མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བྱིས་པའི་སློབ་གྲྭ་ཞིག་ཏུ་འགད་རྫས་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༧/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཅང་སུའུ་ཞིང་ཆེན་གྱི་བྱིས་པའི་སློབ་གྲྭ་ཞིག་ཏུ་འགད་རྫས་དོན་རྐྱེན་བྱུང་སྟེ་མི་ ༨ ཀྱི་ཚེ་སྲོག་ཤོར་བ་དང་མི་ ༦༥ རྨས་སྐྱོན་ཕོགས་ཡོད་པ་དང་། དོན་རྐྱེན་བཟོ་མཁན་དེ་དྲག་སྤྱོད་པ་ཡིན་མིན་བཤད་ཚུལ་གཉིས་ཡོང་གི་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༥༠ སྟེང་། རྒྱ་ནག་ཅང་སུའུ་ཞིང་ཆེན་ཧྥིང་ཞིན་རྫོང་ (Fengxian County) དུ་ (Chuangxin Kindergarten) ཞེས་པའི་བྱིས་པའི་སློབ་གྲྭ་ཞིག་གི་ནང་འགད་རྫས་དོན་རྐྱེན་བྱུང་སྟེ་མི་ ༨ འདས་གྲོངས་དང་མི་ ༦༥ ལ་རྨས་སྐྱོན་ཚབ་ཆེན་ཕོགས་ཡོད་པ་དང་། འགད་རྫས་དོན་རྐྱེན་དེ་ཇི་ལྟར་བྱུང་མིན་ད་སྔ་གསལ་ཁ་བྱུང་མི་འདུག

ས་ཁུལ་དེའི་ཡུལ་མི་ཚོས་བྱིས་པའི་སློབ་གྲྭར་ཟ་མ་བཟོ་བར་རླངས་གཟུགས་མང་པོ་བེད་སྤྱོད་གཏོང་གི་ཡོད་སྟབས། དོན་རྐྱེན་དེ་རླངས་གཟུགས་འགད་འཐོར་བྱུང་བ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། ས་གནས་སྤྱི་བདེ་ཉེན་རྟོག་པས་དོན་རྐྱེན་དེའི་ཐད་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག

རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། འགད་རྫས་དོན་རྐྱེན་དེ་ནི་ཁྲིམས་འགལ་གྱི་ཉེས་དོན་ཞིག་ཡིན་པ་དང་། ད་ལྟ་དོན་རྐྱེན་བཟོ་མཁན་དོགས་ཡོད་མི་སྣ་ཞིག་ངོས་འཛིན་བྱུང་ཡོད་ལུགས་བཤད་ཡོད་ཀྱང་། མི་སྣ་དེ་སུ་ཡིན་མིན་གསལ་བཤད་བྱས་མེད་པ་རེད།

འགད་རྫས་དོན་རྐྱེན་བྱུང་སྐབས། ཕ་མ་མང་པོས་བྱིས་པའི་སློབ་གྲྭའི་སྒོ་འགྲམ་དུ་འཛོམས་ནས་བྱིས་པ་ལེན་རྒྱུར་སྒུག་སྡོད་པའི་སྐབས་ཡིན་འདུག ཡུལ་ངོས་ཀྱི་དཔང་མི་ཞིག་གིས། འགད་རྫས་དོན་རྐྱེན་དེ་ཕྱི་དྲོའི་སློབ་གྲྭ་གྲོལ་བའི་ཅོང་བརྡ་གྲགས་པ་དང་ལྷན་དུ་བྱུང་ཡོད་སྐོར་བརྗོད་འདུག མི་མང་བདེ་སྲུང་ལྷན་ཁང་གིས་དོན་རྐྱེན་བྱུང་སའི་ཡུལ་ངོས་དེར་ཉེན་རྟོག་རུ་ཁག་ཅིག་ཆེད་གཏོང་གིས་དོན་རྐྱེན་དེར་ཞིབ་བཤེར་བྱེད་ཀྱིན་ཡོད་ཚུལ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བརྗོད་འདུག

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དོན་རྐྱེན་དེའི་སྐོར་གྱི་བརྙན་ཐུང་མང་པོ་བཏང་ཡོད་པའི་ནང་། འགད་རྫས་དོན་རྐྱེན་དེ་ནི་བྱིས་པའི་སློབ་གྲྭ་དེའི་རྩེད་ཐང་དུ་བྱུང་ཡོད་པ་དང་། དོན་རྐྱེན་ཁྲོད་ཤི་རྨས་ཐེབས་མཁན་མང་ཆེ་བ་བྱིས་པ་དང་བྱིས་པའི་ཕ་མ་ཡིན་འདུག

ན་ནིང་རྒྱ་ནག་ཧྥི་ཅིན་ (Fujian) ཞིང་ཆེན་གྱི་གཞི་རིམ་སློབ་གྲྭ་ཞིག་གི་ནང་ལག་ཏུ་གྲི་ཐོགས་པའི་རྒྱ་མི་དྲག་སྤྱོད་པ་ཞིག་གིས་སློབ་གྲྭ་དེའི་དགེ་སློབ་ ༡༧ ལ་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་པ་དང་། ༢༠༡༠ ལོའི་ཕྱི་ཟླ་ ༣ པར་རྒྱ་ནག་གི་གཞི་རིམ་སློག་གྲྭ་གཞན་ནང་ལག་ཏུ་སྟར་གྲི་དང་ཚལ་གྲི་ཐོགས་པའི་རྒྱ་མི་ཞིག་གིས་སློབ་མ་ ༢༥ བསད་པ་དང་མི་ ༡༡༥ རྨས་སྐྱོན་བཟོས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་རིགས་དྲག་སྤྱོད་པ་དེའི་སེམས་ཁམས་ཐང་པོ་མེད་ཚུལ་ལུགས་འགྲེལ་བརྗོད་བྱས་འདུག

ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་ནག་གི་བྱིས་པའི་སློབ་གྲྭ་ཁག་ནང་དྲག་སྤྱོད་ཀྱི་དོན་རྐྱེན་མང་པོ་བྱུང་ཡོད་པ་དང་། དྲག་སྤྱོད་སྤེལ་མཁན་མང་ཆེ་བ་ཁྱིམ་མཚེས་དང་སྤྱི་ཚོགས་ཁོར་ཡུག་གི་རྙོག་འཛིང་གི་རྐྱེན་པས་སེམས་ཁམས་ཐང་པོ་མེད་མཁན་རྒྱ་རིགས་ཤ་སྟག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist