མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་སྤྱི་ཁྱབ་གསར་པས་ ‘ང་རྒྱ་ནག་གི་རྒྱུག་ཁྱི་མིན’ ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

བྷི་བྷི་སི་གསར་ཁང་གིས་ ༢༠༡༧།༦།༢༡ ཉིན་སྤེལ།
གསར་འགོད་པ་ལྕམ་ཀེར་གྷིར་སི་(Carrie Gracie)ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་གསར་བ་ལྕམ་ཀེར་ལཱམ་(Carrie Lam)ལགས་སུ་ཧོང་ཀོང་སྤྱི་ཁྱབ་གསར་བའི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་མྱོང་ཚོར་དང་འབྲེལ་ཏེ། ཧོང་ཀོང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་ཡོད་པ་དང་། སྐབས་དེར་ཁོ་མོས་སྐད་ཆ་འགའ་ཐད་ཀར་བཤད་ཡོད་ཀྱང་། བཅར་འདྲིའི་སྐབས་ལྕམ་ཀེར་ལཱམ་ལ་ཞེད་སྣང་སྐྱེས་བ་ལྟ་བུ་ཡང་ནས་ཡང་དུ་བཅར་འདྲི་བྱེད་སའི་ཁང་པ་དེའི་སྒོའི་ཕྱོགས་སུ་བལྟས་ཏེ་གསར་འགོད་པར། ཁྱོད་རང་གི་དྲི་བ་དེ་དག་ཐད་ཀར་དང་དྲང་མོ་མིན་ཚུལ་སོགས་བརྗོད་ཡོད་ཀྱང་། གསར་འགོད་པ་ལྕམ་ཀེར་གྷིར་སི་ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་གསར་བའི་དམ་བཅའི་མཛད་སྒོ་མ་འཚོགས་གོང་ལྕམ་ཀེར་ལཱམ་ལགས་སུ་བཅར་འདྲི་ཞུ་ཐུབ་ཡོད་འདུག

གསར་འགོད་པས། དྲང་མོ་བཤད་ན། ལྕམ་ཀེར་ལཱམ་གྱིས་སྤྱི་ཁྱབ་གསར་བའི་དམ་འབུལ་མ་ཞུས་གོང་ནས་བཅར་འདྲི་དང་ལེན་བྱས་སོང་བ་དང་། སྐབས་དེར་ཁོ་མོས་དྲིས་ལེན་འགའ་ཕྱི་གསལ་ནང་གསལ་བཟོས་ཡོད། འོན་ཀྱང་། ཧོང་ཀོང་སྤྱི་ཁྱབ་ཟུར་བ་ལིང་ཁྲིན་ཡེན་(CY Leung)གྱིས་ལོ་ལྔའི་རིང་ཧོང་ཀོང་སྤྱི་ཁྱབ་ཀྱི་འགན་འཁུར་སྐབས་བྷི་བྷི་སིའི་བཅར་འདྲི་ཐེངས་གཅིག་ཀྱང་དང་ལེན་བྱས་མེད་པ་དང་།  དེ་ནི་ཁྱད་པར་ཞིག་ཡང་མཐོང་གི་འདུག

ལྕམ་ཀེར་ལཱམ་ནི་རཱོ་མན་ཁཱེ་ཐོ་ལི་ཁུ་(Roman Catholic)ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་པ་དང་། གཅིག་བྱས་ན་ལས་འབྲས་ཀྱིས་ཁོ་མོ་དེད་དེ་ཧོང་ཀོང་གི་ལས་གནས་མཐོ་ཤོས་དེ་འཚོལ་དུ་བཅུག་ཡོད་ཀྱང་སྲིད། གང་ལྟར་ཧོང་ཀོང་སྤྱི་ཚོགས་ནང་། ཁོ་མོར་མཚན་སྙན་གྲགས་ཡག་པོ་མེད་པ་གསལ་བོ་ཆགས་ཡོད།  དེ་སྔོན་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་སྐབས། ཁོ་མོར་སྐྱོན་བརྗོད་དང་ཉེས་འཛུགས་བྱེད་མཁན་མང་དྲགས་སྟབས། སྤྱི་ཚོགས་ནང་ཕྱིར་འཐོན་མ་ཐུབ་པ་སོགས་ཀྱི་གནས་ཚུལ་མངོན་སུམ་བྱུང་ཡོད་ཀྱང་། འོས་བསྡུའི་མཐའ་མར་ལྕམ་ཀེར་ལཱམ་ལ་ཚོང་པ་དང་པེ་ཅིན་མཐུན་ཕྱོགས་ཀྱི་འོས་བསྡུ་ལྷན་ཚོགས་ཀྱི་འཐུས་མི་དག་གིས་རྒྱབ་སྐྱོར་འོག་འོས་གྲངས་ ༧༧༧ ཐོབ་སྟེ་ཧོང་ཀོང་སྤྱི་ཁྱབ་གསར་བའི་གོ་གནས་ཐོབ་ཡོད། འོན་ཀྱང་། འོས་བསྡུ་ལྷན་ཚོགས་དེ་ཚོགས་པ་འདྲ་མིན་གྱི་འཐུས་མི་ལས་གྲུབ་ཡོད་པ་ལྟར། ཁོ་མོར་མི་མང་འཐུས་མིའི་བརྒྱ་ཆ་ ༡ གིས་མ་གཏོགས་འོས་བླུགས་མེད་སྟབས། ངས་ལྕམ་ཀེར་ལཱམ་ལགས་སུ་ཁོ་མོར་ཧོང་ཀོང་མི་མང་གི་བསམ་ཚུལ་དང་རྒྱབ་སྐྱོར་མེད་པར་ཧོང་ཀོང་ཇི་ལྟར་མདུན་དུ་འཁྲིད་རྒྱུ་ཡིན་ནམ་ཞེས་དྲིས་བར་ཁོ་མོས།  “དེ་ནི་ཨང་གྲངས་མང་པོ་ཡོད་མེད་ཀྱི་གནད་དོན་ཞིག་མ་ཡིན་པར་ཁྲིམས་མཐུན་ཡིན་མིན་གྱི་དྲི་བ་ཞིག་ཆགས་ཡོད། ང་ཚོ་ཚང་མས་ཤེས་གསལ་ལྟར། ཧོང་ཀོང་འོས་བསྡུ་ལྷན་ཚོགས་ནི་ཧོང་ཀོང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཐུས་ཚབ་ཁག་གིས་གྲུབ་པའི་ལྷན་ཚོགས་ཤིག་ཡིན་སྟབས། དེ་ནི་ཁྲིམས་མཐུན་གྱི་རྒྱལ་ཁ་ཞིག་ཆགས་ཡོད་”ཅེས་བརྗོད་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཚོས་ཧོང་ཀོང་འོས་བསྡུ་ལྷན་ཚོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ། མི་རེ་ངོ་རེར་འོས་ཤོག་འཕེན་པའི་ཐོབ་ཐང་དགོས་པ་ལས་འོས་བསྡུ་ལྷན་ཚོགས་ཤིག་དགོས་དོན་མི་འདུག་ཅེས་ངོ་རྒོལ་བརྒྱབ་ཡོད། སྐབས་དེར་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་སྤེལ་ཏེ་དམངས་གཙོ་དོན་གཉེར་བ་ཚོས་ཟླ་ ༣ མ་ཟིན་ཙམ་རིང་ཧོང་ཀོང་གྲོང་ཁྱེར་གྱི་ཚོང་འབྲེལ་ལྟེ་བ་བཟུང་སྟེ་ཧོང་ཀོང་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། དེས་པེ་ཅིན་གཞུང་ལ་འགུལ་སྐྱོད་གང་ཡང་ཐེབས་མེད་པ་དང་། ད་ལྟའི་ལྕམ་ཀེར་ལཱམ་ལ་ཡང་འདས་བའི་ལོ་ངོ་ ༢༠ རིང་གི་ཧོང་ཀོང་གི་མགོ་ཁྲིད་ཚོ་ལྟར། ཧོང་ཀོང་ནང་ཁོ་མོ་རྒྱ་ནག་གཞུང་གི་རྒྱུག་ཁྱི་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་སྟབས།  ལྕམ་ཀེར་ལཱམ་གྱིས་དེའི་སྐོར་ལ་བརྗོད་དོན་ “ཚོད་འཛིན་བྱ་རྒྱུ་གལ་ཆེན་ཡིན། གལ་སྲིད། ཧོང་ཀོང་ནང་པེ་ཅིན་མཐུན་ཕྱོགས་ཀྱིས་སྲིད་ཤུགས་བཀོལ་ཏེ་ང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་། ངས་འདས་བའི་ལོ་ངོ་ ༣༦ རིང་ཧོང་ཀོང་སྤྱི་ཚོགས་ལ་སྲིད་ཞུ་བསྒྲུབས་ཏེ། ད་ལྟ་ང་རང་རྒྱ་ནག་གི་རྒྱུག་ཁྱི་ཞིག་ཏུ་ངོས་འཛིན་བྱེད་པ་ནི་ནོར་འཁྲུལ་རེད་”ཅེས་བརྗོད་ཡོད།

གསར་འགོད་པས། ངས་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་ལྕམ་ཀེར་ལཱམ་དང་ལྷན་དུ་བཅར་འདྲི་བྱས་ཏེ་མཐའ་མཇུག་རྒྱུ་རྐྱེན་ཅི་འདྲ་ཞིག་གིས་པེ་ཅིན་གཞུང་ལ་ཕོག་ཐུག་བཟོ་སྲིད་དམ་ཞེས་དྲིས་སྐབས། ལྕམ་ཀེར་ལཱམ་གྱིས་དྲི་བ་དེར་གཡོལ་ཏེ་ལན་བཏབས་མ་སོང་ལ། དྲི་བ་དེས་ཁོ་མོར་དཀའ་ཁག་བཟོས་བའི་ཚོར་སྣང་བྱུང་།

ཟླ་རྗེས་མའི་ཚེས་ ༡ ཉིན་ལྕམ་ཀེར་ལཱམ་གྱིས་རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕིན་གྱི་མདུན་དུ་ཧོང་ཀོང་མི་མང་དང་པེ་ཅིན་གཞུང་གཉིས་ལ་སྲིད་ཞུ་བསྒྲུབ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་པ་དང་། མི་ཁག་ཅིག་གིས་འོས་འགན་འདི་གཉིས་ཕྲག་ཏུ་འཁུར་རྒྱུ་ནི་ལས་སླ་བོ་ཞིག་མིན་ཞེས་བརྗོད་ཀྱི་ཡོད་ཀྱང་། ལྕམ་ཀེར་ལཱམ་གྱིས་དེ་སྔའི་ཧོང་ཀོང་སྤྱི་ཁྱབ་ལེང་ཁྲིན་ཡེན་གྱི་འོག་ཏུ་སྤྱི་ཁྱབ་གཞོན་པའི་འགན་ཁུར་མྱོང་ཡོད་སྟབས། ཁོ་མོར་དཀའ་ངལ་ཞེ་དྲགས་འཕྲད་རྒྱུ་མི་ཚོད་ཡང་རྗོད་མཁན་ཡོད། འོན་ཀྱང་། ངས་ལྕམ་ཀེར་ལཱམ་ལགས་སུ་བཅར་འདྲི་བྱས་བ་བརྒྱུད་དེ་ངེས་གཏན་ཐོག་བཤད་ཐུབ་པ་ཞིག་ནི། ཁོ་མོར་གཡོལ་གཟུར་གྱི་ཁྱད་ཆོས་ཞིག་འདུག དཔེར་ན། ངས་ལྕམ་ཀེར་ལཱམ་ལ་ཧོང་ཀོང་ནང་རང་བཙན་སྐད་འབོད་རྒྱག་དོན་ཅི་ཡིན་ཞེས་དྲིས་བར་ཁོས་མོས་ཧོང་ཀོང་རྩ་ཁྲིམས་ཀྱིས་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་དང་མེད་ཁ་གསལ་མི་བྱེད་པར་བརྗོད་དོན། ང་ཚོས་རྩ་ཁྲིམས་གཞིར་བཞག་སྟེ་བཟོད་བསྲན་བྱས་ཏེ་བསྡད་ཡོད། སྤྱིར་ཁྱོད་རང་གི་དྲི་བ་དེ་སུན་གཙེར་བཟོ་བྱེད་ཞིག་ཡིན་ཡང་། རང་བཙན་སྐད་འབོད་བརྒྱབ་པར་ཧ་སང་དགོས་དོན་མེད། ཆར་གདུགས་གསར་བརྗེའི་ལས་འགུལ་ནི་ལམ་ནོར་ཞིག་ཡིན་པ་མ་ཟད། སྐབས་དེར་ཧོང་ཀོང་གི་ན་གཞོན་ལོ་ཆུང་འགས། གལ་སྲིད་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམངས་གཙོའི་ལམ་ལུགས་ལག་བསྟར་མ་བྱས་ཚེ། ཧོང་ཀོང་རང་བཙན་བྱས་ཏེ་དམངས་གཙོ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་ནོར་འཁྲུལ་ཅན་གྱི་ལམ་ཁ་ཞིག་ཏུ་བསྐྱོད་མགོ་བཙུགས་ཡོད་ཟེར།

རྒྱ་ནག་གཞུང་གིས་རང་བཙན་སྐོར་གྱི་སྐད་ཆ་ཚིག་གཅིག་ཡིན་ཡང་ཐར་བ་གཏོང་གི་མེད་ལ། ཧོང་ཀོང་ལ་རང་སྲིད་རང་སྐྱོང་ཐོབ་པ་དེས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རང་བཙན་སྐད་འབོད་རྒྱག་པ་ནི་རྒྱལ་ཁབ་བདེ་འཇགས་ལ་གཏོར་བརླག་གཏོང་གི་ཡོད་པར་ངོས་འཛིན་བྱས་ཏེ། ད་བར་ཧོང་ཀོང་གི་མི་མང་པོ་ཞིག་འཛིན་བཟུང་བྱས་བ་མ་ཟད། ཁོ་ཚོར་ལོ་མང་རིང་ཁྲིམས་ཐག་གཅོད་བཞིན་ཡོད། ངས་ལྕམ་ཀེར་ལཱམ་ལགས་ལ་གནས་སྟངས་དེའི་ཐད་སྐད་ཆ་དྲིས་བར་ཁོ་མོས་དྲིས་ལན་དེར་གཡོལ་ཏེ་བརྗོད་དོན། “རྒྱལ་ཁབ་གཅིག་གི་ནང་ལམ་ལུགས་གཉིས་ཡོད་པ་དེས་ཧོང་ཀོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་ཐབས་མེད་པ་བསྟན་ཡོད། དེ་མིན་ང་ཚོར་ལམ་ལུགས་གཉིས་དགོས་དོན་མེད་” ཟེར།

༢༠༡༥ ལོར་རྒྱ་ནག་གཞུང་གིས་གསང་མྱུལ་བཏང་སྟེ་ཧོང་ཀོང་གི་དཔེ་དེབ་འཚོང་མཁན་གཉིས་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་དེའི་ཐད་དབྱིན་ཇིའི་གཞུང་གིས་ཀྱང་ཧོང་ཀོང་ནང་རྒྱ་ནག་གིས་ཐེ་གཏོགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་སྟབས། ངས་ལྕམ་ཀེར་ལཱམ་ལགས་སུ་དེའི་སྐོར་ལ་དྲི་བ་དྲིས་སྐབས། ལྕམ་ཀེར་ལཱམ་གྱིས་ཁོ་མོའི་འོས་འགན་ནི་པེ་ཅིན་དང་ཧོང་ཀོང་བར་གྱི་ཟམ་པ་ལྟ་བུ་ཞིག་བྱ་རྒྱུ་དེ་ཡིན་ཟེར་བ་ལས་ལན་འདེབས་བྱས་མ་སོང་བ་དང་། ཁོ་མོས་གནད་དོན་གཞན་ཞིག་བརྗོད་པ་ནི། “གལ་སྲིད་ཧོང་ཀོང་རང་སྲིད་རང་སྐྱོང་གི་རྩ་ཁྲིམས་གཞིར་བཞག་སྟེ་ཧོང་ཀོང་ནང་ལུགས་དང་མི་མཐུན་པའི་ཐེ་བྱུས་བྱེད་མཁན་བྱུང་སྐབས། ཧོང་ཀོང་སྤྱི་ཁྱབ་གསར་པར་ཧོང་ཀོང་མི་མང་གི་ཚབ་བྱས་ཏེ་སྲིད་གཞུང་གང་དང་གང་ལ་ཧོང་ཀོང་གི་སྐྱིད་སྡུག་བཤད་པའི་འོས་འགན་ཡོད་”ཅེས་བརྗོད་སོང་།

གསར་འགོད་པས། དོན་དངོས་ཐོག་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ང་ཚོས་མིག་མཐོང་ལག་ཟིན་ལས་བརྒལ་བའི་ཐེ་བྱུས་དེ་འདྲ་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ལྕམ་ཀེར་ལཱམ་གྱིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ད་དུང་བཅོས་སྒྱུར་མེད་པར་གནས་ཡོད་པ་དང་། ཧོང་ཀོང་གི་རྩ་ཁྲིམས་ ༡༩༩༧ གོང་ལས་ད་ལྟ་ཇེ་ཡག་ཏུ་ཕྱིན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པས། ངས་བརྗོད་གཞི་འདྲ་མིན་ཐོག་ལྕམ་ཀེར་ལཱམ་ལ་དྲི་བ་དྲིས་ཏེ་མཐར་ཁོ་མོས་དྲི་བ་གཅིག་གི་ཐོག་གནས་འབབ་ཡག་པོ་མེད་སྐོར་བརྗོད་དོན། “ང་རང་མི་ཁ་རུ་ཁ་ཐུག་ཅིག་ཡིན། འདས་བའི་ལོ་འགའི་རིང་ཧོང་ཀོང་ནང་མཐུན་སྒྲིལ་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དམིགས་བསལ་ན་གཞོན་ཚོས་རང་ཉིད་གཞུང་དང་སོ་སོའི་རྒྱལ་ཁབ་དང་ལྷན་དུ་འདུག་ཐབས་མེད་པ་ཞིག་ཏུ་མཐོང་གི་ཡོད་སྟབས། ང་ཚོས་ན་གཞོན་ཚོ་དང་ལྷན་དུ་འབྲེལ་འདྲིས་མང་ཙམ་བྱ་རྒྱུ་གལ་ཆེན་རེད་འདུག་ཅེས་བརྗོད་ཡོད་ཀྱང་། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོ་བསླེབ་ལ་ཉེ་བ་དང་། ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ལྕམ་ཀེར་ལཱམ་གྱིས་ཧོང་ཀོང་སྤྱི་ཁྱབ་གསར་བའི་ཁས་ལེན་དམ་བཅའ་འཇོག་སྐབས། ད་གཟོད་ཁོ་མོས་ཧོང་ཀོང་ནང་གི་མཐུན་སྒྲིལ་མེད་པའི་དཀའ་ངལ་དེ་ཆེ་པོ་ག་ཚོད་ཅིག་ཆགས་ཡོད་མེད་མཐོང་ཡོང་གི་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༦ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese