མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུཊ་ཀྱི་གསར་བསྐོས་དྲུང་ཆེ་ལྔ།

བོད་ཀྱི་དུས་བབ།
༢༠༡༧/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་བཞི་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་སུ་དྲུང་ཆེ་ལྔ་བསྐོ་བཞག་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་འཆི་མེད་རིག་འཛིན་ལགས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༦༠ ལོར་པདྨ་བཀོད་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ལོར་རྡོར་གླིང་བོད་གཞུང་དབུས་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༨༧ ལོར་ BA ཐོན། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དྲུང་གཞོན་གྱི་གནས་རིམ་ཐོག་ལས་ཞུགས་ཀྱིས་བཀའ་ཡིག་དྲུང་གཞོན་དང་། སྦིར་བོད་ཚོགས་བཟོ་གཞིས་དང་མན་སྤར་ཕན་བདེ་གླིང་། སྦེལ་ཀོབ་བཅས་སུ་ས་གནས་མགོ་འཛིན་གནང་། ཕྱི་ལོ་ ༢༠༠༦ ནས་ ༢༠༡༢ བར་ནང་སྲིད་ལས་ཁུངས་སུ་ཟུང་དྲུང་དང་དྲུང་འཕར་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༦ ཟླ་བཞི་པ་ནས་བདུན་པ་བར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་གནང་། དེ་ནས་ཡང་བསྐྱར་ནང་སྲིད་དུ་གནས་སྤོས་ཀྱིས་ནང་སྲིད་དྲུང་ཚབ་གནང་ཡོད་པ་རེད།

ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་བསྟན་འཛིན་ལུང་རྟོགས་ལགས་ཆོས་རིག་དྲུང་ཆེར་བསྐོ་བཞག་གནང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་དྲུང་ཆེའི་ལས་འཁུར་དངོས་སུ་ཞུ་རྒྱུ་ཡིན་པ་རེད། ཁོང་ནི་ཕྱི་ལོ་ ༡༩༦༩ ལོར་མོན་གྷོ་འདོད་རྒུ་གླིང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༠ ལོར་སྦེལ་ཀོབ་དབུས་བོད་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༩༣ ལོར་ཅན་དྷི་སྒར་མཐོ་སློབ་ནས་ BA ཐོན། ཕྱི་ལོ་ ༡༩༩༥ ལོར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལས་ཞུགས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་དང་། ཕྱི་ལོ་ ༡༩༩༦ ནས་༢༠༠༢ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་དང་དྲུང་གཞོན་བཅས་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༥ ནས་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༡ ནས་སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན་གནང་།  ཕྱི་ལོ་ ༢༠༠༤ ལོར་ཡང་བསྐྱར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོས།  ཕྱི་ལོ་ ༢༠༠༤ ཟླ་ ༧ ཚེས་ ༡༢ ནས་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན་དང་། ཕྱི་ལོ་ ༢༠༠༤ ནས་༢༠༠༥ ལོ་བར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དང་ཟུང་དྲུང་གནང་། ཕྱི་ལོ་ ༢༠༠༦ ལོ་ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དང་། ཕྱི་ལོ་ ༢༠༠༨ ནས་༢༠༡༢ ལོ་བར་འོས་བསྡུ་ལས་ཁུངས་ཀྱི་ཟུང་དྲུང་དང་དྲུང་འཕར་གནང་། ཕྱི་ལོ་ ༢༠༡༦ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་བཞག་གནང་། 

ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་ཀརྨ་སེང་གེ་ལགས་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༧༠ ཟླ་ ༡ ཚེས་ ༢༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༩ ལོར་རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༩༣ ལོར་ཅན་དྷི་སྒར་མཐོ་སློབ་ནས་ BA ཐོན། ཕྱི་ལོ་ ༡༩༩༥ ལོ་ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལས་ཞུགས་གནང་སྟེ། ལ་དྭགས་མཉམ་འབྲེལ་གྱི་རྩིས་པ་དང་ལ་བྱང་མཉམ་དྲུང་དུ་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༨ ནས་༡༩༩༩ བར་སྤོན་ཊ་ཆོལ་གསུམ་གྱི་ས་གནས་མགོ་འཛིན་གནང་། ཕྱི་ལོ་ ༡༩༩༩ ལོར་ལ་དྭགས་གཞིས་སྤྱིའི་ལས་འགན་དུ་བསྐོས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་མགོ་འཛིན་དང་ལྷོ་སྤྱིར་བསྐོས། ཕྱི་ལོ་ ༢༠༡༥ ནས་ཤེས་རིག་ནང་གནས་སྤོས་ཀྱིས་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡ ནས་ཤེས་རིག་དྲུང་ཚབ་ཏུ་བསྐོ་བཞག་གནང་།

བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་ཀརྨ་རིན་ཆེན་ལགས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་བཟུང་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་དང་། ཁོང་ཕྱི་ལོ་ ༡༩༧༢ ཟླ་ ༢ ཚེས་ ༧ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༡ ལོར་སིམ་ལ་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༩༤ ལོར་ཅན་དྷི་སྒར་མཐོ་སློབ་ནས་ BA ཐོན། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༩ ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལས་ཞུགས་གནང་སྟེ། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༨ ནས་བདེ་སྲུང་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༥ ནས་དྲུང་གཞོན་དུ་གནས་སྤར་བ་དང་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༩ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༥ ནས་བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ནས་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་བཞག་གནང་།

དབུས་འོས་བསྡུ་ལས་ཁང་གི་དྲུང་འཕར་དང་ལས་བྱེད་འདེམས་ལྷན་གྱི་དྲུང་ཚབ་གཅིག་ལྕོགས་རུ་ཐོག་འཇིགས་མེད་ཚེ་རིང་ལགས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་བཟུང་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༣༡ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཐོག་གློག་ཀླད་ལས་གཞི་ཁག་དང་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༢ ལོར་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་བཟུང་ད་ལྟའི་བར་དབུས་འོས་བསྡུ་ལས་ཁང་གི་དྲུང་འཕར་དང་འདེམས་ལྷན་གྱི་དྲུང་ཚབ་གཅིག་ལྕོགས་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist