མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ན་ཚ་མཉམ་འབྲེལ་རྒྱལ་ཚོགས་ལ་འགོ་བཞིན་པ།

བོད་ཀྱི་དུས་བབ།
༢༠༡༧/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སོ་ཕྷི་རི་ཆརཌ་སཱན་གྱིས་བརྩམས།
(Sophie Richarson, Human Rights Watch, 24 May 2017)
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

༢༠༡༧ ཟླ་ ༡ ཚེས་ ༡༨ ཉིན་སུད་སིའི་རྒྱལ་ས་ཇེ་ནེ་ཝ་རུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུ་རོབ་སྤྱི་ཁྱབ་ལས་ཁུངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་རིམ་པ་མཐོ་བའི་མཛད་སྒོ་ཞིག་གི་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་སྤེལ་བཞིན་པ།

“ཤར་ལྷོ་ནུབ་བྱང་གི་ཕྱོགས་མཚམས་ཐམས་ཅད་དུ་ན་ཚ་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་འདུག” འདི་ནི་ལོ་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཀྲོ་ནོ་གྷུ་ཀྲ་རེ་སེ་ཡིས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་མེད་པའི་སྐོར་བརྗོད་པའི་རྣམ་པ་རེད། འོན་ཀྱང་གྷུ་ཀྲ་རེ་སེ་ཡིས་རྒྱལ་ཚོགས་ནང་ལོགས་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་གནོན་ཤུགས་སྤྲོད་ཚུལ་ཏེ་དམིགས་བསལ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཚོགས་ཆུང་གི་གཏན་འཇགས་ཚོགས་མི་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལྟེ་བ་ལ་གནོན་ཤུགས་སྤྲོད་ཕྱོགས་ཐད་ལའང་དོ་ཁུར་བྱ་དགོས་ཀྱི་ཡོད།

ཡུན་རིང་རྒྱ་ནག་གཞུང་འོག་གཉའ་གནོན་མྱོང་བཞིན་པའི་ཡུ་གུར་ཁ་ཆེ་བ་རྣམས་ཀྱི་བདེ་དོན་ཆེད་དུ་ཇར་མན་གྱི་སྙན་གྲགས་ཅན་གྱི་ལས་འགུལ་བ་ཌོལ་ཀུན་ཨི་སཱ་སྤྱི་ཟླ་ ༤ ཚེས་ ༢༦ ཉིན་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་སྐོང་བཞིན་པའི་གདོད་མའི་མི་རིགས་ཀྱི་གནད་དོན་གླེང་སྟེགས་ཤིག་ལ་བཅར་ཡོད། ཁོང་གླེང་སྟེགས་དེར་ཞུགས་རྒྱུའི་ཆོག་མཆན་ཆ་ཚང་ཐོབ་ཡོད་ཀྱང་ཨི་སཱ་ཡིས་བརྗོད་པ་ལྟར་ན། ལྷན་ཚོགས་ཁང་ཨང་ ༤ སྐྱོད་བཞིན་པའི་སྐབས་ཚོགས་ཁང་གི་བར་འཁྱམས་ནས་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣས་ཁོང་གི་ལམ་ཁ་བཀག་སྟེ་འཕྲལ་མར་ས་ཁུལ་དེ་ནས་ཁ་བྲལ་དགོས་ཚུལ་བརྗོད་ཡོད་འདུག ཉིན་རྗེས་མར་ཡང་ཁོང་གི་ཚོགས་བཅར་གྱི་ངོས་བཞེས་ཆོག་མཆན་རྩིས་མེད་དུ་སོང་མེད་ནའང་འཛུལ་ཞུགས་བྱ་རྒྱུར་བསྐྱར་དུ་བཀག་འགོག་བྱས་ཡོད་ལ། སྤྱི་ཚེས་ ༢༨ གླེང་སྟེགས་འདི་བསྐྱར་དུ་མགོ་འཛུགས་བྱེད་སྐབས་ཀྱང་བཀག་འགོག་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་དེའི་སྐོར་ལ་འགྲེལ་བརྗོད་དགོས་ཚུལ་བརྗོད་སྐབས་རྒྱལ་ཚོགས་ཀྱི་མགྲིན་ཚབ་ལས་ཁུངས་ནས་གནས་དོན་དེའི་སྐོར་ལ་ཤེས་རྟོགས་མེད་ཚུལ་བརྗོད་ཡོད།

དོན་རྐྱེན་དེ་རིགས་ནི་ཐེངས་དང་པོར་བྱུང་བ་དེ་འདྲ་མ་ཡིན། སྤྱི་ཟླ་དང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇེ་ནི་ཝ་རུ་ཡོད་པའི་རྒྱལ་ཚོགས་ལས་ཁུངས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཕེབས་བསུ་ཞུ་སྐབས་ལས་དོན་འཆར་འགོད་ཀྱི་དགོས་མཁོ་ལ་བསྙད་དེ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་ ༣,༠༠༠ ལྷག་ཙམ་ཇེ་ནི་ཝ་རུ་བཏང་ཡོད་ཅིང་། ད་དུང་ལས་ཁུངས་ཀྱི་ས་ཁང་གཡས་གཡོན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མི་སྣ་རྣམས་འཛུལ་ཞུགས་བྱ་རྒྱུར་བཀག་འགོག་ཀྱང་བྱས་ཡོད། སྤྱི་ཁྱབ་དྲུང་ཆེ་གྷུ་ཀྲ་རེ་སེ་ཡི་སྲིད་འཛིན་ཞི་ཅིན་ཕིན་ངོ་སྤྲོད་གཏམ་བཤད་ནང་། རྒྱ་ནག་གིས་རྒྱལ་ཁབ་ཁག་ཕན་ཚུན་བར་གྱི་མཉམ་འབྲེལ་གོང་བུ་གཅིག་འགྱུར་གྱི་རྩ་དོན་དང་རྒྱལ་ཚོགས་ལ་བཅངས་པའི་ལར་ཞེན་དང་ཆོད་སེམས་ལ་ངོ་བསྟོད་བྱས་པ་མ་གཏོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཕྱོགས་ཐོག་ལ་སེམས་ཁུར་ཡོད་པ་རྣམ་པ་གང་ཡང་བསྟན་མེད།

དེ་ཡང་ལས་འགུལ་བ་ཀཱའོ་ཞུན་ལི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བསྐོང་ཚོགས་བྱས་པའི་རྒྱ་ནག་གི་སྤྱི་ཡོངས་དུས་མཚམས་སོ་སོའི་བསྐྱར་ཞིབ་གླེང་སྟེགས་ནང་འཛུལ་ཞུགས་བྱ་ཐབས་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོ་མོ་བཙོན་འཇུག་བྱས་ཏེ་ ༢༠༡༤ ལོར་ཁོ་མོ་བཀག་ཉར་འོག་འདས་གྲོངས་སུ་ཕྱིན་ཏེ་ད་བར་ལོ་ངོ་གསུམ་ཕྱིན་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ཁོ་མོའི་འཆི་རྐྱེན་ལ་འགན་འཁྲི་ཡོད་སྲིད་པའི་མི་སྣ་རྣམས་ལ་ཉེས་ཆད་འགེལ་རྒྱུ་ལྟ་ཅི་ཐ་ན་ཁོ་མོ་འཆི་རྐྱེན་ཐད་ལ་འགྲེལ་བརྗོད་འདང་ངེས་ཤིག་ཀྱང་བརྒྱབ་མེད།

ཡོང་འཆར་གྱི་བདུན་ཕྲག་འགའ་ཞིག་གི་ནང་ཆེས་ཉམ་ཐག་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་མི་སྣ་ཕི་ལིབ་ཨལ་སེ་ཀྲོན་གྱིས་ཁོང་གི་ ༢༠༡༦ ཟླ་ ༨ ནང་རྒྱ་ནག་ཏུ་རྟོག་ཞིབ་འཚམས་གཟིགས་སུ་སུ་བསྐྱོད་པའི་སྙན་ཐོ་སྒྲོག་སྦྱང་ཞུ་རྒྱུ་ཡིན་ཞིང་འཚམས་གཟིགས་དེའི་སྐབས་སུ་གཞུང་འབྲེལ་མི་སྣས་ཁོང་གི་རྟོག་ཞིབ་ལ་བཀག་འགོག་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཁྲིད་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ “ན་ཚ་”རྩ་མེད་གཏོང་ཕྱོགས་དང་། རྒྱལ་ཚོགས་ཀྱི་བྱ་གཞག་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་ཀ་བ་འདི་སྲུང་སྐྱོབ་བྱ་རྒྱུའི་ཐད་དོ་ནན་ཆེན་པོ་བྱ་དགོས། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་གཅིག་མཚུངས་ཀྱི་བདག་ཐོབ་ཡོད་ཚུལ་ཡོངས་གྲགས་ཀྱི་སྒོ་ནས་གསལ་སྟོན་དང་། ཐོབ་ཐང་དེ་རིགས་ལ་རྡོག་རོལ་གཏོང་བའི་རྒྱ་ནག་གི་འབད་ཐབས་ལ་ཤུགས་དྲག་ཆེན་པོས་འགོག་རྒོལ་བྱ་རྒྱུ་དེ་ཡིན་པ་རེད།

མ་རྩོམ་གྱི་དྲ་གནས་ཁ་བྱང་ http://tibet.net/2017/05/chinas-rights-abuses-infect-un/

 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese