མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་དང་མཱོ་ཌེ་གཉིས་ཀྱིས་ཕོ་བྲང་དཀར་པོའི་ནང་འཐམ་འཁྱུད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཁེག་ཐག་བྱས།

བོད་ཀྱི་དུས་བབ།
༢༠༡༧/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

སེ་ཨན་ཨན་གསར་ཁང་གིས་༢༠༡༧།༦།༢༧ཉིན་སྤེལ། ཁ་སང་གཟའ་ཟླ་བའི་ཉིན། ཨ་རིའི་ཕོ་བྲང་དཀར་པོའི་ནང་། རྒྱ་གར་གྱི་སྲིད་བློན་མཱོ་ཌེ་དང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་བར་གྱི་དུས་ཡུན་རིང་པོའི་འབྲེལ་ལམ་ཁྱབ་བསྒྲགས་བྱས་པ་ཞིག་དང་། དུས་ཡུན་ཐུང་ངུའི་ནང་བྱུང་བའི་ཕྱི་སྲིད་ཀྱི་དཀའ་རྙོག་ཁག་ལ་གདོང་ལེན་བྱེད་ཐབས་ཤིག་རེད།

ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་ཁྲོད་རྒྱལ་ཁབ་གཉིས་བར་དམག་དོན་མཉམ་ལས་བྱ་རྒྱུ་བྱས་ཡོད། པ་ཀི་སི་ཐན་དང་རྒྱ་གར་བར་གྱི་རྩོད་རྙོག་ཁྲོད་ནས་རྒྱ་གར་གྱི་སྲིད་བློན་ཨ་རིའི་ནང་རང་དབང་གིས་སྐོར་སྐྱོད་གནང་སྐབས། ཨ་རིའི་སྲིད་འཛིན་གསར་བས་རྒྱ་གར་ལ་དམག་དོན་མཉམ་ལས་བྱེད་རྒྱུ་དམིགས་འབེན་དུ་བཟུང་ཡོད་པ་དེས་སྲིད་འཛིན་ཊི་རུམ་ཕི་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དཀའ་རྙོག་ནང་ལྷུང་ཡོད་པ་རེད།

ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཡང་དང་བསྐྱར་དུ་མཛའ་བརྩེའི་ལག་འཇུ་དང་འཐམ་འཁྱུད་བྱས་པ་དེས་དུས་ཡུན་ཐུང་ངུའི་ནང་རྒྱལ་ཁབ་གཉིས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད་པའི་རྣམ་པ་མངོན་ཡོད་པ་རེད། ཊི་རུམ་ཕི་གཞུང་གིས་སྲིད་བློན་མཱོ་ཌེ་ལ་ས་གདན་དམར་པོ་བཏང་ནས་ཕེབས་བསུ་བྱས་པ་མ་ཟད། ཕོ་བྲང་དཀར་པོའི་སྲིད་འཛིན་ལས་ཤག་ནང་དགོང་ཟས་གསོལ་སྟོན་ཡང་བཤམས་ཡོད།

ཁ་སང་ཚེས་ ༢༦ ཉིན་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཐུག་འཕྲད་སྐོར་གྱི་གཞུང་འབྲེལ་གསལ་བསྒྲགས་སྐབས། སྲིད་འཛིན་ཊི་རུམ་ཕི་དང་སྲིད་བློན་མཱོ་ཌེ་གཉིས་ཕན་ཚུན་ལ་བརྩེ་བའི་འཐམ་འཁྱུད་ཡང་བསྐྱར་བྱས། ཐེངས་འདིར་གྲ་སྒྲིག་ཅི་ཡང་མེད་པའི་ཨ་རིའི་སྲིད་འཛིན་དང་། འཛམ་གླིང་སྟེང་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་རྒྱ་གར་སྲིད་བློན་གཉིས་ཀྱི་ཐུག་འཕྲད་འདིས་རྩོད་རྙོག་མང་པོ་ཞིག་ཐག་གཅོད་བྱེད་དགོས་ཀྱང་། ད་སྔ་དཀའ་རྙོག་གང་ཡང་ཐག་གཅོད་བྱུང་བ་ཕྱི་གསལ་ནང་གསལ་ཐོག་གསལ་བསྒྲགས་བྱས་མེད།

ཆབ་སྲིད་ཀྱི་མདུན་ཅོག་སྟེང་དཀའ་རྙོག་ཐག་ཆོད་མེད་པ་དེ་ནི། ཨ་རིས་རྒྱ་གར་ནི་རང་གི་འཐབ་གྲོགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་ལས་ལྷག་པའི་ཆབ་སྲིད་ཐབས་ཇུས་གཞན་ཞིག་ཡིན་ཡང་སྲིད། ༢༠༡༦ ལོར་ཨོ་བྷ་མའི་གཞུང་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ལ་དོ་ཕོགས་མ་བཟོས་པའི་ཐོག་ནས་རྒྱ་གར་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་པའི་མཚན་གནས་སྤྲད་ཡོད།

ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་སྐབས། ཊི་རུམ་ཕིས་ཕྱོགས་གཉིས་བར་གྱི་ཆབ་སྲིད་ལངས་ཕྱོགས་མི་གཅིག་པའི་རིགས་ལའང་བདེན་ཁའི་མགོ་བོ་ལྕོག་ལྕོག་བྱས་ཏེ་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་ལ་ཡིད་རྟོན་བྱས། ཊི་རུམ་ཕིས་ “གནད་དོན་མང་པོའི་ཐོག་ང་ཚོས་ཕན་ཚུན་ལ་མོས་མཐུན་བྱས་པ་ཡིན། ཐུག་ཕྲད་ཀྱི་མཇུག་ཏུ་ངས་ནི་ཕྱོགས་གཉིས་ཀྱི་གནད་དོན་ཚང་མར་མོས་མཐུན་བྱ་ངེས་ཡིན།” ཞེས་བརྗོད་ཡོད།

རྒྱ་སེ་མེ་ཏོག་སྤྱི་གླིང་དུ་ཊི་རུམ་ཕི་དང་མཱོ་ཌེ་ཐུག་འཕྲད་སྐོར་གྱི་གཞུང་འབྲེལ་གསལ་བསྒྲགས་སྐབས། ཁོང་གཉིས་ཀས་རྒྱལ་ཁབ་གཉིས་བར་དམག་དོན་མཉམ་ལས་བྱེད་ཕྱོགས་སྐོར་བཤད་ཡོད། ཊི་རུམ་ཕིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་མཐུན་ཕྱོགས་རྒྱལ་ཁབ་ནི་ “ཧ་ཅང་གལ་ཆེན་པོ” ཡིན་ཚུལ་དང་། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་ཐད་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བྱེད་དགོས་ལུགས་བཤད་ཡོད།

ཊི་རུམ་ཕིས་ “ང་ཚོའི་རྒྱལ་ཁབ་གཉིས་ལ་གདུག་ཅན་དྲག་སྤྱོད་པས་རྡུང་རྡེག་བཏང་བ་རེད། ང་ཚོའི་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་ཐལ་སྤྱོད་ལྟ་བ་འཛིན་མཁན་དྲག་སྤྱོད་པའི་སྒྲིག་འཛུགས་ཁག་གཏོར་རྒོལ་གཏོང་དགོས” ཞེས་ཟེར། རྒྱ་གར་སྲིད་བློན་མཱོ་ཌེ་ཡིས་ཀྱང་སྐད་སྒྱུར་བ་བརྒྱུད་དེ་ཕྱོགས་གཉིས་མཉམ་ལས་བྱེད་ཕྱོགས་སྐོར་ནས་ཨབ་གྷན་ནང་རྒྱ་གར་གྱིས་ཨ་རིར་རོགས་འདེགས་བྱ་རྒྱུ་ཡིན་ཚུལ་བཤད།

ཉེ་ཆར་རྒྱ་གར་སྲིད་བློན་མཱོ་ཌེ་ཡིས་རྒྱ་གར་ནང་ཐོན་སྐྱེད་བྱེད་བཞིན་པའི་ཨ་རིའི་ཚོང་གཉེར་ཁང་ཁག་གི་དངོས་ཟོག་སྟེང་ “རྒྱ་གར་ནས་བཟོས”ཞེས་པའི་ཚོང་རྟགས་འགོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། གཟའ་ཟླ་བའི་ཉིན་ཁོས་ “ཨ་རི་ཡང་བསྐྱར་རླབས་ཆེན་ཡིན།”ཞེས་པའི་འབོད་ཚིག་དེ་འགོད་པའི་ལྟ་ཚུལ་བཏོན་ཡོད་པ་དང་། འབོད་ཚིག་དེ་ནི་ ༢༠༡༦ ལོར་ཊི་རུམ་ཕིའི་སྲིད་འཛིན་འོས་བསྡུའི་ལས་འགུལ་གྱི་འབོད་ཚིག་རེད། མཱོ་ཌེ་ཡིས་ “ང་རང་གི་རྒྱ་གར་གསར་བའི་ལྟ་ཚུལ་དང་སྲིད་འཛིན་ཊི་རུམ་ཕིའི་ཨ་རི་ཡང་བསྐྱར་རླབས་ཆེན་བཟོ་བའི་ལྟ་ཚུལ་གཉིས་ཀྱིས་ང་ཚོའི་བར་གྱི་མཉམ་ལས་ཁོར་ཡུག་རྒྱ་ཇེ་ཆེར་བཏང་ཡོད། ངས་གསལ་བོར་བཤད་ཐུབ་པ་ཞིག་ནི། ཨ་རི་ནང་བཞིན་རྒྱ་གར་ལའང་དཔལ་འབྱོར་ཡར་རྒྱས་གོང་འཕེལ་འགྲོ་བའི་འདོད་འདུན་ཆེན་པོ་ཡོད་པ་དང་། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་དང་ཁོད་སྙོམས་ཡོང་རྒྱུ་ནི་ཨ་རིའི་འདོད་འདུན་ཡང་རེད” ཅེས་ཟེར།

གཟའ་ཟླ་བའི་ཉིན། ཊི་རུམ་ཕི་རྒྱ་གར་སྲིད་བློན་མཱོ་ཌེ་ལ་ཐུག་འཕྲད་བྱེད་པར་གྲ་སྒྲིག་གནང་མཁན་ཨ་རིའི་གཞུང་གི་དཔོན་རིགས་ཚོས། ཊི་རུམ་ཕིས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་བརྟན་པོ་མེད་པ་ཤེས་ཀྱི་ཡོད་ཀྱང་། མི་འབོར་ཐེར་འབུམ་ ༡.༣ ཡོད་པའི་རྒྱལ་ཁབ་ཅིག་གི་བདེ་འཇགས་སྲུང་སྐྱོབ་ཐད་ནས་རྒྱ་གར་ནི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཊི་རུམ་ཕིའི་ལྟ་སྟངས་དེའི་ནང་ད་ལྟ་ཨ་རིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་དང་ཚོང་འབྲེལ་རྒྱལ་ཁབ་ཁག་ལ་མཁོ་ཚོང་བྱེད་བཞིན་པའི་བཟོ་ལས་རིག་རྩལ་ཡང་ཚུད་ཡོད་ཚུལ་བཤད་འདུག

ཨ་རིའི་ཆེད་མཁས་པ་ཚོས། ཨ་རི་དང་རྒྱ་གར་གཉིས་བར་གྱི་ཚོང་འབྲེལ་དེས་མ་འོངས་པར་པ་ཀི་སི་ཐན་དང་ཨ་རིའི་བར་གྱི་འབྲེལ་ལམ་ལ་ཉེན་ཁ་བཟོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད། མིང་བརྗོད་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས་ “ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་དང་། ཨ་རི་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་དེ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་གྲོས་ཆོད་གཞིར་བཟུང་བྱུང་བ་ཞིག་ཡིན་སྟབས། ཨ་རིའི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཆད་པའི་དཀའ་རྙོག་མཐོང་འདོད་མེད” ཟེར།

ཊི་རུམ་ཕི་གཞུང་གིས་རྒྱ་གར་དང་ཨ་རིའི་བར་གྱི་འབྲེལ་ལམ་སྔར་ལྷག་ཤུགས་ཆེ་རུ་གཏོང་འདོད་ཡོད་འདུག གོང་ཞུས་དཔོན་རིགས་དེས་ཨ་རིས་པ་ཀི་སི་ཐན་ལ་འབྲེལ་ལམ་མུ་མཐུད་རྒྱུན་འཁྱོངས་བྱེད་འདོད་ཡོད་ཀྱང་། ཨ་རིས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་རྩོད་རྙོག་ལའང་སེམས་ཁྲལ་བྱེད་ཀྱི་ཡོད་ཚུལ་བཤད་འདུག

ཕོ་བྲང་དཀར་པོའི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཐུག་འཕྲད་སྐབས། ཊི་རུམ་ཕིས་རྒྱ་གར་སྲིད་བློན་མཱོ་ཌེ་ལ་རྒྱ་གར་གྱིས་ཨ་རིར་དམག་གི་སྒྲིག་ཆས་མཁོ་འཚོང་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད། ཊི་རུམ་ཕིས་ “ང་ཚོས་བཟོས་པའི་དམག་གི་སྒྲིག་ཆས་འདི་ལྟ་བུ་ཞིག་གཞན་སུས་ཀྱང་བཟོས་ཡོད་པ་མ་རེད། དེར་བརྟེན། ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཞེས་བརྗོད་ཡོད་པ་དང་། སྐབས་དེར་སྲིད་བློན་མཱོ་ཌེ་ཡིས་སྲིད་འཛིན་ཊི་རུམ་ཕིས་རྒྱ་གར་དང་སྲིད་བློན་ཁོ་རང་ལ་བརྩི་བཀུར་ཞུས་པར་ཡིད་ཚིམ་པའི་རྣམ་འགྱུར་བསྟན་ཡོད་འདུག

གཟའ་ཟླ་བའི་ཉིན་རྒྱུག་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་བེད་སྤྱོད་གཏོང་མཁན་དབུ་ཁྲིད་གཉིས་ཐུག་འཕྲད་གནང་སྟེ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ཡོད། ད་ལྟ་སྲིད་བློན་མཱོ་ཌེ་ལ་ཊི་ཝེ་ཊིར་བརྒྱུད་ལམ་དུ་རྗེས་འབྲང་དྲ་གྲོགས་ས་ཡ་ ༣༡ ཡོད་པ་དང་། ཊི་རུམ་ཕི་ལ་ས་ཡ་ ༣༢ ལྷག་ཡོད་འདུག ཊི་རུམ་ཕིས་ཐ་ན་རྒྱ་སེ་མེ་ཏོག་སྤྱི་གླིང་དུའང་སྤྱི་ཚོགས་བརྒྱུད་ལམ་སྟེང་ཕྱོགས་གཉིས་བར་གྱི་མཛའ་འབྲེལ་གསལ་བསྒྲགས་བྱས་ཡོད། ཊི་རུམ་ཕིས་ཁོ་རང་གི་ཊི་ཝེ་ཊིར་སྟེང་“རྒྱ་གར་དང་ཨ་རིའི་བར་གྱི་འབྲེལ་ལམ་ནི་རྒྱུས་མེད་ཅིག་མིན་ལ། ད་ལྟ་གཞི་ནས་ཇེ་ལེགས་སུ་ཕྱིན་པ་ཞིག་ཀྱང་མིན། སྲིད་བློན་མཱོ་ཌེ་དང་ངེད་གཉིས་སྤྱི་ཚོགས་བརྒྱུད་ལམ་སྟེང་གི་འཛམ་གླིང་དབུ་ཁྲིད་ཡིན་ཞེས་ངས་སྤོབས་པོ་ཆེན་པོས་བསྒྲགས་འདོད་བྱུང” ཞེས་དང་། “ངེད་གཉིས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་མི་མང་དང་དབུ་ཁྲིད་བར་ཐད་ཀར་འབྲེལ་འདྲིས་བྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད” ཅེས་འཁོད་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༨ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. བྱམས་པ་བདེ་ལེགས། says:
    ལོ་ 9 སྔོན།

    རྒྱ་གར་གྱི་སྲིད་བློན་གྱི་མིང་མོ་ཌེ་མ་རེད། མོ་རྡི་རེད། མོ་རྡི་ཟེར་སྐབས་རྡི་ཡི་སྒྲ་དེ་འབྲས་དང་ལྡ་ལི་ཟེར་སྐབས་ལྡ་ཡི་སྒྲ་དེ་དང་མཚུངས།

    Reply
  2. gendun says:
    ལོ་ 9 སྔོན།

    ཨོ་ཡ། ཨ་རིའི་ཕོ་བྲང་དཀར་པོའི་ནང་ས་ཚོང་རྒྱག་མཁན་ཞིག་དང་ཇ་ཚོང་རྒྱག་མཁན་གཉིས་མཇལ་བ་དེ་མ་འདྲ་བ་ཞིག་འདུག ད་རེ་ཁོ་གཉིས་ཀྱིས་དམག་གི་སྒྲིག་ཆས་མཁོ་ཚོང་བརྒྱབ་འདུག་ག ད་ལྟད་མོ་ཡོད་རྒྱུ་རེད་ཏོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese