མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཉག་ནགས་ཕྲན་སྡེ་བའི་རི་བསང་བཀག་སྡོམ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་མདོ་ཁམས་མི་ཉག་ནགས་ཕྲན་སྡེ་བའི་རི་བསང་དང་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་གཉིས་ཉིན་གཅིག་ཏུ་ཁེལ་ཡོད་སྟབས་རྒྱ་ནག་གཞུང་གིས་ནགས་ཕྲན་པའི་རི་བསང་རྟ་རྒྱུགས་བཙན་བཀག་བྱས་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་རྟའུ་རྫོང་ལུང་བསྟན་ཡུལ་ཚོ། ནགས་ཕྲན་སྡེ་བས་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༣ ཉིན་རི་བསང་རྟ་རྒྱུགས་ཀྱི་དུས་སྟོན་ཆེན་པོ་ཞིག་བྱེད་སྲོལ་ཡོད་པ་དང་། དེ་ནི་ནགས་ཕྲན་སྡེ་བའི་མང་ཚོགས་ཀྱིས་བཤད་ན་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་རིག་གནས་ཧ་ཅང་རིན་ཐང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་སྟབས། སྔར་རིག་ནགས་གསར་བརྗེའི་ཆེན་མོའི་སྐབས་སུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཆད་མ་མྱོང་བར་སྲུང་བརྩི་བྱེད་མྱོང་པ་ཞིག་རེད་འདུག

ངག་རྒྱུན་ལོ་རྒྱུས་ལྟར་ན་རི་བསང་དེ་སྔར་ཞིག་ནས་ཡོད་མྱོང་བ་ཙམ་དུ་མ་ཟད། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མདོ་ཁམས་མི་ཉག་ཡུལ་དུ་བྱོན་སྐབས་སྔར་ནས་ཡོད་པའི་ཡུལ་མིའི་རི་བསང་དར་རྒྱས་སུ་བཏང་སྟེ། ཡུལ་མིའི་ཚེ་འདི་ཕྱི་གཉིས་ཀྱི་ཆོས་སྲིད་ཀྱི་སྲུང་མ་གླེང་རྗེ་གེ་སར་སྐྱེས་བུ་གསོལ་མཆོད་ཀྱི་སྲོལ་བཏོད། གེ་སྐེས་ཐང་༼ དེང་སྐབས་གེ་སར་རྩ་ཐང་ཟེར་མཁན་ཡང་ཡོད། ༽དུ་གེ་སར་ལབ་རྩེ་བཙུགས་པ་སོགས་བྱས་སྟེ་མི་ལོ་ ༡༠༠ ཕྲག་ལྷག་ཅིག་ཕྱིན་པའི་ལོ་རྒྱུས་ཡོད་འདུག

ད་ལོ་རི་བསང་དེ་༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་སྐུའི་འཁྲུང་སྐར་དང་སྟབས་གཅིག་ཏུ་ཁེལ་ཡོད་སྟབས། རྫོང་སྲིད་གཞུང་དང་ཡུལ་ཚོའི་ལས་བྱེད་པ་དག་གིས་རི་བསང་དེ་བོད་ཚེས་ ༡༣ ཉིན་སྲུང་བརྩི་བྱེད་མི་ཆོག་པར་ཉིན་གཅིག་གཉིས་ཕྱིར་འཐེན་བྱེད་དགོས་སྐོར་བཤད་འདུག

ཡིན་ནའང་ཡུལ་མི་རྣམས་ཀྱིས་རི་བསང་དེ་ས་གནས་མང་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་། ལོ་ལྟར་བོད་ཀྱི་ཟླ་ཚེས་ལྟར་དེ་ག་རང་ལ་རི་བསང་བྱེད་ཀྱི་ཡོད་པ་ལས་སྤྱི་ལོ་དང་རྒྱ་ལོ་སོགས་གང་ལ་ཡང་ཆ་འཇོག་བྱེད་སྲོལ་མེད་ལ་ཟླ་ཚེས་དེ་ལས་ཡོལ་བའི་ཉི་མ་གང་ཞིག་ལ་བསང་གཏོང་བ་དང་རྟ་རྒྱུགས་པ་བྱས་ན་དེ་ལ་རི་བསང་འདིའི་ནང་དོན་མི་ལྡན་པའི་འདུ་ཤེས་གཏིང་ཟབ་པོ་ཞིག་ཡོད་པར་བརྟེན། དུས་ཚོད་དེ་ཆབ་སྲིད་དང་འབྲེལ་བ་མེད་པས་ཡིན་གཅིག་མིན་གཉིས་རི་བསང་དུས་ལྟར་བྱེད་དགོས་པའི་གླེང་སློང་བྱུང་དོན་བཞིན། དགོན་པའི་དགོན་དཔོན་ཡང་ཆེད་དུ་རྫོང་སྲིད་གཞུང་ལ་ཡར་ཞུ་བྱེད་དུ་ཕེབས་ཡོད་ནའང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལས་དོན་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱུང་ན་ཡུལ་མི་མང་པོར་ཉེས་ཆད་ཕོག་རྒྱུ་ཡིན་པས་མ་ཚད། སྡེ་བའི་མི་སེར་ལ་རྒྱལ་ཁབ་ཀྱི་གཟིགས་རྟོགས་སྐྱོབ་གསོ་གང་ཡོད་པ་དེ་ཚོ་གཅོད་རྒྱུ་ཡིན་པ། སྡེ་བའི་རི་གཙོ་དེ་ཚོ་ལ་ཡང་དེ་བཞིན་གྱི་ཉེན་ཁ་ཡོད་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག

རྒྱ་གཞུང་གིས་བཀག་སྡོམ་བྱས་མིན་ལ་མ་ལྟོས་པར། ས་གནས་མི་མང་ཚོས་ཕྱི་ཟླ་ ༧ པའི་ཚེས་ ༦ དང་བོད་ཟླ་ ༥ པའི་ཚེས་ ༡༣ ཉིན་གེ་སྐེས་ཐང་གི་གེ་སར་ལབ་རྩེ་རྩིག་སྐབས། སྲིད་གཞུང་གི་དམག་མི་དང་ཉེན་རྟོགས་པ་མང་པོས་བསྐོར་ནས་དྲག་པོའི་གཡུལ་ས་ལྟ་བུར་བསྒྱུར་སོང་ཅེས་གནས་ཚུལ་མཁོ་སྤྲོད་པས་བཤད་སོང་། ཡུལ་མི་རེ་ཟུང་གིས་གེ་སྐེས་ཐང་དང་ཁ་ཐག་མི་རིང་བའི་ཉེ་འགྲམ་ནས་ཡུལ་མིའི་ལུགས་སྲོལ་ལྟར་རྟ་བསང་རྟ་ཁྲུས་བྱས་པ་དམག་གིས་མཐོང་ནས་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོགས་པ་བསླེབས་ཏེ་འཇིགས་སྐུལ་དང་དཀའ་ངལ་བཟོས་ཡོད་པའི་གནས་ཚུལ་ཡང་བྱུང་འདུག

གནས་སྟངས་དེ་ལྟ་བུའི་འོག་ད་ལོའི་ནགས་ཕྲན་སྡེ་བའི་དམངས་སྲོལ་རིག་གནས་རི་བསང་རྟ་རྒྱུགས་སྲིད་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཁ་གཡར་ནས་འཇིགས་སྐུལ་འོག་བཙན་པོར་བཅད་ཡོད་ནའང་། མི་སེར་ཚོས་སྔར་རིག་གནས་གསར་བརྗེའི་སྐབས་ཀྱི་བྱེད་ལུགས་ལྟར། གེ་སྐེས་ཐང་གི་གེ་སར་ལབ་རྩེ་མཐོང་སའི་རི་མགོ་གཞན་དག་ནས་རི་བསང་བཏང་དེ་རྟེན་འབྲེལ་བྱས་ཡོད་འདུག་པ་དང་། ལས་སྒྲུབ་རུ་ཁག་གི་དམག་མི་དང་ཉེན་རྟོགས་པ་དེ་དག་ཀྱང་བསང་བཏང་བའི་རི་མགོ་དེ་དག་ལ་བསླེབས་ཏེ་མེ་བསད་དེ་བསང་བཏོར་བའི་གནས་ཚུལ་ཡང་ཐོན་འདུག དེ་ཙམ་དུ་མ་ཚད། སྐུའི་འཁྲུང་སྐར་ཀྱི་སྔར་ཉིན་ནས་རྟའུ་རྫོང་ཐོག་ནས་སྐྱེ་སྐར་སྤྲི་གོར་གཅིག་ཀྱང་བཙོང་ཆོག་གི་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་སོང་།

མི་ཉག་ནགས་ཕྲན་སྡེ་བ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་། ལུང་བསྟན་ཡུལ་ཚོའམ་ལུང་ཏེན་ཤང་ཟེར་བ་དེ་ཡིན་པ་དང་། ས་གནས་དེར་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་ཀྱི་རྗེས་ཤུལ་མང་པོ་ཡོད་པ་རེད། བཤད་སྲོལ་ལ་གླིང་དང་མི་ནུབ་དམག་འཁྲུག་སྐབས་གླིང་གི་དམག་སྒར་ནགས་ཕྲན་གེ་སྐེས་ཐང་ནས་བརྒྱབ་པར་ངོས་འཛིན་བྱེད་ལ། ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཁོང་གླིང་གི་སྐབས་སུ་འདན་སྲས་གཡུ་འོད་འབུམ་མེའི་སྐུ་སྐྱེས་བཞེས་པ་དང་། འདན་སྲས་མཆོག་མི་ནུབ་དར་རྗོང་སྐབས་བཀྲོངས་བ་དང་ཁོང་སྐུ་བཀྲོངས་ས་ཡང་ནགས་ཕྲན་རྨུ་རྗེ་ཉག་ག་ཡིན་པའི་ངོས་འཛིན་ཡང་གནང་མྱོང་བ་རེད་འདུག

བསོད་ནམས་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༣ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༤ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese