མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་བཟོ་འདོད།

བོད་ཀྱི་དུས་བབ།
༢༠༡༧/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ན་མེག་ཀཱེ་ཡིས་བརྩམས།(Fiona McKay)
ཉི་མ་ཚེ་རིང་གིས་བསྒྱུར།

རྒྱ་ནག་གིས་བོད་ནང་རྒྱལ་ཡོངས་སྤྱི་གླིང་(National Park)འཛུགས་སྐྲུན་བྱས་ཏེ། འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་དེ་བཟོ་འཆར་ཡོད་པ་དེར་རྒྱ་ནག་གི་ཕྱི་ནང་གཉིས་སུ་ངོ་རྒལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ལས་གཞི་དེར་འཆར་འགོད་ཆ་ཚང་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་འཕུལ་ཡོད་པ་དང་། ལས་འཆར་དེའི་ཁོངས་སུ་འཛམ་གླིང་གི་ཆེས་མཐོ་སྒང་དུ་འབོད་པའི་བོད་དང་། དེ་མིན་འཛམ་གླིང་གང་སར་ཡོད་པའི་ས་ཆ་གལ་ཆེན་ཁག་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་འཁོད་ཡོད་འདུག

བོད་ནང་འཛུགས་སྐྲུན་བྱེད་འཆར་ཡོད་པའི་རྒྱལ་ཡོངས་སྤྱི་གླིང་དེར་འཛམ་གླིང་གི་སྣེ་མོ་གསུམ་པ་(Third Pole)ཞེས་པའི་སྤྱི་གླིང་དུ་འབོད་པ་དང་། གང་ཡིན་ཟེར་ན། བོད་ནི་ས་མཐོ་ཞིང་རི་བོ་མང་པོས་སྐོར་བའི་ཧི་མ་ལ་ཡའི་ཆ་ཤས་ཤིག་ཡིན་སྟབས། གོ་ལའི་ལྷོ་སྣེ་དང་བྱང་སྣེ་ལྟར་བོད་དེའང་གོ་ལའི་སྣེ་མོ་གསུམ་པ་ཞིག་ཆགས་ཡོད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་སྤྱི་གླིང་དེ་བཟོ་རྒྱུའི་དམིགས་ཡུལ་གཙོ་བོ་མཐོ་སྒང་བོད་ཀྱི་ས་ཆ་སྲུང་སྐྱོབ་ཆེད་ཡིན་སྟབས། བོད་ནང་དཔལ་འབྱོར་འཛུགས་སྐྲུན་ལ་ཚད་ངེས་ཅན་གྱི་ཚད་བཀག་བཟོས་ཏེ། ལས་འཆར་དེའི་ཁྱབ་ཁོངས་སུ་འཁེལ་བའི་ཁྱིམ་གཞི་རྣམས་གནས་སྤོ་བྱེད་དགོས་འཁེལ་གྱི་ཡོད་འདུག

གནད་དོན་ཞིབ་འཇུག་པ་ཚོས་ལས་འཆར་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་ཡུན་རིང་པོར་བཙན་བཟུང་བྱེད་པའི་དམིགས་ཡུལ་ཞིག་རེད། འོན་ཀྱང་འདས་པའི་ལོ་རྒྱུས་ནང་བོད་ནང་གི་བོད་མི་ཚོས་རང་དབང་དང་། རང་སྲིད་རང་སྐྱོང་ཆེད་ངོ་རྒོལ་ཟིང་ཆ་ཐེངས་མང་པོར་སྤེལ་ཡོད་པ་ཚང་མས་མཁྱེན་གསལ་རེད་ཟེར།

ཧོང་ཀོང་གི་གསར་ཤོག་ཅིག་ཏུ། གལ་སྲིད་ལས་འཆར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀའ་འཁྲོལ་ཐོབ་པ་ཡིན་ན། བོད་ནང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༥༠༠༠༠༠ ལྷག་ཡོད་པའི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང་། ད་སྔ་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་དེ་གྷི་རེན་ལན་ཌི་(Greenland)རྒྱལ་ཁབ་ནང་ཡོད་ཅིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༩༧༢༠༠༠ ཡོད་འདུག འོན་ཀྱང་། གྷི་རེན་ལན་ཌིའི་བྱང་ཤར་ནི་བོད་དང་མི་འདྲ་བར་མི་འབོར་ཉུང་ངུ་ལས་མེད་ཅིང་། བོད་ནང་གི་སྤྱི་གླིང་ལས་འཆར་དེས་མི་མང་ས་ཡ་ ༧།༨ ལྷག་གི་འཚོ་གནས་ལ་ཤུགས་རྐྱེན་ངན་པ་འཐེབ་ངེས་ཡིན་འདུག

རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ས་གནས་དེ་ཁུལ་གྱི་མི་མང་ཚོས་ཁོར་ཡུག་ལ་གཏོར་བཤིག་དང་། སྒོ་ཕྱུགས་སེམས་ཅན་གྱིས་རྩ་ཐང་ལ་དོ་ཕོག་བཏང་སྟེ་རང་བྱུང་ཁོར་ཡུག་ཉམས་ཆག་ཆེན་པོ་བཟོ་བཞིན་ཡོད་ཟེར།

ཕྱི་ལོགས་སུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བརྗོད་པ་ལྟར་ན། ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ཚེ་དེའི་ཁྱབ་ཁོངས་སུ་འཁེལ་བའི་བོད་ཀྱི་འབྲོག་པའི་འཚོ་བ་རྩ་མེད་འགྲོ་རྒྱུ་ཡིན་པ་མ་ཟད། ཕ་མེས་ཡང་མེས་ནས་བརྒྱུད་པའི་བོད་པའི་ཁོར་ཡུག་དང་རིག་གཞུང་ལ་བརྟེན་པའི་ཡུལ་སྲོལ་གོམས་གཤིས་དག་ཀྱང་རྩ་བརླག་ཏུ་འགྲོ་ངེས་རེད་ཟེར། ད་དུང་ཁོང་ཚོས་ “ ཞིབ་འཇུག་སྙན་ཐོ་མང་པོ་ཞིག་གི་ནང་བོད་ནང་གི་འབྲོག་པ་ཚོས་ཡུལ་མིའི་དཔལ་འབྱོར་ལ་ཕན་ཐོགས་ཀྱི་ཡོད་པ་གསལ་པོར་འཁོད་ཡོད། འོན་ཀྱང་། འབྲོག་པ་རྣམས་བཙན་པོ་དབང་ཡོད་ཐོག་གཅིག་བསྡུས་བྱས་ཏེ་གྲོང་སྡེ་ཅན་དུ་བསྒྱུར་བ་ཡིན་ན། ལོ་ངོ་སྟོང་ཕྲག་མང་པོ་ནས་བརྒྱུད་ཡོང་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། འཚོ་བ་སྐྱེལ་སྟངས་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ངེས་རེད” ཅེས་བརྗོད་འདུག

སི་ཁོ་ཊི་ལན་ཌི་(Scotland)རྒྱལ་ཁབ་ཀྱིས་བོད་དང་བོད་མིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དག་སི་ཁོ་ཊི་ལན་ཌིའི་གྲོས་ཚོགས་དང་འབྲེལ་བ་ཡོང་ཐབས་འབད་ལ་བརྩོན་བྱེད་བཞིན་ཡོད་པ་རེད། སི་ཁོ་ཊི་ལན་ཌིའི་རྒྱལ་ཡོངས་ཚོགས་པ་(Scottish National Party)ཞེས་པའི་རྒྱུན་ལས་ལྕམ་ཞབས་ལིན་ཌ་ཕ་བྷི་ཨེ་ཎི་(Linda Fabiani)ལགས་ཀྱིས་ཡུན་རིང་ནས་སི་ཁོ་ཊི་ལན་ཌིའི་ཆབ་སྲིད་པ་མང་པོ་ཞིག་གིས་བོད་ནང་གི་ས་མཐོ་གཙང་བཟོ་(Highland Clearance ལས་གཞི་དེ་ཐོག་མ་དུས་རབས་ ༡༨ དང་ ༡༩ ནང་སི་ཁོ་ཊི་ལན་ཌིའི་ནང་ལག་བསྟར་བྱས་ཡོད་ཅིང་། ས་མཐོ་སའི་མི་མང་རྣམས་ས་དམའ་སའི་ཐང་ལ་གནས་སྤོ་བྱས་ཏེ་མི་སྡེ་གསར་པ་འཛུགས་སྐྲུན་བྱས་ཡོད་འདུག སྲིད་བྱུས་དེས་ས་གནས་དེར་ཡོད་པའི་མི་མང་གི་ཡུལ་སྲོལ་གོམས་གཤིས་དང་ཕ་མེས་ནས་བརྒྱུད་པའི་རིག་གཞུང་ཉམས་ཆག་ཆེན་པོ་བཏང་ཡོད་འདུག བསྒྱུར་བ་པོའི་མཆན།)ཞེས་པའི་ལས་འཆར་དེར་སེམས་ཚབ་ཡོད་ཅེས་བརྗོད་འདུག

ལིན་ཌ་ལགས་ཀྱིས། “རྒྱ་ནག་གི་རྒྱལ་ཡོངས་སྤྱི་གླིང་དེའི་ལས་འཆར་ཧ་ཅང་གཞི་རྒྱ་ཆེན་པོ་རེད། དེ་ལ་རྩྭ་ཐང་གཅེས་སྐྱོང་བྱེད་པའི་དམིགས་ཡུལ་ཕལ་ཆེར་མེད་པ་འདྲ། མཐར་གཏུག་ན་ལས་གཞི་དེ་དང་འབྲེལ་ཏེ་གཏེར་ཁ་སྔོག་འདོན་གྱི་ཆབ་སྲིད་ཀྱི་དམིགས་ཡུལ་གཏིང་ནག་པོ་ཞིག་གཏོང་གི་ཡོད་པའི་དོགས་པ་འདུག གང་ཡིན་ཟེར་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་ལ་ཁ་གཡར་ཏེ་བོད་པའི་འབྲོག་པ་ཚོ་གནས་སྤོ་དང་། གནའ་སྔ་མོ་ནས་རྒྱུན་མཐུད་ནས་ཡོང་བའི་ས་གནས་མི་མང་གི་ཡུལ་སྲོལ་གོམས་གཤིས་ལ་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་བྱེད་མཁན་ཡུལ་མི་ཚོར་དྲག་གནོན་དང་མནར་གཅོད་གཏོང་གི་ཡོད་པ་དེ་དག་ནི་ཧ་ཅང་བློ་ཕམ་པའི་གནས་ཚུལ་ཞིག་རེད།” ཅེས་བརྗོད་འདུག

ལོ་ངོ་བརྒྱ་ཕྲག་ཁ་ཤས་གོང་གི་ལོ་རྒྱུས་ལྟར་ན། བོད་ནི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་སྒྲོམ་གཞིའི་འོག་གནས་ཡོད་ལ། ལོ་ངོ་འགའ་རེར་རྒྱ་ནག་དང་སོག་པོའི་དབང་སྒྱུར་འོག་ཏུའང་ཚུད་མྱོང་བའི་གནས་སྟངས་ཀྱང་བྱུང་འདུག ༡༩༥༠ ལོར་རྒྱ་ནག་གཞུང་གིས་བོད་ནང་དམག་མི་སྟོང་ཕྲག་མང་པོ་བཏང་སྟེ་བོད་ས་ཡོངས་སུ་བཙན་བཟུང་བྱས་ཏེ། བོད་ཀྱི་ས་ཆ་ཁ་ཤས་ལ་བོད་རང་སྐྱོང་ལྗོངས་ཞེས་མིང་བཏགས་ཡོད་པ་དང་། ས་ཆ་གཞན་རྣམས་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་ཆ་བགོས་བྱས་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་། ༡༩༥༩ ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད། རྒྱ་ནག་གཞུང་གིས་ད་ལྟ་དགུང་གྲངས་ ༨༡ ལ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁ་བྲལ་རིང་ལུགས་པ་ཞེས་དགག་པ་རྒྱག་གི་ཡོད་པ་མ་ཟད། བོད་རང་བཙན་འཐབ་རྩོད་གནང་སྟེ་རྒྱ་བོད་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་། བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་ཞལ་གསལ་བོར་གསུང་གི་ཡོད་པ་རེད། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་ཡོངས་གྲགས་སུ་བོད་གཞུང་ཞེས་འབོད་ཀྱི་ཡོད་པ་དང་། ད་ལྟ་དེའི་སྲིད་སྐྱོང་བློ་བཟང་སེང་གེ་རེད།

རྒྱ་ནག་གཞུང་གིས་བོད་ནི་སྔོན་ཆད་དང་མི་འདྲ་བར་ད་ཆར་རྒྱ་ནག་གི་མངའ་འོག་ཏུ་ཡར་རྒྱས་ཆེན་པོ་ཕྱིན་ཏེ། དེང་དུས་ཀྱི་རྣམ་པ་ཅན་ལ་འཕོ་འགྱུར་བྱུང་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་མང་པོ་བྱེད་ཀྱི་ཡོད་པ་བདེན་ཡང་། དེ་དང་མཉམ་དུ་སྲིད་ཇུས་ངན་པ་སྣ་ཚོགས་ལག་བསྟར་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། ཆོས་དད་རང་དབང་རྩ་མེད་བཟོ་བཞིན་ཡོད་སྐོར་རྗོད་ཀྱི་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འབྲེལ་མཐུད་པས། ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་ཡོངས་སྤྱི་གླིང་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་མང་པོ་ཡོད་ཚུལ་སྒྲོག་གི་ཡོད་པ་དེར་དགའ་བསུ་ཡོད། འོན་ཀྱང་། རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་ཙམ་ལས། དོན་དངོས་ཐོག་འཆར་གཞི་དེ་དག་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ཏེ། ཁོར་ཡུག་ལ་གཅེས་སྐྱོང་བྱེད་རྒྱུའི་བསམ་བློ་མེད་པ་གསལ་བོ་རེད།”ཅེས་བརྗོད་འདུག

ཁོང་གིས་ད་དུང་བརྗོད་དོན། “རྒྱ་ནག་གཞུང་གི་ལས་འཆར་གསར་པ་བོད་ཁམས་ཡོངས་རྒྱལ་ཡོངས་སྤྱི་གླིང་བཟོ་རྒྱུའི་གསལ་བསྒྲགས་སྤེལ་བ་དེ་ནི་སྙིང་པོ་མེད་པའི་སྐད་ཆ་ཞིག་དང་ཁ་ཞེ་གཉིས་མི་མཐུན་པའི་སྐད་ཆ་ཞིག་རེད། ཉེ་ལབའི་ལོ་ཤས་ནང་བོད་ནང་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་གཏོར་བཅོམ་ཚབས་ཆེན་གཏོང་གི་ཡོད།”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། “རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ཙམ་ལས་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་སྲུང་སྐྱོབ་བྱེད་པའི་སྒྲིག་གཞི་དང་། ཁོར་ཡུག་སྲུང་སྐྱོབ་མགོ་འཛུགས་ཇི་ལྟར་བྱེད་མིན་གསལ་ཁ་མི་འདུག ཁོར་ཡུག་སྲུང་སྐྱོབ་ཐད་དཀའ་ངལ་འཕྲད་གཞིའི་གནད་དོན་རིགས་ལ་སྔོན་འགོག་གི་འཆར་གཞི་ཡང་མི་འདུག བོད་ནང་གི་བོད་མི་ཚོས་ལས་འཆར་དེར་རྒྱབ་སྐྱོར་མེད་པ་སོགས་ལ་གཞིགས་ན། བོད་ཁམས་ཡོངས་སུ་སྤྱི་གླིང་བཟོ་རྒྱུ་ཡིན་ཟེར་བ་དེ་ནི་རྒྱ་ནག་གཞུང་གི་ལྐོག་གྱུར་གྱི་སྲིད་ཇུས་ངན་པ་ཞིག་ཡིན་པར་རང་བཞིན་གྱིས་དོགས་པ་ཟ་དགོས་པ་ཞིག་རེད།” ཅེས་བརྗོད་སོང་།

བོད་དོན་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོབ་བྱེད་མཁན་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རཱི་ཅཌ་གྷི་རཱི་(Richard Gere)ལགས་ཀྱིས་དབུ་ཁྲིད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་པ་ལྟར་ན། བོད་ནི་གཏེར་ཁ་དང་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་ལས་གཞི་དེ་དང་འབྲེལ་ཏེ་ལས་སླ་བོའི་ཐོག་ནས་རྒྱུག་ཆུ་རྣམས་བཀག་སྐྱིལ་དང་གཏེར་ཁ་སྔོག་འདོན་བྱེད་པའི་འཆར་གཞི་གསར་པ་མང་པོ་ཞིག་མགོ་འཛུགས་བྱེད་ངེས་རེད་ཅེས་བརྗོད་འདུག

མི་མང་པོ་ཞིག་གིས་གལ་སྲིད་ལས་འཆར་དེ་ལམ་ལྷོངས་བྱུང་ན། བོད་ཀྱི་ས་ཆ་མཐོང་མ་མྱོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། བོད་ནི་རང་བཞིན་གྱིས་ཌིས་ནའེ་ལན་ཌི་(Disney land ཡུལ་སྐོར་སྤྲོ་འཆམ་པ་འགུག་པར་ཆེད་དུ་བཟོས་པའིོ་ཁང་ཁྱིམ་དང་ཡ་མཚན་ཅན་གྱི་སེམས་ཅན་དབྱིབས་གཟུགས་སྣ་ཚོགས། དེ་བཞིན་ཚོན་མདོག་སྣ་ཚོགས་ཀྱིས་རྒྱན་པའི་ཡུལ་སྐོར་སྤྲོ་འཆམ་གླིང་ཁ། བསྒྱུར་བ་པོའི་མཆན།)ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་ཟེར།

དགེ་རྒན་ཆེན་མོ་ལུའུ་ཅིན་ཧྲི་(Liu Jingshi)ལགས་ནི་བོད་མཐོ་སྒང་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་ཚན་རིག་སློབ་གཉེར་ཁང་གི་ཞིབ་འཇུག་པ་ཡིན། ཁོང་གིས་རྒྱ་ནག་ལྷོ་རྒྱུད་ཀྱི་ཞོགས་པའི་གསར་ཁང་གིས་བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་(Third pole)ཞེས་འཁོད་འདུག གལ་ཏེ་བོད་མཐོ་སྒང་ལ་རྒྱལ་ཡོངས་སྤྱི་གླིང་བཟོས་ཚེ། སྤྱི་གླིང་གི་ལས་འཆར་དེར་རྒྱ་ཁྱོན་ཧ་ཅང་ཆེ་པོ་ཡོད་སྟབས། ལས་དོན་དངོས་སུ་ལག་བསྟར་བྱེད་སྐབས་སྟངས་འཛིན་བྱེད་དཀའ་མོ་རེད་ཅེས་བརྗོད་འདུག

ཁོང་གིས་ཨ་རིའི་རྒྱལ་ཡོངས་སྤྱི་གླིང་ལ་དཔེ་བླངས་ཏེ་བརྗོད་དོན། འཛམ་གླིང་སྟེང་རྒྱལ་ཡོངས་སྤྱི་གླིང་ཐོག་མར་བཟོ་མཁན་ཨ་རི་ཡིན་པ་དང་། དེ་ལ་ཕ་བོང་སེར་པོ་(Yellowstone)ཞེས་མིང་བཏགས་ཡོད། ཨ་རིས་རྒྱལ་ཡོངས་སྤྱི་གླིང་དེ་ ༡༨༧༢ ལོར་བཟོ་མགོ་བརྩམས་ཀྱང་། ཡོངས་སུ་ལེགས་འགྲུབ་བྱུང་བར་ལོ་ངོ་བཅུ་ཕྲག་ཁ་ཤས་འགོར་འདུག བོད་ནང་བཟོ་འཆར་ཡོད་པའི་རྒྱལ་ཡོངས་སྤྱི་གླིང་དེ་ནི་ཨ་རིའི་སྤྱི་གླིང་ལས་ལྡབ་ ༢༥༠ ཡིས་ཆེ་བ་ཡོད་པའི་སྟེང་། བོད་ཀྱི་ས་ཆའི་ཆགས་དབྱིབས་ནི་གཞན་དང་མ་འདྲ་བ་ཞིག་ཡིན་སྟབས། ཧ་ཅང་དཀའ་ལས་ཁག་པོ་རེད་ཅེས་བརྗོད་འདུག

གོ་ཐོས་ལྟར་ན། ཕྱི་ཟླ་ ༧ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡཱུ་ནིས་ཀཱོས་སྡེ་ཚན་གྱིས་བོད་ནང་རྒྱལ་ཡོངས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་འཆར་དེར་ངོ་རྒོལ་དང་རྙོག་གླེང་མང་པོ་ཡོང་བཞིན་ཡོད་པ་དེར་ཐག་གཅོད་བྱ་རྒྱུ་ཡིན་འདུག

རྒྱལ་ཁབ་མང་པོས་ས་ཆ་གཙང་བཟོ་(Land Clearance)སྐོར་གྱི་ལོ་རྒྱུས་ཤེས་ཀྱི་ཡོད། སཱི་ཁོ་ལན་ཌིའི་རྒྱལ་ཁབ་(Scotland)ཀྱིས་ ༡༨༠༠ ལོར་ས་མཐོ་གཙང་བཟོ་(Highland Clearance)ལས་འགུལ་སྤེལ་རྗེས། ས་གནས་སོ་ནམ་ཞིང་ལས་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། ཡུལ་མིའི་རིག་གཞུང་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་སོགས་དཔེ་དེབ་ཀློག་མཁན་རྣམས་ལ་ཚོར་བ་དེ་བྱུང་ཡོད། ཡིད་སྐྱོ་བ་ཞིག་ལ། ད་ལྟ་དེ་འདྲ་བའི་གཏོར་བཤིག་ཆེན་པོ་ཞིག་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ལྷུང་ལ་ཉེ་འདུག

གལ་སྲིད་བོད་དེ་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ན། དེ་རིང་འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་ཆེ་ཤོས་ཨང་བཅུ་པར་སླེབས་ཡོད་ངེས། ད་ཆར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་ངོ་བཅུ་ཕྲག་བདུན་ཕྱིན་ཡོད་པ་མ་ཟད། ལོ་ངོ་དེའི་རིང་རྒྱ་ནག་གིས་བོད་མིའི་སྟེང་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་ཡོད་ཀྱང་ད་ལྟ་ད་དུང་བོད་ཀྱི་ས་ཆ་དེ་དག་ཐོར་ཞིག་ཡ་བྲལ་དུ་གཏོང་ཐུབ་མེད།

ཉེ་ལམ་རྒྱ་ནག་གཞུང་གིས་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་ཁུལ་དུ་རྒྱལ་ཡོངས་སྤྱི་གླིང་བཟོ་འཆར་ཡོད་པའི་ཟིན་བྲིས་བཟོས་ཡོད། བོད་ལ་འཛམ་གླིང་གི་སྣེ་མོ་གསུམ་པ་བརྗོད་དོན་ནི། བོད་ལ་གངས་རི་དང་འཁྱག་ཀླུང་ཆེན་པོ་མང་པོ་ཡོད་པས་རེད། གལ་སྲིད་རྒྱ་ནག་གཞུང་གིས་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ཚེ། ད་ལྟ་བོད་མི་གནས་སྡོད་བྱེད་ཡུལ་མང་པོ་ཞིག་ལས་གཞི་དེའི་ཁོངས་སུ་ཚུད་རྒྱུ་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལས་རིགས་མང་པོ་ཞིག་ཀྱང་མཚམས་འཇོག་དགོས་ཆགས་ངེས་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་བོད་ནང་རྒྱག་འཆར་ཡོད་པའི་རྒྱལ་ཡོངས་སྤྱི་གླིང་དེའི་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢།༥ ཡོད་ཚེ། ས་ཁུལ་དེར་ཡོད་པའི་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་དང་། མཛེས་སྡུག་ཡིད་དུ་འོང་པའི་རང་བྱུང་ས་དབྱིབས་དག་རྒྱུན་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་འཁོད་འདུག འོན་ཀྱང་། རྒྱལ་ཡོངས་སྤྱི་གླིང་དེ་ནི་གྷི་རིན་ལན་ཌིའི་བྱང་ཕྱོགས་མི་མེད་ལུང་སྟོང་དེ་དང་མི་འདྲ་བར། བོད་ཀྱི་སྤྱི་གླིང་དེ་ནི་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པ་མ་ཟད། དེའི་ཁྱབ་ཁོངས་འོག་མི་འབོར་ཧ་ཅང་མང་པོ་འཚོ་སྡོད་བྱས་ཡོད་པའི་ཁྲོད། བོད་པའི་འབྲོག་པ་སྟོང་ཕྲག་མང་པོ་ཚུད་ཡོད།

བོད་པའི་འབྲོག་པ་རྣམས་ནི་ཕྱུགས་ཟོག་སེམས་ཅན་ལ་བརྟེན་ཡོད་ཅིང་། ནམ་དུས་དང་གནམ་གཤིས་སོགས་དང་བསྟུན་ཏེ་མུ་མེད་རྩྭ་ཐང་དག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། འཚོ་བ་སྐྱེལ་སྟངས་དེར་ཡུན་རིང་གི་ལོ་རྒྱུས་ལྡན་པ་དང་། ཡུལ་སྲོལ་གོམས་གཤིས་ཧ་ཅང་གཏིང་ཟབ་མོ་ཞིག་ཡོད་པ་ལས་ཁོར་ཡུག་བག་མེད་ལོངས་སྤྱོད་བྱས་ཏེ་འཕྲོ་བརླག་ཏུ་གཏོང་བ་ཞིག་རྩ་བ་ནས་མིན། འོན་ཀྱང་། རྒྱ་ནག་གཞུང་གི་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ན། རྩྭ་ཐང་ལ་བརྟེན་པའི་སྒོ་ཕྱུགས་སེམས་ཅན་དེ་དག་བཀག་སྡོམ་བྱེད་དགོས་པ་དང་། འཚོ་སྟངས་དེ་ལ་བརྟེན་པའི་མི་རྣམས་ཀྱང་དེ་སྔའི་འཚོ་བར་ཁ་འབྲལ་དགོས་ཆགས་ངེས་རེད།

སྤྱིར་རྒྱལ་ཡོངས་སྤྱི་གླིང་བཟོས་ན་གཏེར་ཁ་སྔོག་འདོན་ལས་གཞི་བཀག་འགོག་དང་། རྒྱུག་ཆུ་དང་གཙང་བོར་ཆུ་མཛོད་སོགས་རྒྱག་མི་ཆོག་ཀྱང་། རྒྱ་ནག་གི་རྒྱལ་ཡོངས་སྤྱི་གླིང་ལས་གཞི་དེའི་ཁོངས་སུ་ཆུ་རགས་མང་པོ་རྒྱག་རྒྱུའི་འཆར་གཞི་ཡོད་འདུག གལ་ཏེ་བོད་ཀྱི་རྒྱུག་ཆུ་དང་གཙང་བོ་དེ་དག་ལ་ཆུ་མཛོད་བརྒྱབ་ཚེ། ཨེ་ཤ་ཡའི་མི་འབོར་དུང་ཕྲག་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་རེད།

ང་ཚོས་རྒྱ་ནག་གིས་གསལ་བསྒྲགས་བྱས་པ་ལྟར་བོད་ནང་རྒྱལ་ཡོངས་སྤྱི་གླིང་བརྒྱབ་སྟེ། བོད་དེར་དམིགས་བསལ་གྱི་སྤྱོད་ཚུལ་ག་འདྲ་ཡོད་མེད་འདས་པའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་པོར་འཁོད་ཡོད། བོད་མི་ཚོས་ལོ་ངོ་མང་པོའི་རིང་རང་འགན་རང་འཁུར་གྱིས་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་དེ་རང་ཡུལ་གྱི་ཁོར་ཡུག་དེ་དག་ལ་བདག་སྐྱོང་ཡག་པོ་བྱས་ཡོད། ས་ཆ་དང་ཁོར་ཡུག་དེ་དག་གིས་ཁོང་ཚོའི་ངོ་བོ་མཚོན་གྱི་ཡོད་སྟབས། ཁོང་ཚོ་ལའང་ས་ཆ་དེའི་རིན་ཐང་ཇི་ཙམ་ཆེན་པོ་ཡིན་པ་ཐག་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་ངེས་པར་དུ་ཡོད་དགོས།

མ་རྩོམ་ལ་གཟིགས་འདོད་ན་འབྲེལ་ཐག་འདིར་ཡོད

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    བོད་ཀྱིས་འཁོར་ཡུག་ཉམས་ཆགས་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་མི་རིགས་དང་བཅས་པ་རྩ་མེད་དུ་བཟོ་བཞིན་པའི་རྒྱ་ནག་དམར་གཞུང་གི་བོད་འདི་འཛམ་གླིང་གི་སྤྱི་གླིང་ཆེན་པོ་ཞིག་བཟོ་རྒྱུ་ཟེར་བ་དེ་རི་བོ་བཟོས་ནས་མ་འགྲང་རྒྱ་མཚོ་ཐུང་ནས་མ་ངོམས་པའི་སྐད་ཆ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ལས་ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་རྒྱལ་ཁབ་སུ་གཅིག་གི་ནམ་ཡང་དགའ་བསུ་མི་ཞུ་བ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ་???

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese