མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་གཞུང་གིས་བོད་མིའི་རོགས་དངུལ་འགོག་འཆར་ཡོད་ན་ཞུ་སྐུལ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་གཞུང་གིས་བོད་མིར་རོགས་དངུལ་སྤྲོད་བཞིན་པ་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུའི་གྲོས་འཆར་བཏོན་ཡོད་པ་དེར་མོས་མཐུན་གནང་མིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་དབང་ཡིན་འདུག

དེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་སྲི་གཞུང་གསར་པས། དེ་སྔ་ཨ་རིའི་གཞུང་གིས་བོད་མིར་རོགས་དངུལ་སྤྲོད་བཞིན་པ་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུའི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་། དེར་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཚེ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

གནས་ཚུལ་དེའི་སྐོར་ལ་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ད་ལྟའི་ཆར་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཙམ་ལས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད་སྐོར་དང་། གལ་སྲིད་ཨ་རིའི་གཞུང་གིས་གྲོས་འཆར་དེ་འདྲ་ཞིག་བཏོན་ཡོད་སྲིད་ཀྱང་། མཐའ་མའི་ཐག་གཅོད་གནང་མཁན་གྲོས་ཚོགས་ཆགས་ཡོད་སྐོར་གསུངས་སོང་།

རྒྱ་གར་བང་ཆེན་སྟེང་། ཊི་རུམ་ཕི་གཞུང་གིས་ལོ་ངོ་བཅུ་ཕྲག་ཕྱིན་པའི་བོད་ཀྱི་ཐེབས་རྩ་ (Tibet Fund) དང་ངག་དབང་ཆོས་འཕེལ་ཤེས་ཡོན་བརྗེ་ལེན་ (Ngwang Choephel Fellows) སོགས་ཀྱི་རོགས་དངུལ་མེད་པ་བཟོ་རྒྱུ་ཡིན་འདུག་པ་དང་། ལྕམ་ནན་སི་ཕི་ལོ་སི་མཆོག་གི་མགྲིན་ཚབ་པ་སྐུ་ཞབས་ཧམ་མེལ་ (Drew Hammill) ལགས་ཀྱིས་གསར་འགོད་པར། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་ཕི་ལོ་སི་མཆོག་གིས་ཊི་རུམ་ཕི་གཞུང་གིས་བོད་མིའི་རོགས་དངུལ་ཡོངས་རྫོགས་མཚམས་འཇོག་བྱེད་རྒྱུའི་གྲོས་འཆར་དེའི་ཐད་སེམས་འཚུབ་ཆེན་པོ་གནང་གི་ཡོད་ཚུལ་བརྗོད་འདུག

ཨ་རིའི་གཞུང་སྔོན་མ་དག་གིས་བོད་མིའི་ཆོས་དང་རིག་གཞུང་། བོད་པའི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ། ལྷག་པར་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་སོགས་ཀྱི་ཆེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་པའི་ལྷོ་ཨེ་ཤ་ཡའི་ནང་གི་བོད་མི་སྐྱབས་བཅོལ་བ་སོགས་ལ་ཨ་སྒོར་ས་ཡ་མང་པོའི་རོགས་རམ་བྱེད་བཞིན་ཡོད་པ་མ་ཟད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་། དེ་བཞིན། དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ལའང་རོགས་དངུལ་མང་པོ་སྤྲོད་བཞིན་ཡོད་ཀྱང་། ཊི་རུམ་ཕི་གཞུང་གིས་རོགས་དངུལ་དེ་དག་ཡོངས་རྫོགས་བཀག་སྡོམ་བྱེད་འཆར་ཡོད་པ་མ་ཟད། ༢༠༡༧ ལོའི་ཨ་རིའི་ཟུར་བཅད་སྔོན་རྩིས་ནང་རོགས་དངུལ་ཨ་སྒོར་ས་ཡ་ ༡༤.༧ ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོར་ས་ཡ་ ༧ བཅས་ཀྱི་ཉུང་དུ་བཏང་ཡོད་སྐོར་སོགས་བཀོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བརྗོད་དོན། ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ཙམ་མ་གཏོགས་ཁ་གསལ་ཤེས་རྟོགས་མེད་པ་དང་། དེའི་རྒྱབ་ལྗོངས་ག་འདྲ་ཡིན་པ་དང་མ་འོངས་པར་ག་འདྲ་ཆགས་མིན་གསལ་པོ་གང་ཡང་མེད་ལ། ཨ་རིའི་གཞུང་ནས་གྲོས་འཆར་བཏོན་པ་ཙམ་ལས་མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་ནས་གནང་དགོས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རིའི་སྐུ་ཚབ་དོན་གཅོད་དང་བོད་དོན་རྒྱབ་སྐྱོར་བ། དཔེར་ན་ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་ཕི་ལོ་སི་མཆོག་གིས་དབུ་འཁྲིད་པའི་ཨ་རིའི་གཞུང་གི་དངུལ་དང་འབྲེལ་ཡོད་འཐུས་མི་མང་པོ་ཞིག་འདིར་ཕེབས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་གལ་སྲིད་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་གི་གཞུང་ངོས་ནས་བོད་མིའི་རོགས་དངུལ་གྱི་སྔོན་རྩིས་ཐོག་ལ་གཅོག་ཆ་གནང་བའི་ཐབས་ཤེས་གནང་གི་ཡོད་ན། མཐའ་མའི་སྔོན་རྩིས་གཏན་འབེབས་གྲོས་ཚོགས་ནས་གནང་གི་ཡོད་དུས་ཐག་གཅོད་དེ་བཞིན་མི་ཡོང་བའི་ཞུ་སྐུལ་ཞུས་ཡོད་ལ། དེ་བཞིན་ཁོང་རྣམ་པ་འདིར་ཕེབས་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་སོགས་ལ་རྒྱབ་སྐྱོར་གནང་རོགས་ཞུས་པ་ལྟར་མུ་མཐུད་དུ་གནང་གི་ཡིན་གསུངས་ཡོད་སྐོར་གསུངས་བྱུང་།

མ་འོངས་པར་གྲོས་འཆར་དེ་ཇི་བཞིན་གཏན་འབེབས་བྱུང་བ་ཡིན་ན། ད་ལྟ་ཨ་རིའི་གཞུང་གིས་བོད་མི་སྐྱབས་བཅོལ་བར་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ གནང་རྒྱུ་ཞལ་བཞེས་གནང་ཡོད་པ་དེར་འགྱུར་བ་འགྲོ་སྲིད་མིན་དྲིས་པར་ཁོང་གིས། ད་ལྟའི་ཆར་གསར་འགྱུར་ཙམ་ལས་གནས་ཚུལ་ཁ་གསལ་བྱུང་མེད་སྟབས་བཤད་ཚོད་ཐུག་ཁག་པོ་ཡིན་སྐོར་གསུངས་སོང་།

ཐེངས་འདིར་ཨ་རིའི་གཞུང་གིས་བོད་མིའི་རོགས་དངུལ་མཚམས་འཇོག་གི་གནད་དོན་དེ་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་ལའང་འབྲེལ་བ་ཆགས་ཡོད་སྟབས། ཚོགས་སྒེར་སོ་སོའི་ངོས་ནས་ག་རེ་གནང་རྒྱུ་ཡོད་མེད་དྲིས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་རོགས་དངུལ་རག་མཁན་དེ་བོད་མིའི་སྒྲིག་འཛུགས་གཅིག་པུ་མིན་པར་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་ལའང་རག་གི་ཡོད་པར་བརྟེན། ཚང་མས་ཞུ་སྐུལ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཨ་རི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་གནས་ཚུལ་ག་རེ་ཡིན་ནའང་མི་མང་ལ་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་ལ། མི་མང་གིས་བསམ་ཚུལ་འདོན་པ་དང་ཞུ་སྐུལ་བྱེད་པའི་ལམ་ག་ཡོད་སྟབས། ང་ཚོ་ཚང་མའི་ངོས་ནས་འབད་བརྩོན་བྱས་ཏེ་ཨ་རིའི་གྲོས་ཚོགས་དང་གཞུང་ལ་ཞུ་སྐུལ་བྱས་པ་ཡིན་ན། ཁོང་ཚོའི་རྒྱལ་ཁབ་དེ་རྒྱ་ནག་ལྟར་མ་ཡིན་པར་མི་མང་གི་བསམ་ཚུལ་ལ་ཉན་མཁན་གྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་སྟབས། མི་མང་གི་བསམ་ཚུལ་དང་ཞུ་སྐུལ་ལ་དོ་སྣང་བྱེད་དགོས་པ་ཞིག་ཆགས་ངེས་རེད། ཅེས་གསུངས་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 5

  1. Chacha says:
    ལོ་ 9 སྔོན།

    སྐུ་ངོར་སྤེན་པ་ཚེ་རིང་གྱི་འཇོན་ཐང་ལ་ལྟ་རྒྱུ་རེད།

    Reply
  2. ངག་དབང says:
    ལོ་ 9 སྔོན།

    རང་ཁ་རང་གསོ། གཞན་བརྟེན་སྒྱིད་ལུག

    Reply
  3. ཐོས་པ་དགའ། says:
    ལོ་ 9 སྔོན།

    ཨ་རིའི་རོགས་དངུལ་ཆད་སོང་ཡང་སྐྱོན་རྒྱུ་མ་རེད་སྙམ། སྲིད་སྐྱོང་མཆོག་གིས་ཆིག་སྒྲིལ་གྱི་ལམ་ནས་གསར་གཏོད། གསར་གཏོད་ཀྱི་ལམ་ནས་རང་ཁ་རང་གསོ་བྱས་ནས་ལོ་དྲུག་ཙམ་ཕྱིན་ཚར་པའི་སྒྲིག་འཛུགས་ཤིག་ལ་སྐྱོན་མི་ཡོང་བསམ་ཡོད།

    Reply
  4. ཁབ says:
    ལོ་ 9 སྔོན།

    གནའ་ནས་ད་དབར་བོད་ཀྱི་དཔལ་འབྱོར་གྱི་རྨང་གཞི་ནི་སྒོ་ཕྱུག་སྟེ་ནང་ཆོས་ཀྱི་སྐད་དོད་ལྟར་ན་སྡུག་ཚོང་འབའ་ཞིག་གོ དེང་སྐབས་སྡུག་ཚོང་འགོག་པར་གོང་འོག་དབར་གསུམ་ཁ་གཅིག་མཐུན་རེད། ད་བོད་མིས་རང་ཁ་གསོ་བའི་ཐབས་ལམ་གཅིག་པུ་ནི་ནང་བསྟན་དཔལ་འབྱོར་རིག་པ་ལས་གཞན་ལྷག་མི་འདུག ད་ནི་ནང་བསྟན་དཔལ་འབྱོར་རིག་པའི་ལམ་དུ་ཤར་བསྐྱོད་བྱེད་དོ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    རང་ཁ་རང་གསོ་།
    རང་མི་རང་ལས་།
    རང་དོན་རང་གཅེས་།
    མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese