མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་བྲང་དཀར་པོའི་ནང་གི་སྲིད་འཛིན་ཊི་རུམ་ཕིའི་ཕྱག་རོགས་བློས་ཐུབ་མ།

བོད་ཀྱི་དུས་བབ།
༢༠༡༧/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་སྦྱིན་པ།

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཁོའི་གཞུང་གི་ལས་དོན་གལ་ཆེན་ཁག་ཐག་གཅོད་བྱེད་སར་ལྕམ་སྐུ་དང་པོ་མཱི་ལ་ནེ་ཡཱ་དང་མཉམ་དུ་ད་དུང་བུ་མོ་ལོ་ཆུང་མཛེས་མ་གཞན་ཞིག་ཀྱང་ཐེངས་མང་པོར་མཐོང་ཐུབ་ཅིང་། ཁོང་མོ་སུ་ཞིག་ཡིན་པ་དང་ཊི་རུམ་ཕི་དང་ཁོ་གཉིས་འབྲེལ་བ་ཅི་ཞིག་ཡིན་པ་སོགས་ལ་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ།

ཟླ་འདིའི་ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་ཡིས་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་ཁག་ཅིག་ཁྲིད་དེ། སོ་དྷི་ཨ་ར་བྷི་ཡ་གཙོ་བྱས་པའི་དཀྱུལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་ཐོག་མ་གནང་ཡོད་པ་དང་། ཐེངས་འདིར་ཁོང་དང་མཉམ་དུ་ཁོ་རང་གི་བུ་མོ་ཆེ་བ་ཕོ་བྲང་དཀར་པོའི་སློབ་སྟོན་པ་ལྕམ་ཨ་བན་ཀ་ཊི་རམ་ཕི་(Ivanka Trump)ལགས་ཀྱང་འཁྲིད་ཡོད། ཨ་བན་ཀ་ཊི་རུམ་ཕི་ཡིས་རྒྱལ་སྤྱིའི་མཐོ་རིམ་བུད་མེད་ཚོགས་ཆེན་སྟེང་། འཛམ་གླིང་དངུལ་ཁང་ཁག་ལ་བུད་མེད་ཁེ་ལས་པའི་ནུས་སྟོབས་གོང་སྤེལ་ཆེད་མ་དངུལ་གཏོང་དགོས་པའི་རེ་སྐུལ་ཞུས་པ་ལྟར། ཚེས་ ༢༡ ཉིན་སོ་དྷི་ཨ་ར་བྷི་ཡ་དང་(United Arab Emirate)གཞུང་གཉིས་ཀྱིས་མཉམ་རུབ་ཐོག རྒྱལ་སྤྱིའི་བུད་མེད་ཁེ་ལས་པ་སྐྱེད་སྲིང་དང་བུད་མེད་ནུས་སྟོབས་གོང་འཕེལ་ཆེད། རྒྱལ་སྤྱིའི་བུད་མེད་ཐེབས་རྩ་ཚོགས་པར་ཨ་སྒོར་ས་ཡ་ ༡༠༠ ཡི་རོགས་དངུལ་སྤྲད།

ཐེངས་འདིའི་ཨ་བན་ཀ་ཡི་ལས་དོན་ལམ་ལྷུངས་དང་བསྟུན་ཏེ་གསར་ལམ་ཁག་ཏུ་ཁོང་མོར་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་བུད་མེད་ཐེབས་རྩ་ཚོགས་པ་ནི་འཇར་མན་སྲིད་བློན་ལྕམ་ཨན་ཇི་ལཱ་མཱར་ཁེལ་གཙོ་བྱས་བའི་རྒྱལ་སྤྱིའི་བུད་མེད་ཁེ་ལས་པས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ཨན་ཇི་ལཱ་མཱར་ཁེལ་གྱིས་གདན་ཞུ་ལྟར་ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་ཨ་བན་ཀ་ཊི་རུམ་ཕི་འཇར་མན་དུ་ཚོགས་པའི་རྒྱལ་ཁབ་ཉི་ཤུའི་མཐོ་རིམ་བུད་མེད་ཚོགས་ཆེན་ཐེངས་གསུམ་པའི་སྟེང་མཉམ་ཞུགས་བྱས་ཡོད།

སྲས་མོ་ཨ་བན་ཀ་ཊི་རུམ་ཕི་ལགས་ནི། ༡༩༨༡ ལོར་ཨ་རིའི་ནེའུ་ཡོག་མན་ཧ་ཊན་དུ་ད་ལྟའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་དང་ཁོང་གི་བཟའ་ཟླ་དང་པོ་ཨི་བཱ་ནཱ་ཊི་རུམ་ཕི་གཉིས་ཀྱི་བུ་མོར་སྐྱེས་ཤིང་། ཁོ་གཉིས་ལ་བྱིས་པ་གསུམ་ཡོད་པ་ལས་ཨ་བན་ཀ་འབྲིང་བ་དང་བུ་མོ་གཅིག་པུ་དེ་ཡིན། ཁོང་མོ་ཨ་རིའི་ཅལ་པིན་སློབ་གྲྭ་ནས་སྔོན་འགྲོའི་སློབ་སྦྱོང་ཐོན་པ་དང་། རང་ལོ་ ༡༥ སྟེང་(Choate Rosemary Hall)མཐོ་སློབ་ཏུ་ཞུགས་པ་དང་། དེའི་རྗེས་ཨ་རིའི་པིན་སེལ་ཝ་ནེ་ཡ་མངའ་སྡེའི་དཔལ་འབྱོར་རིག་པའི་གཙུག་ལག་སློབ་གྲྭར་ཞུགས་ཏེ། ༢༠༠༤ ལོར་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པ་ཐོན་ཡོད།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རང་ཉིད་ཀྱི་བུ་མོ་ཨ་བན་ཀ་ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་དང་སྲིད་འཛིན་གྱི་སློབ་སྟོན་པར་བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བསྒྲགས་སྐབས། ཨ་རིའི་ལས་བྱེད་འཛིན་སྐྱོང་ཚན་པས། ཊི་རུམ་ཕིས་རང་གི་ཉེན་ཉེ་གཞུང་གི་ལས་བྱེད་དུ་བསྐོ་བཞག་བྱས་པ་ནི། གཞུང་གི་ལས་བྱེད་བསྐོ་བཞག་གི་ཁྲིམས་ལུགས་ལ་བརྩི་བཀུར་མ་བྱས་པ་ཡིན་སྐོར་སྐྱོན་བརྗོད་བྱས་སྟབས། ཨ་བན་ཀ་ཊི་རུམ་ཕི་ཡིས་གནད་དོན་དེའི་ཐད་ཁྲིམས་གཏུག་བྱས་ཏེ་ཉིན་ལྔའི་ནང་ཁོང་མོར་ཁ་མཆུ་ཐོབ་སྟེ། ཕོ་བྲང་དཀར་པོའི་ལས་བྱེད་གནང་ཆོག་པའི་ཐག་གཅོད་བྱུང་ཡོད་སྟབས། ཟླ་ ༣ ཕྱི་ཚེས་ ༢༩ ཉིན་ནས་བཟུང་ཁོ་མོ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕྱག་ལས་མགོ་འཛུགས་གནང་ཡོད།

ཨ་བན་ཀ་ཊི་རུམ་ཕི་ནི་ཨ་རིའི་སྐུ་དྲག་གསར་པའི་སྲས་དང་སྲས་མོ་ཚོའི་གྲས་ནས་སློབ་སྦྱོང་དང་ཤེས་འཇོན་གཉིས་ལྡན་གྲས་ཤིག་ཡིན་པ་དང་། ཁོང་མོས་ཕོ་བྲང་དཀར་པོའི་སློབ་སྟོན་པའི་ལས་འགན་འཁུར་སྐབས། མོ་རང་གིས་ཨ་རིའི་མི་མང་ལ་ཞབས་ཞུ་བསྒྲུབ་འདོད་ཆེན་པོ་ཡོད་པ་མ་ཟད། དེ་སྔོན་ནས་བུད་མེད་ཀྱི་རང་དབང་དང་ཐོབ་ཐང་སྐོར་ལ་འགན་འཁུར་ཆེན་པོ་ལེན་གྱི་ཡོད་པ་དང་། ཕོ་བྲང་དཀར་པོའི་ནང་སློབ་སྟོན་པའི་ལས་ཀ་བྱས་པ་དེར་ཡང་གླ་ཆ་ལེན་རྒྱུ་མིན་སྐོར་སོགས་བརྗོད་ཡོད་ལ། ཁོང་མོའི་ཁྱོ་ག་སྐུ་ཞབས་རྗར་ཌི་ཁུ་ཤཱི་ནིར་(Jared Kushner)ལགས་ཀྱང་ཕོ་བྲང་དཀར་པོའི་སྲིད་འཛིན་གྱི་སློབ་སྟོན་པར་བསྐོས་ཡོད་པ་རེད།

བརྒྱུད་ལམ་ཁག་ཅིག་ནང་ཨ་བན་ཀ་ཊི་རུམ་ཕི་ཡིས་དེ་སྔ་དགའ་རོགས་མང་པོ་སྒྲིག་ཡོད་པ་དང་། དགའ་རོགས་ཚང་མ་ཨ་རི་དང་རྒྱལ་སྤྱིའི་སྟེང་མིང་གྲགས་ཡོད་པ་ཤ་སྟག་ཡིན་འདུག ཁོ་མོས་ཐེངས་ཤིག་དགའ་རོགས་ནང་དུ་ཁྲིད་པར་ཨ་ཕར་ཞེད་ཀྱི་འདུག་ཅེས་བརྗོད་ཡོད་སྟབས། ཨ་ཝན་ཀ་ནི་ཕ་མར་བརྩི་བཀུར་ཡོད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད། ཨ་བན་ཀ་ཡི་དགའ་རོགས་དག་གི་ཁྲོད། ཨ་རིའི་གློག་བརྙན་(Spiderman)ཞེས་བའི་འཁྲབ་སྟོན་པ་ཊོ་ཧྥར་གྷིར་སི་དང་། ཨ་རིའི་རྐང་འཁོར་ཆེད་མཁས་པ་ལཱན་སེ་ཨམ་སི་ཊི་གྷར། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སི་བཱི་ལམ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཇམ་སུ་གྷོ་བྷི་ལི་སོགས་ཡིན་འདུག འོན་ཀྱང་། ཇམ་སུ་གྷོ་བྷི་ལི་ཡིས་ ༢༠༡༦ ལོར་ཐ་མག་ནག་ཚོང་བརྒྱབ་སྟེ་འཛིན་བཟུང་ཐེབས་ཡོད།

༢༠༠༩ ལོར་ཨ་བན་ཀ་ཊི་རུམ་ཕི་དང་ཁོ་མོའི་ད་ལྟའི་ཁྱོ་ག་རྗར་ཌི་ཁུ་ཤཱི་ནཱར་གཉིས་གཉེན་སྒྲིག་བྱས་ཏེ། ད་ཆར་ཕྲུ་གུ་བུ་གཉིས་དང་བུ་མོ་གཅིག་ཡོད། ཨ་བན་ཀས་རྗར་ཌི་ཁུ་ཤཱི་ནཱར་དང་གཉེན་སྒྲིག་བྱས་རྗེས་ཇེའུ་ཆོས་ལུགས་(Judaism)སུ་ཞུགས་ཡོད་པ་དང་། ཇེའུ་ཆོས་ལུགས་ལྟར་ན་གཟའ་མཇུག་ལ་(Shabbat)ཞེས་གུང་སེང་གཏོང་སྲོལ་ཡོད་པ་དང་། གུང་སེང་དེ་གཟའ་པ་སངས་ཀྱི་ཉི་མ་མ་ནུབ་གོང་གི་སྐར་མ་འགའ་ནས་རྩིས་ཏེ་གཟའ་སྤེན་པའི་མཚན་མོར་གནམ་མཁའ་ལ་སྐར་མ་གསུམ་མ་ཤར་བར་སྲུང་གཙི་བྱེད་དགོས་ཤིང་། དུས་ཡུན་དེའི་རིང་ནང་མི་དང་གྲོགས་པོ་ལྷན་དུ་སྤྲོ་འཆམ་སོགས་ཀྱི་རྩེད་འཇོར་རོལ་བ་ལས་འཕྲུལ་ཆས་དང་གློག་རིགས་ལ་ལག་པ་འཆང་མི་ཆོག དཔེར་ན། རླངས་འཁོར་གཏོང་བ་དང་གནམ་གྲུར་སྡོད་པ། ཁ་པར་དང་གློག་ཀླད་སོགས་བེད་སྤྱོད་གཏོང་མི་ཆོག་སྟབས། ཨ་བན་ཀ་དང་ཁུ་ཤཱི་ནར་གཉིས་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཡིན་སྟབས། ཛ་དྲག་གི་ལས་དོན་རིགས་འཐུས་ཤོར་དུ་འགྲོ་སྲིད་པའི་གླེང་སློང་ཡོང་གི་ཡོད་ཀྱང་། གནད་དོན་གལ་ཆེན་ལ་ཐུག་སྐབས་ཇེའུ་ཆོས་དཔོན་ལ་དགོངས་ཁྲོལ་ཞུ་ལམ་སྲོལ་ཞིག་ཡོད་འདུག

ཨ་བན་ཀ་ཊི་རུམ་ཕིས་དེབ་ཅིག་བརྩམས་ཡོད་པ་དེ་ཟླ་འདིའི་ཕྱི་ཚེས་ ༢ ཉིན་སྒོ་འབྱེད་བྱས་ཡོད་པ་དང་། དེའི་ཁ་བྱང་ལ་ལས་ཀ་ཅན་གྱི་བུད་མེད་(Women Who work)ཅེས་བུད་མེད་ཚོས་ཚོང་ལས་ཙག་ཙིག་ནས་མགོ་བཙུགས་ཏེ་བུད་མེད་ཁེ་ལས་པ་ཇི་ལྟར་བྱ་དགོས་མིན་ཐད་སོ་སོའི་ཉམས་མྱོང་དང་བསམ་ཚུལ་གཞི་ལ་བཞག་སྟེ་བྲིས་ཡོད་འདུག དེབ་དེའི་ནང་ཁོ་མོས་ཇེའུ་ཆོས་ལུགས་ཀྱི་གུང་སེང་སྲུང་གཙི་བྱེད་ཕྱོགས་སྐོར་ལ་ “ཉིན་དེར་ང་ཚོས་གློག་རིགས་ལ་ལག་པ་རྩ་བ་ནས་འཆང་གི་མེད། དཔེར་ན། འཕྲིན་ཡིག བརྙན་འཕྲིན། ཁ་པར་གཏོང་བ། དེ་བཞིན། དྲ་རྒྱ་སོགས་ཚང་མ་བཀག་སྟེ། དུས་ཚོད་དེའི་རིང་ང་ཚོས་ཕན་ཚུན་བར་ཡིད་ཆེས་དང་མཛའ་འབྲེལ་ཇེ་ཟབ་དུ་གཏོང་གི་ཡོད་” ཅེས་སོགས་འཁོད་ཡོད་འདུག

ཨ་བན་ཀ་ཊི་རུམ་ཕི་དེ་སྔ་གྱོན་གསར་དང་གཟུགས་བཟང་འགྲེམ་སྟོན་མ་ཞིག་དང་། ༡༩༩༧ ལོར་ཁོ་མོ་རང་ཉིད་ཀྱི་ཨ་ཕས་གཙོ་གཉེར་བྱེད་ཀྱིན་པའི་འཛམ་གླིང་ན་གཞོན་མཛེས་མའི་འགྲན་བསྡུར་སྐབས་བརྙན་འཕྲིན་མདོ་འཛིན་པ་བྱས་པ་དང་། དེ་མིན་གྱི་བརྙན་འཕྲིན་དང་དུས་དེབ་མང་པོའི་མཛེས་མའི་སྡིངས་ཆར་བསླེབས་མྱོང་ཡོད་ཅིང་། ཕྱི་སུ་ཁོ་མོ་རང་ཉིད་ཀྱི་ཨ་ཕའི་བཟོ་གྲྭར་ཞུགས་ཏེ་ཨ་རིའི་ནང་གི་བུད་མེད་ཚོང་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རང་ཉིད་ལ་ཚོང་རྟགས་དང་། གསེར་དང་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་ཡོད། དེ་དང་མཉམ་དུ་ཁོ་མོས་ཊི་རུམ་ཕི་བཟོ་གྲྭའི་སྤྱི་ཁྱབ་གཞོན་པའི་འགན་ཡང་འཁུར་མྱོང་ཡོད་ཀྱང་། ད་ལྟ་ཁོ་མོས་ལས་གནས་དེ་དག་ཚང་མ་བློས་བཏང་ཡོད་པ་མ་ཟད། དེ་སྔའི་རང་ཉིད་ཀྱི་ཚོང་ཁང་དེའང་མ་རྩ་ཙམ་བླངས་ཏེ་ཨ་རིའི་སྤྱི་ཚོགས་ཐེབས་རྩ་ཚོགས་པ་ཞིག་ལ་སྤྲད་དེ། ཕོ་བྲང་དཀར་པོའི་ནང་གླ་མེད་ལས་ཀ་བྱེད་བཞིན་ཡོད་པ་རེད།

སྔར་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། ཨ་བན་ཀ་དང་ཁོ་མོའི་ཁྱོ་ཀ་གཉིས་ཀྱིས་ཌོ་ནིལ་ཊི་རུམ་ཕི་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང་། ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་མ་ཐག་ཁོ་གཉིས་རང་གི་སློབ་སྟོན་པར་བསྐོས་ཏེ་ཕོ་བྲང་དཀར་པོའི་ནང་བླངས་པ་དེ་ནི། མ་འོངས་པར་སྲིད་འཛིན་ཊི་རུམ་ཕིས་ཡིད་ཆེས་བློས་གཏད་བྱེད་ཡུལ་གཙོ་བོ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། སྲས་མོ་ཨ་བན་ཀ་ནི་འབྱུང་འགྱུར་གྱི་ཨ་རིའི་སྲིད་འཛིན་རིམ་པའི་སྐབས་སུའང་ཆབ་སྲིད་མི་སྣ་གཙོ་གྲས་ཤིག་ཆགས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཊི་རུམ་ཕི་ཨ་རིའི་སྲིད་འཛིན་གྱི་ངེས་སྟོན་པར་གྱུར་བ་ནས་བཟུང་། ཁོ་མོས་ཨ་རིའི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དང་ཁྱིམ་ཚང་། བྱིས་པའི་མདུན་ལམ་སོགས་ཀྱི་ཐད་ཕྱག་ལས་གནང་མགོ་བརྩམས་ཡོད་པ་དང་། ཊི་རུམ་ཕིའི་འཛིན་སྐྱོང་འོག་ཨ་རིའི་གཞུང་གིས་ལོ་རེར་ཨ་སྒོར་དུང་ཕྱུར་ ༢༥ ཙམ་གྱི་འགྲོ་སོང་བཏང་སྟེ། བྱིས་པ་སྐྱེ་རྒྱུ་ཡོད་པའི་ཕ་མ་ཚོར་ལོ་གཅིག་གི་ཐོབ་གསེང་སྟེང་། གླ་ཡོད་གུང་གསེང་བདུན་ཕྲག་ ༦ ཁ་སྣོད་བྱས་ཏེ་དཔལ་འབྱོར་དང་ངལ་གསོའི་ཁེ་ཕན་སྐྲུན་ཡོད་ཅིང་། ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་ཅིག་གིས་སྲིད་ཇུས་དེའི་གྲོས་སྟོན་པ་ཨ་བན་ཀ་ཊི་རུམ་ཕི་ཡིན་སྐོར་བརྗོད་ཡོད།

ཨ་བན་ཀ་ཊི་རུམ་ཕི་ཡིས་འཇར་མན་དུ་ཚོགས་པའི་རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་སྟེང་། རང་ཉིད་ཕྲུ་གུ་གསུམ་གྱི་ཨ་མ་ཞིག་ཡིན་པའི་ཉམས་མྱོང་གཞིར་བཞག་སྟེ། ཨ་རིའི་ནང་གི་བྱིས་པའི་ཕ་མ་ཚོར་ཁེ་ཕན་དང་བུད་མེད་ཁེ་ལས་པ་སྐྱེད་སྲིང་ཆེད་འཆར་གཞི་མང་པོ་སྒྲིག་ཡོད་སྐོར་བརྗོད་ཡོད། ཨ་བན་ཀ་ཊི་རུམ་ཕི་ཡིས་ད་བར་འཇར་མན་སྲིད་བློན་ཨན་ཇི་ལཱ་མཱ་ཁེལ་དང་ཁེ་ན་ཌིའི་སྲིད་བློན་རྗ་སི་ཊིན་སོགས་གཙོས་འཛམ་གླིང་གི་དབུ་ཁྲིད་ཁག་དང་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༡༧ ཉིན་ཨ་བན་ཀས་རང་ཉིད་ཀྱི་ཨ་ཕ་མེད་ཤུལ་དུ་ཕོ་བྲང་དཀར་པོའི་ནང་ཚོགས་འདུ་བསྐོངས་ཏེ། ཨ་རིའི་མཐོ་རིམ་ལས་བྱེད་ཁག་དང་ལྷན་དུ་རང་ཉིད་ཀྱི་ཨ་ཕའི་སྲིད་ཇུས་ཏེ། ཕྱི་མི་གནས་སྤོ་བཀག་སྡོམ་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 1

  1. བསོད་དར། says:
    ལོ་ 9 སྔོན།

    གསར་འགྱུར་ཀློག་སྤྲོ་བོ་བྲིས་འདུག ཐུགས་རྗེ་ཆེ། ཁྲོམ་རྒན་འདིས་རང་གི་བུ་མོ་སྣང་བར་འགྲོ་གི་ཡོད་པ་མིན་པའི་སྨོན་ལམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese