མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ཨ་རི་ནས་རང་དབང་གི་མཁའ་དབུགས་རྔུབ་ཐུབ་སོང་།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་སློབ་ཕྲུག་ཅིག་གིས་ཨ་རི་ནས་སློབ་མཐར་ཕྱིན་པའི་མཛད་སྒོའི་སྟེང་རྒྱ་ནག་གི་མཁའ་དབུགས་འབག་བཙོག་དང་མི་མང་ལ་རང་དབང་མེད་སྐོར་གཏམ་བཤད་སྤེལ་བ་དེར་ཕྱི་ནང་གི་སྐྱོན་བརྗོད་ཤུགས་ཆེན་བསླེབས་ཏེ་ཁོ་མོས་དགོངས་སེལ་ཞུས་འདུག

དེ་རིང་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ནས་ཨ་རིའི་མཱ་རེ་ལན་ཌི་གཙུག་སློབ་ཆེན་ (UMD) ནང་གི་རྒྱ་རིགས་སློབ་ཕྲུག་བུ་མོ་ཧྲུ་ཕེན་ཡཱང་ (Yang Shuping)ཟེར་བ་ཞིག་གིས་སློབ་མཐར་ཕྱིན་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་སྐབས། རྒྱ་ནག་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱས་ཡོད་པ་མ་ཟད། རང་བྱུང་མཁའ་དབུགས་འབག་བཙོག་ཆགས་ཡོད་སྟབས་ཁོ་མོ་ཨ་རིར་བསླེབས་རྗེས། ཨ་རིའི་དྭངས་གཙང་གི་མཁའ་དབུགས་དང་སྨྲ་བརྗོད་རང་དབང་མྱོང་རོལ་བྱེད་ཐུབ་པ་བྱུང་ཡོད་ཚུལ་དང་། ཨ་རིའི་རང་དབང་དང་དམངས་གཙོ། དྭངས་གཙང་གི་མཁའ་དབུགས་སོགས་ནི་ཧ་ཅང་རིན་ཐང་ཅན་ཞིག་ཡིན་སྐོར་སོགས་བརྗོད་ཡོད་ཅིང་། དེ་ལ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ནང་དང་ཕྱི་ལོགས་ཀྱི་རྒྱ་རིགས་ཚོས། ཡཱང་གིས་མེས་རྒྱལ་གྱི་མཚན་སྙན་ལ་གནོན་སྐྱོན་བཟོས་ཡོད་སྐོར་དང་། ཁོ་མོ་མ་འོངས་པར་ཕྱིར་རྒྱ་ནག་ནང་ལོག་ས་མེད་ཚུལ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་ཡོད་སྟབས། དེ་རིང་སློབ་ཕྲུག་ཡཱང་གིས་དགོངས་དག་ཞུས་ཡོད་པའི་ནང་། “ངས་གཏམ་བཤད་དེ་སྤེལ་བར་བཟོད་གསོད་ཞུ་རྒྱུ་ཡིན། ཚང་མས་ང་ལ་གུ་ཡངས་གནང་རོགས། ངས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་བྱས་ཡོད” ཅེས་བརྗོད་ཡོད་འདུག

ཧྲུ་ཕེན་ཡཱང་གི་གཏམ་བཤད་བརྙན་ལེན་བྱས་ཡོད་པའི་ནང་ཁོ་མོས། “ང་རང་ཨ་རིའི་གནམ་ཐང་ཕྱི་ལོགས་སུ་འབྱོར་རྗེས། ངས་དྭངས་གཙང་གི་རང་བྱུང་མཁའ་དབུགས་རྔུབ་པའི་སྐལ་བ་བྱུང་བ་དང་། ང་ལ་རང་དབང་གི་ཚོར་སྣང་བྱུང་སོང་” ཞེས་དང་། “དུས་ཡུན་རིང་པོ་མ་འགོར་བར་ངས་དྭངས་གཙང་གི་མཁའ་དབུགས་གཞན་མང་པོ་ཞིག་མྱོང་སྐལ་བྱུང་བ་དང་། དེ་དག་ནི་ང་རང་ཆེས་དགའ་ཞིང་མོས་པའི་མཁའ་དབུགས་དེ་ཡིན་ལ། དེ་ནི་ཨ་རིའི་དྭངས་གཙང་གི་རང་བྱུང་མཁའ་དབུགས་དང་། དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་མཁའ་དབུགས་བཅས་རེད་ལ། དུས་ནམ་ཡང་ངས་དྭངས་གཙང་གི་མཁའ་དབུགས་དེ་བརྗེད་མི་སྲིད། དམངས་གཙོ་དང་རང་དབང་ནི་དྭངས་གཙང་གི་མཁའ་དབུགས་ཡིན་ཞིང་། དེ་དག་བརྩོན་ལེན་བྱེད་པ་ནི་ཧ་ཅང་རིན་ཐང་ཆེན་པོ་ཞིག་རེད།”ཅེས་བརྗོད་ཡོད།

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོ་མོར་སྐྱོན་བརྗོད་བྱེད་བཞིན་པའི་ནང་རྒྱ་རིགས་ཞིན་ལཱང་ཅང་ (Xinliang Jiang)ཟེར་བ་ཞིག་གིས་“མི་མང་གིས་རྒྱ་ནག་ཡར་རྒྱས་འགྲོ་བཞིན་ཡོད་པ་ངོས་ལེན་བྱེད་ཀྱིན་ཡོད། ཕྱི་ཕྱོགས་ནས་ངའི་རྒྱལ་ཁབ་ལ་དམའ་འབབ་བྱེད་པར་ངས་ངོས་ལེན་བྱེད་ཐབས་མེད། ཨ་རི་ནི་སྨྲ་བརྗོད་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཡང་། ཧྲུ་ཕེན་ཡཱང་གིས་བཤད་པའི་སྐད་ཆའི་བརྒྱ་ཆ་ ༨༠ རྫུན་གཏམ་དང་གཡོ་ཐབས་ཁོ་ན་རེད། ཧྲུ་ཕེན་ཡཱང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་མའི་ཚབ་བྱེད་ཐུབ་པ་མ་རེད། དོན་དངོས་སུ་ཧྲུ་ཕེན་ཡཱང་གི་ཕ་ཡུལ་ཁུན་མིན་ (Kunming) ནི་རྒྱ་ནག་ནང་གི་ཆེས་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད་ལ། ས་ཆ་དེ་ནི་ང་སློབ་གསེང་ལ་འགྲོ་ས་ཡག་ཤོས་ཤིག་ཡིན” ཞེས་དང་། “ཧྲུ་ཕེན་ཡཱང་གིས་རྫུན་བཤད་ཀྱིན་འདུག ཡཱང་ལ་ངོ་ཚ་མི་འདུག ཁོ་མོ་རྒྱལ་ཁབ་གང་ནས་ཡིན་ཡང་དེ་ལ་འབྲེལ་བ་མི་འདུག མོས་སློབ་སྦྱོང་ལ་འབད་བརྩོན་བྱེད་རན་རེད་མ་གཏོགས། རྒྱལ་ཁབ་ལ་དམའ་འབེབས་བྱེད་སྐབས་མ་རེད། མོས་མེས་རྒྱལ་ཀྱི་གཟི་བརྗིད་ཉམ་རྒུད་དུ་བཏང་འདུག ང་ཚོར་དགོངས་དག་ཞུ་དགོས” ཞེས་སོགས་བརྗོད་སོགས་བརྗོད་འདུག

ཧྲང་ཧེ་གསར་གནས་བརྒྱུད་ལམ་དུ་ཧྲུ་ཕེན་ཡཱང་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། “དུས་རྒྱུན་མི་མང་གིས་ང་ལ། ཅིའི་ཕྱིར་ཁྱོད་རང་མཱ་རེ་ལན་ཌི་གཙུག་ལག་སློབ་ཆེན་ནང་ཡོང་བ་ཡིན་ཞེས་འདྲི་གི་འདུག ངས་ནམ་རྒྱུན་ཁོ་ཚོར་ང་མཁའ་དབུགས་གཙང་མ་རྔུབ་ཏུ་ཡོང་བ་ཡིན་ཞེས་ལན་འདེབས་ཀྱི་ཡོད། ལོ་ ༥ ཡི་སྔོན་ལ་ང་རྒྱ་ནག་གི་གནམ་གྲུ་ལས་བབ་སྟེ་ཌ་ལ་སི་ (Dallas Airport) རྒྱལ་སྤྱིའི་གནམ་ཐང་ནས་གནམ་གྲུར་སྡོད་སྐབས། ངས་ཁ་རས་ ༥ གྲ་སྒྲིག་བྱས་མོད། ཨ་རིའི་མཁའ་དབུགས་དང་པོ་རྔུབ་རྗེས། ངས་གྲ་སྒྲིག་བྱས་པའི་ཁ་རས་དེ་དག་དགོས་མཁོ་མེད་པས་གཡུགས་པ་ཡིན། ཨ་རིའི་མཁའ་དབུགས་ནི་དྭངས་ཤིང་གཙང་བས་ཧ་ཅང་སྐྱིད་པོ་འདུག ང་ནི་ཨ་རིའི་དྭངས་གཙང་གི་མཁའ་དབུགས་དེ་ལ་ཧ་ལས་བྱུང་། ང་རང་རྒྱ་ནག་གི་གྲོང་ཁྱེར་ཞིག་གི་ནང་འཚར་ལོངས་བྱུང་བ་ཡིན། གྲོང་ཁྱེར་དེའི་ནང་ང་་ཕྱི་ལོགས་སུ་འགྲོ་དུས་ནམ་རྒྱུན་ཁ་རས་གྱོན་དགོས་པ་རེད། ཁ་རས་མ་གྱོན་ཡང་ལམ་སང་ན་ཡོང་གི་འདུག གང་ལྟར་ང་རང་ཨ་རིའི་གནམ་ཐང་གི་ཕྱི་ལོགས་སུ་འབྱོར་རྗེས། ང་ལ་རང་དབང་གི་ཚོར་སྣང་བྱུང” ཞེས་བརྗོད་ཡོད་སྐོར་འཁོད་འདུག

རྒྱ་རིགས་སློབ་ཕྲུག་དེའི་གཏམ་བརྗོད་དེ་ནི་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱུང་བ་དང་། ཁ་སང་གཅིག་པུར་དེ་ལ་ཉན་འཇོག་བྱེད་མཁན་མི་མང་ས་ཡ་ ༥༠ ལྷག་བྱུང་ཡོད་པ་དང་། གཏམ་བཤད་དེས་ཕྱིའི་རྒྱལ་ཁབ་ཀྱི་སློབ་ཆེན་ཁག་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་རྩོད་གཞི་ཆེན་པོ་བསླངས་ཡོད་འདུག ཡིན་ནའང་མཱ་རེ་ལན་ཌི་གཙུག་ལག་སློབ་ཆེན་གྱི་ངོས་ནས་གསལ་བསྒྲགས་སྤེལ་ཏེ། རྒྱ་རིགས་སློབ་ཕྲུག་ཧྲུ་ཕེན་ཡཱང་ལ་རྒྱབ་སྐྱོར་གྱི་ཚུལ་དུ། ཁོ་མོས་རང་ཉིད་ཀྱི་ལྟ་ཚུལ་ངོ་མ་བརྗོད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། མཱ་རེ་ལན་ཌི་གཙུག་ལག་སློབ་ཆེན་གྱི་ཕྱི་ནང་གི་རྒྱ་རིགས་ཚོས་ཕན་ཚུན་གྱི་བསམ་ཚུལ་ལ་ཉན་འཇོག་དང་། ཕན་ཚུན་གྱི་བསམ་ཚུལ་མི་མཐུན་པར་བརྩི་བཀུར་བྱེད་དགོས་སྐོར་སོགས་བརྗོད་འདུག

འདས་པའི་ལོ་ངོ་འདི་རིང་ཨ་རིའི་གཙུག་ལག་སློབ་ཆེན་ཁག་གིས་རྒྱ་རིགས་སློབ་ཕྲུག་མང་པོར་སྣེ་ལེན་བྱེད་ཀྱི་ཡོད་པ་དང་དང་། རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་གྱི་ཤེས་ཡོན་སློབ་གསོ་ (IIE) ཞིབ་འཇུག་ཡིག་ཆ་ལྟར་ན། ༢༠༡༤ ནས་ ༢༠༡༥ བར་རྒྱ་རིགས་སློབ་མ་ ༣༠༤༠༠༠ ལྷག་ཨ་རིའི་གཙུག་ལག་སློབ་ཆེན་ཁག་ཏུ་འཛུལ་ཞུགས་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་སྔོན་གྱི་གྲངས་འབོར་དང་བསྡུར་ན་ལྡབ་ ༥ ཡིས་ཇེ་མང་དུ་ཕྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese