་པའི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ནང་བོད་ཕྱི་ནང་གི་བོད་མི་ཚོའི་གནས་སྟངས་ལ་རྟོག་ཞིབ་དང་། ལྷག་པར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུ་བཅས་ཡིན་པ་དང་། ཉིས་སྟོང་བརྒྱད་དགུའི་རྗེས་ནས་དམིགས་བསལ་བོད་རིགས་རྩོམ་པ་པོ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། ཟླ་སྔོན་མ་ནས་བོད་ནང་དུ་སྐད་ཡིག་རང་དབང་གི་དཀའ་ངལ་འཕྲད་ཡོད་སྟབས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནང་བོད་པའི་དཀའ་རྙོག་སྤྱི་དང་དེའི་རྒྱབ་ལྗོངས། བཙན་བྱོལ་མི་མང་དང་བོད་མིའི་སྒྲིག་འཛུགས། བོད་སྐད་ཡིག་རིག་གཞུང་། བོད་དོན་ལངས་ཕྱོགས། དེ་བཞིན། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི་ཁག་བཅས་ངོ་སྤྲོད་ཞུས་པ་ཡིན་སྐོར་སོགས་བརྗོད་བྱུང་།

སྤྱིར་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩ་བའི་དམིགས་ཡུལ་འཛམ་གླིང་སྟེང་རྒྱལ་མཚམས་མེད་པ་དང་། རིགས་རུས་དབྱེ་འབྱེད་མེད་པར་མིའི་རིགས་ཀྱི་རྩོམ་རིག་དང་མིའི་རིགས་ཀྱི་སྐད་ཡིག མིའི་རིགས་ཀྱི་རང་དབང་ཐོབ་ཐང་བཅས་འདྲ་མཉམ་ཡོང་རྒྱུ་དེ་ཡིན་པ་དང་། འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཆེད་དུ་བཙུགས་ཏེ་སྔོན་མའི་རྒྱལ་རྒྱུད་ལམ་ལུགས་དང་བཙན་རྒྱལ་ལམ་ལུགས། དབྱེ་འབྱེད་ལམ་ལུགས། དེ་བཞིན་མི་རིགས་ཀྱི་གཙོ་ཕལ་དང་མང་ཉུང་། མཐོ་དམའ་དགར་བ་བཅས་ཀྱི་ཁ་གཏད་ལངས་ཏེ། མིའི་རིགས་ཀྱི་རང་དབང་དང་ཆེ་མཐོང་། མིའི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ད་ལན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་གི་གཞི་རྩའི་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་དང་ཁོར་ཡུག་གི་གནད་དོན་ཐོག་དམིགས་བསལ་རྒྱབ་སྐྱོར་གནང་གི་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

མཆན། 1

  1. འབྲོག་གཅེར་བུ། says:
    ལོ་ 9 སྔོན།

    རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ་ཞེས་ན་དག་དག་ཅིག་མ་རེད་བསམ་གྱི་འདུག།
    (Pen)ཞེས་པའི་ཚིག་འདི་ད་ལྟ་སྨྱུ་གུ་ལ་གོ་ཡི་ཡོད་པ་མ་རེད།
    འདི་བསྡུས་ཚིག་ཁྱད་ཆོས་ཅན་ཞིག་རེད། དབྱིན་སྐད་ཀྱི་སྙན་ངག་དང་ལྷུག་རྩོམ།
    ལེགས་གཤད་སོགས་ཀྱི་བསྡུས་མིང་ཞིག་ལ་གོ་དགོས་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese