མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མ་ ༡༢༦ བསླབ་པ་མཐར་སོན།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། འདི་ལོའི་རབ་འབྱམས་མཐར་ཕྱིན་མཛད་སྒོ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བྷིང་ལོར་སྨན་རྩིས་ཁང་གི་སྨན་པ་རྡོ་རྗེ་རབ་བརྟན་གཉིས་ཕེབས་ཡོད་འདུག

རྒྱ་གར་མེ་སོར་གཙུག་ལག་སློབ་ཆེན་གྱི་ངོས་ལེན་འོག ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་རྒྱ་སྐད་གཉིས་ཆེད་སྦྱོང་རབ་འབྱམས་དང་། གཞན་སྡེ་ཚན་ ༤ ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་སྤྱིར་བཏང་རིག་གནས་རབ་འབྱམས་པའི་སློབ་མ་ ༡༢༦ བསླབ་པ་མཐར་སོན་བྱུང་ཡོད་པ་རེད།

མཐར་ཕྱིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཀའ་དྲིན་ལ་བརྟེན་ནས། ང་ཚོར་མཐོ་རིམ་སློབ་གཉེར་ཁང་འདི་ལྟ་བུ་ཞིག་ཡོད་པ་དེ་སྤོབས་པ་སྐྱེས་འོས་པ་ཞིག་རེད་ལ། འདི་ནས་ཐོན་པའི་སློབ་གཉེར་བ་ཚོས་མ་འོངས་པར་མུ་མཐུད་སློབ་སྦྱོང་མཐར་སོན་པ་བྱས་ཏེ། ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་དང་། ༧གོང་ས་སྐྱབས་མགོན་ཆེན་པོའི་རེ་བ་སྒྲུབ་ཐུབ་མཁན་ཞིག་བྱ་དགོས་པ་དེ་ཅ་ཧང་གལ་ཆེན་པོ་རེད། ཅེས་བརྗོད་ཡོད་འདུག

དམིགས་བསལ་སྐུ་མགྲོན་སྨན་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས། མཐོ་རིམ་སློབ་གྲྭ་འདི་ནི་མ་འོངས་པར་ང་ཚོ་བོད་པ་ཙམ་མ་ཟད། རྒྱལ་སྤྱི་རང་བཞིན་གྱི་སློབ་གཉེར་བྱ་སའི་ལྟེ་གནས་ཤིག་ཆགས་ཡོང་གི་རེད་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་སློབ་གྲྭ་འདི་ལྟ་བུ་ཞིག་ཡོད་པ་བཞིན། འདི་ནས་ཐོན་མཁན་ཚོས་རང་ཉིད་ཀྱི་སྤོབས་པ་དང་གཟི་བརྗིད་ཅིག་ཏུ་བསམ་དགོས་པ་རེད། ཅེས་བརྗོད་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་ཆོས་རྒྱལ་ལགས་ཀྱིས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་ནང་། ཆེད་སྦྱོང་རིག་གནས་རབ་འབྱམས་ལ་དཔྱད་རྩོམ་བྲིས་ནས་བསླབ་པ་མཐར་སོན་པ་ ༢༧ དང་། སྤྱིར་བཏང་རིག་གནས་རབ་འབྱམས་མཐར་སོན་པ་ཁ་ཤས་ཡོད། ད་ལོའི་བསླབ་པ་མཐར་སོན་མཁན་ཚོ་སྤྱིའི་ཆ་ནས་མཐོ་རིམ་སློབ་གཉེར་ཁང་ཁག་གཞན་དག་ལས་ཡག་པོ་ཡོད་པ་རེད་ཅེས་བཤད་ཐུབ་པ་ཞིག་མ་རེད་ལ་སྐྱོ་བ་ཡོད་པ་རེད་ཅེས་ཀྱང་བཤད་མི་ཐུབ་མོད། རྐང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་ཞིག་ཡོད་པ་རེད།

ང་ཚོས་དམིགས་བྱ་གཙོ་བོ་དེ་སློབ་གཉེར་བ་དག་གི་ཕྱི་ནང་གི་ཀུན་སྤྱོད་ཀྱི་ཐད་ལ་རེ་བ་ཆེན་པོ་བརྒྱབ་ཡོད། ཤེས་ཡོན་ཡོད་ནའང་མིའི་ཀུན་སྤྱོད་དང་གཤིས་སྤྱོད་དེ་ཉམ་ཉེས་སུ་སོང་བ་ཡིན་ན། ཤེས་ཡོན་གྱི་རྣམ་གྲངས་ག་ཚོད་ཡོད་ཀྱང་། དེ་བེད་སྤྱོད་མེད་པ་ལྟ་བུ་ཞིག་དང་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་ཞིག་ཏུ་འགྱུར་གྱི་རེད། སྐབས་རེར་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་གནོད་པ་ཆེ་བ་ཡོང་གི་ཡོད་པ་རེད། སློབ་གཉེར་བ་ཚོས་ད་ལོའི་དཔྱད་རྩོམ་ལ་མཚོན་ན། ང་རང་གིས་ཆ་ཚང་ཞིག་བཀླགས་ཐུབ་མ་སོང་མོད། ཚང་མར་མིག་བཤེར་ལྟ་བུ་རེ་བྱས་ཡིན། འབྲེལ་ཡོད་དགེ་རྒན་དག་གིས་དཔྱད་ཞིབ་དང་ཕྱོགས་བསྡོམས་བརྒྱ་ཆ་ལ་བལྟས་ན། སློབ་མ་མང་ཆེ་བའི་དཔྱད་རྩོམ་ཡག་པོ་བྱུང་འདུག ངས་འདི་ལོའི་མཐར་ཕྱིན་སློབ་མ་ཚོའི་ཟླ་གསུམ་རིང་གི་མཉམ་གསོག་སྙན་ཐོ་དེ་ཆ་ཚང་བཀླགས་པ་ཡིན། མཉམ་གསོག་སྙན་ཐོ་ལ་བལྟས་ན་སློབ་གཉེར་བ་ཚོའི་ཤེས་ཡོན་སྤྱིའི་གནས་ཚད་དང་འབྲི་རྩལ་ཡག་པོ་འདུག་བསམ་པ་བྱུང་། ཞེས་བརྗོད་སོང་།

རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་དགེ་རྒན་སྒྲོན་དཀར་སྐྱིད་ལགས་ཀྱིས། སྤྱིར་རྒྱ་ཡིག་གི་སྡེ་ཚན་འདི་དང་ཐོག་གསར་འཛུགས་བྱེད་སྐབས། སློབ་གཉེར་བ་གང་འཚམ་ཕོན་ཆེན་པོ་ཡོད་ཀྱང་། རྗེས་སུ་སློབ་མ་མང་པོ་ཞིག་གིས་རྩ་དགོངས་ཞུས་སོང་། ན་ནིང་སློབ་གཉེར་བ་ཁག་ཅིག་མཐར་ཕྱིན་པ་རེད། འདི་ལོར་དངོས་སུ་མཐར་ཕྱིན་དཔྱད་རྩོམ་བྲིས་ནས་བསླབ་པ་མཐར་སོན་མཁན་སློབ་གཉེར་བ་ ༡༠ དང་། མཐར་ཕྱིན་དཔྱད་རྩོམ་མེད་པར་སློབ་མཐར་ཕྱིན་མཁན་ ༢ ཁྱོན་སློབ་གཉེར་བ་ ༡༢ ཡོད། སྤྱིར་རྒྱ་ཡིག་སྡེ་ཚན་གྱི་སློབ་གཉེར་བ་ཚོའི་སློབ་སྦྱོང་གི་གནས་རིམ་པ་དེ། ལོ་རིམ་དང་པོའི་སྐབས་ཀྱི་རྨང་གཞིའི་སློབ་ཚན་ནས་འཁྲིད་ཀྱི་ཡོད་ལ། དེ་ནི་སློབ་གཉེར་བ་དག་ཐོག་མར་འབྱོར་སྐབས་ཁ་ཤས་ལ་རྒྱ་ཡིག་གི་ཆུ་ཚད་ཞན་པ་དང་། ཁ་ཤས་ཀྱིས་ཡུན་རིང་ལ་རྒྱ་ཡིག་དང་འབྲེལ་འདྲིས་མ་བྱས་པར་བརྗེད་པ། སློབ་མ་ཚོའི་ཤེས་ཚད་དོ་མི་མཉམ་པ་བཅས་ལ་བརྟེན་ཏེ་རྨང་གཞིའི་སློབ་ཚན་ནས་འཁྲིད་དགོས་བྱུང་བ་རེད། ང་འདིར་བསླེབས་ནས་རྒྱ་ཡིག་སྡེ་ཚན་ནས་སྐབས་གཉིས་མཐར་ཕྱིན་ཡོད་པ་རེད། སྤྱི་ཡོངས་ནས་སློབ་གཉེར་བ་ཚོའི་ཆུ་ཚད་ཡག་པོ་ཡོད་པ་དང་། རེ་གཉིས་ཤིག་རྒྱ་ནག་དང་ཐེ་ཝན་སོགས་ཀྱི་སློབ་མ་ཚོར་བསྡུར་ནའང་བསྡུར་རིན་ཡོད་པ་ཞིག་ཆགས་ཡོད། ལྷག་པར་དུ་ན་ནིང་གི་མཐར་ཕྱིན་སློབ་མའི་ཁྲོད་ཆུ་ཚད་ཡག་པོ་མང་པོ་ཡོད། འདི་ལོའི་མཐར་ཕྱིན་དཔྱད་རྩོམ་འབྲི་མཁན་ཚོར་མཚོན་ན་དེ་ཙམ་འདོད་པ་ཁེངས་པ་ཞིག་བྱུང་མ་སོང་། ཞེས་བརྗོད་སོང་།

བོད་ཡིག་ཆེད་སྦྱོང་རབ་འབྱམས་སྡེ་ཚན་གྱི་སློབ་གཉེར་བ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས། སྔོན་ཆད་བོད་ཡིག་དང་བོད་ཀྱི་རིག་གནས་ལ་དུང་ཞེན་ཙམ་གྱིས་དཔེ་ཀློག་ལྟ་བུ་རེ་བྱས་ནས་བསྡད་པ་ལས་ཡག་པོ་ཞིག་ཤེས་ཡོད་པ་མ་རེད། ཡིན་ནའང་རྗེས་སུ་འདི་ག་མཐོ་རིམ་སློབ་གཉེར་ཁང་དུ་བསླེབས་ནས། དགེ་རྒན་གྱི་ཆ་ནས་གཞི་རིམ་དགེ་རྒན་ཚོ་དང་མི་འདྲ་བ་དང་། སློབ་སྦྱོང་གི་མཁའ་དབུགས་སོགས་ཕྱོགས་གང་ཐད་ནས་མི་འདྲ་བ་ཞིག་ཡིན་སྟབས། རང་ཉིད་རང་གིས་བསྐྱེད་བསྲིང་བྱས་ན་ཡང་བྱ་ཐུབ་པ་ཞིག་རེད་ལ། སློབ་ཚན་ཁག་གི་དགེ་རྒན་དག་གི་སློབ་འཁྲིད་ཀྱི་ནུས་པར་བརྟེན་ནས། ལོ་ངོ་བཞིའི་རིང་གི་སློབ་སྦྱོང་གི་བརྒྱུད་རིམ་དེ་ཇི་ལྟར་ཚར་བའང་ཤེས་མ་སོང་། སློབ་ཆེན་གྱི་མི་ཚེའམ་ལོ་ངོ་འདི་དག་གི་དུས་ཡུན་དེ་སློབ་འཁྲིད་ཙམ་ལ་ཡར་འགྲོ་མར་འོང་གི་དུས་འདས་བ་ཙམ་མིན་པར། ཆེས་སྤྱིར་བཏང་གི་མི་ཞིག་གི་མི་ཚེ་ལ་དགོས་པའི་མཐོ་རིམ་སྤྱི་ཚོགས་ཀྱི་སློབ་གསོ་ཞིག་མྱོང་ཐུབ་སོང་།

སྔོན་ཆད་གཞི་རིམ་སློབ་གྲྭའི་ནང་འབྲི་རྩལ་ལ་སྦྱང་གོམས་མེད་ཀྱང་། འདིར་རྩོམ་རིག་དགེ་རྒན་དང་ལོ་རྒྱུས་དགེ་རྒན་སོགས་ཀྱིས་འབྲེལ་ཡོད་ཀྱི་ནང་སྦྱོང་ཟེར་ན་རེད། དཔྱད་རྩོམ་ལྟ་བུ་མང་པོ་འབྲི་བཅུག་པ་དེས་ད་ལོའི་དཔྱད་རྩོམ་འབྲི་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་། ང་རང་གི་མཐར་ཕྱིན་དཔྱད་རྩོམ་དེ་<བོད་ཀྱི་སྙན་ངག་གསར་བའི་དཔྱད་བརྗོད་ཁག་གི་འགལ་མཐུན་ལ་དཔྱད་པ།>ཞེས་པ་དེ་ཡིན། ཐོག་མ་བསམ་བློ་བཏང་ནས་སྡོད་རྒྱུ་ལས་ཇི་ལྟར་འབྲི་དགོས་པ་མི་ཤེས་པའི་དཀའ་ངལ་འཕྲད་སོང་ཡང་། རྗེས་ལ་སློབ་གྲྭའི་ངོས་ནས་དཔྱད་རྩོམ་འབྲི་ཐབས་སྐོར་ལ་ཆེད་མཁས་པ་གདན་འདྲེན་ཞུས་པ་དང་། རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་བཅས་ཀྱི་ལམ་སྟོན་འོག མཐར་ཕྱིན་དཔྱད་རྩོམ་དེ་འབྲི་ཐུབ་པ་བྱུང་སོང་། ང་ལ་མཚོན་ན་མཐར་ཕྱིན་དཔྱད་རྩོམ་དེ་མི་ཚེའི་ནང་གི་རྩོམ་ཡིག་རིང་ཤོས་དང་། ད་ལྟའི་བར་དུ་དཔྱད་རྩོམ་ཞིག་ལ་དཀའ་ལས་བརྒྱབ་པ་ཐེངས་དང་པོ་དེ་ཡིན། དེ་དང་འབྲེལ་ནས་དཔེ་ཆ་དང་དཔྱད་རྩོམ་སུམ་བརྒྱ་ལྷག་བཀླགས་དགོས་བྱུང་སོང་། ཞེས་བརྗོད་སོང་།

རྒྱ་ཡིག་རིག་གནས་རབ་འབྱམས་སྡེ་ཚན་གྱི་སློབ་གཉེར་བ་ཟོན་ཐར་སྐྱིད་ལགས་ཀྱིས། ང་རང་ལ་མཚོན་ན་དང་ཐོག་རྒྱ་གར་ལ་བསླེབས་རྗེས། ཤེས་རབས་དགའ་ཚལ་སློབ་གླིང་ལ་ཕྱིན་པ་ཡིན། རྗེས་ལ་ཏཱ་ལ་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་ཡིག་རིག་གནས་རབ་འབྱམས་ཐོག་མུ་མཐུད་སློབ་སྦྱོང་བྱེད་ཐུབ་པ་བྱུང་བ་དེས་ཕན་ཐོགས་ཆེན་པོ་བྱུང་སོང་། ཐོག་མ་སོ་སོར་རྒྱ་ཡིག་གི་ཤེས་ཚད་ཡག་པོ་མེད་ཀྱང་ལོ་ངོ་བཞིར་ཧུར་བརྩོན་བྱས་པ་དེས་ད་ལྟ་ལས་ཀ་བྱེད་ཐུབ་ཀྱི་འདུག་བསམ་པའི་གདེང་ཚོད་ཡོད། ངའི་མཐར་ཕྱིན་དཔྱད་རྩོམ་དེ་<བོད་ཀྱི་དུར་མཆོད་>སྐོར་ཡིན་ཡང་། མཐར་ཕྱིན་དཔྱད་རྩོམ་དེ་འདོད་ཁེངས་པ་ཞིག་བྱུང་མ་སོང་དྲན་བསྡད་ཡོད། གང་ཡིན་ཟེར་ན། དཔྱད་རྩོམ་འབྲི་ཐབས་སྐོར་ལ་སྦྱོང་མེད་སྟབས། གློ་བུར་དུ་དཔྱད་རྩོམ་ཆེན་པོ་ཞིག་འབྲི་དགོས་དུས་དཀའ་ལས་ཁག་པོ་འདུག ཅེས་བརྗོད་སོང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་ ༢༠༠༨ ལོར་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་དུ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༣ ལོ་ནས་རྒྱ་གར་མེ་སོར་གཙུག་ལག་སློབ་ཆེན་གྱི་ངོས་ལེན་འོག བོད་རྒྱ་སྐད་གཉིས་ཆེད་སྦྱོང་རབ་འབྱམས་དང་། གཞན་སྡེ་ཚན་བཞི་ནས་ཉེ་བའི་གཙུག་ལག་རམ་འབྱམས་དང་། སྤྱིར་བཏང་རིག་གནས་རབ་འབྱམས་སོགས་འགྲོ་བཞིན་ཡོད་པ་དང་། ད་ཆར་སློབ་ཐོན་དེའི་ནང་སློབ་མ་ ༣༢༠ ཙམ་ཡོད་པ་དང་། ཐེངས་འདིར་སློབ་མ་ ༡༢༦ བསླབ་པ་མཐར་སོན་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese