མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༨༠ རྗེས་སུ་རྒྱ་ནག་གིས་ཉི་ཧོང་དང་རྒྱ་ནག་བར་གྱི་དམག་འཁྲུག་བརྗེད་མི་འོས་ཀྱང་དམག་འཁྲུག་མཇུག་བསྒྲིལ་དྲན་འོས།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

མཱར་ཁཱོ་ཕཱོ་ལཱོ་ཟམ་པའི་སྟེང་གི་དོན་རྐྱེན་ (MPBI) དུས་དྲན་སྲུང་གཙི་བྱས་སྐབས། རྒྱ་ནག་གིས་ད་དུང་ཡང་སྐབས་དེའི་དམག་འཁྲུག་གི་བྱས་ཉེས་ལ་བསམ་བློ་གཏོང་གིན་ཡོད། སྤྱིར་རྒྱ་ནག་གིས་སྐབས་དེའི་དམག་འཁྲུག་ལ་ཕྱིར་དྲན་བྱེད་འོས་མོད། འོན་ཀྱང་། ད་ལྟའི་ཉི་ཧོང་ནི་སྐབས་དེའི་ཉི་ཧོང་བཙན་རྒྱལ་དེ་མིན་པ་མ་ཟད། ད་ལྟའི་ཉི་ཧོང་གིས་སྐབས་དེའི་ན་ཟུག་གི་ཕྱིར་དྲན་དེ་དག་དྲན་པ་བརྗེད་པའི་རེ་འདུན་འཆང་གི་ཡོད།

 མའེ་ཊིར་ (Mitter)བརྩམས།
པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

བལྟས་ཚོད་ཀྱིས་མཱར་ཁཱོ་ཕཱོ་ལཱོ་ཟམ་པ་ནི་མི་རིགས་ཤིག་གི་ལས་དབང་ཐག་གཅོད་བྱེད་ས་ཞིག་ཡེ་ནས་མིན་པ་འདྲ། རྒྱལ་ས་པེ་ཅིན་ནས་སྤྱི་ལེ་ ༡༥ ཡས་མས་ཤིག་གི་མཚམས་སུ་ཡོད་པའི་ལུའུ་གོ་ཆའོ་ (Lugouqiao) ཞེས་པའི་ཟམ་པ་དེ་ནི་སྒྱུ་རྩལ་མཁན་གྱིས་འདྲ་རིས་སུ་བཀོད་པ་དང་འདྲ་བོ་འདུགཟམ་པ་དེའི་བཟོ་བཀོད་ཀྱིས་དེང་རབས་འཛུགས་སྐྲུན་ལ་ཁ་ཕྱོགས་པའི་ནུབ་གླིང་གི་རྒྱལ་ཁམས་པ་གྲགས་ཅན་སུ་ཞིག་ཡིན་ཡང་། ཡིད་ཀྱི་དང་བ་འདྲེན་མི་ཐུབ་པ་ག་ལ་སྲིད། རྒྱ་སྐད་དུ་ལུའུ་གོ་ཆའོ་ཞེས་པའི་ཟམ་པ་དེའི་མཚང་མིང་ལ་དབྱིན་སྐད་དུ་ “མཱར་ཁཱོ་ཕཱོ་ལཱོ་ཟམ་པ” ཞེས་འབོད་ཀྱི་འདུག

ལོ་ངོ་༨༠ཡར་སྔོན་གྱི་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཟམ་ཁ་དེར་དམག་འཁྲུག་དེ་བྱུང་བ་རེད། ༡༩༢༠ ཙམ་ནས་བཟུང་ཉི་ཧོང་གིས་རྒྱ་ནག་ནུབ་རྒྱུད་དུ་བཙན་འཛུལ་བྱེད་མགོ་བརྩམས་པ་དང་། དེའི་མཇུག་འབྲས་ལ་བརྟེན་ཏེ་ ༡༩༣༧ ལོའི་ཟླ་ ༧ ཚེས་ ༧ ཉིན། རྒྱ་ནག་ས་གནས་དྲག་ཆས་དམག་དཔུང་དང་ཉི་ཧོང་བཙན་རྒྱལ་གྱི་དྲག་ཆས་དམག་དཔུང་གཉིས་ཟམ་ཁ་དེ་ནས་གདོང་ཐུག་བྱུང་བ་རེད། ཉིན་དེ་དག་རིང་ས་གནས་དེའི་འཁྲུག་ཟིང་ཆེས་ཆེར་འབར་ཏེ། རྒྱ་ནག་གོ་མན་ཏང་སྲིད་གཞུང་དང་ཉི་ཧོང་བཙན་རྒྱལ་གཉིས་བར་ཟློག་ཐབས་མེད་པའི་དམག་འཁྲུག་ལངས་པ་རེད། དམག་འཁྲུག་དེ་ནི་གོ་མིན་ཏང་གི་སྤྱི་ཁྱབ་གཙོ་འཛིན་ཅང་ཅེ་ཧྲི་དང་ཉི་ཧོང་གི་གནམ་བསྐོས་གོང་མ་གཉིས་ཀྱིས་དབུ་ཁྲིད་པའི་ཉི་ཧོང་དང་རྒྱ་ནག་གཉིས་བར་བྱུང་བ་ཞིག་རེད།

ལོ་དེའི་ཕྱི་ཟླ་ ༧ པའི་ནང་གི་དོན་རྐྱེན་དེ་ལོ་ངོ་ ༨ རིང་གི་དམག་འཁྲུག་གི་འབྱུང་རྐྱེན་དུ་གྱུར་ཅིང་། ལོ་ངོ་ ༨ རིང་གི་དམག་འཁྲུག་ཁྲོད་རྒྱ་ནག་གི་ནན་ཅིན་ (南京) གྲོང་ཁྱེར་དང་ཞུའུ་ཀྲུག་ (徐州) གྲོང་ཁྱེར།ཁྲང་ཧྲ་ (長沙) གྲོང་ཁྱེར། ཧིང་ཡང་ (衡陽) གྲོང་ཁྱེར་སོགས་ཀྱི་ནང་དམར་གསོད་ཆེན་པོ་ཐེབས་ཡོད། སྐབས་དེར་རྒྱ་མི་ས་ཡ་ ༡༤ དམར་གསོད་དང་རྒྱ་མི་ས་ཡ་ ༨༠ ལྷག་སྐྱབས་བཅོལ་དུ་གྱར་དགོས་བྱུང་ཡོད་པ་རེད།

འདས་པའི་ལོ་ངོ་མང་པོའི་རིང་རྒྱ་ནག་ནང་སྐབས་དེའི་འཇིགས་སུ་རུང་བའི་དམག་འཁྲུག་སྐོར་གླེང་སློང་བྱུང་མེད། དེའི་རྒྱུ་མཚན་ནི། མའོ་ཙེ་ཏུང་ (毛澤東)གི་སྲིད་དབང་འོག་རྒྱ་ནག་གིས་དམར་ཤོག་ཚོགས་པ་གཅིག་པུས་ཉི་ཧོང་བཙན་རྒྱལ་རིང་ལུགས་ཕམ་པར་བརྒྱབ་པ་མ་གཏོགས་སྐབས་དེར་གོ་མིན་ཏང་སྲིད་གཞུང་དང་ཨ་རིའི་གཞུང་གཉིས་ཀྱི་རོགས་རམ་ངོས་ལེན་བྱེད་འདོད་མེད་པས་རེད། ཡིན་ནའང་ ༡༩༨༠ ལོའི་ནང་རྒྱ་ནག་སྐམ་ས་ཆེན་མོ་ནང་ཁུལ་གྱི་དམར་ཤོག་ཚོགས་པ་མ་ཡིན་པའི་འཐབ་རོགས་ཁག་གི་ངོས་ལེན་ལ་བརྟེན་ཏེ། རྒྱ་ནག་ནང་གཞི་ནས་སྐབས་དེའི་འཇིགས་སུ་རུང་བའི་དམག་འཁྲུག་སྐོར་གླེང་སློང་ཙམ་བྱུང་ཡོད།

༢༠༡༥ ལོའི་ཟླ་ ༩ ཚེས་ ༣ ཉིན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དུས་དྲན་ཐེངས་ ༡༧ པ་སྲུང་གཙི་བྱས་ཤིང་། སྐབས་དེར་རྒྱ་ནག་གཞུང་གིས་གུང་ཁྲན་ཏང་གི་བྱས་རྗེས་ཆེ་བའི་སྐུ་ཚབ་དམག་མི་བཞི་དང་གོ་མིན་ཏང་གི་བྱས་རྗེས་ཅན་གྱི་སྐུ་ཚབ་དམག་མི་བཞི་མཉམ་ཞུགས་བྱེད་དུ་བཅུག་ཡོད།

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༧ ཉིན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་མཱར་ཁཱོ་ཕཱོ་ལཱོ་ཟམ་པའི་སྟེང་དུ་དོན་རྐྱེན་ (MPBI) བྱུང་ནས་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཏེ། རྒྱ་ནག་གིས་དོན་རྐྱེན་དེ་ལ་བརྟེན་ཏེ་འཛམ་གླིང་དམག་ཆེན་གཉིས་པ་མགོ་བཙུགས་པར་ངོས་འཛིན་བྱེད་འཆར་ཡོད་པ་རེད། ཐེངས་འདིའི་དུས་དྲན་སྲུང་གཙི་དེས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ཁ་ཤས་ནང་སྐབས་དེའི་འཇར་འགོག་དམག་འཁྲུག་སྐོར་གླེང་སློང་ཤུགས་ཆེན་བྱེད་ཀྱིན་ཡོད་པ་སྟོན་གྱི་ཡོད།

ཡུ་རོབ་ནང་འཛམ་གླིང་དམག་ཆེན་གཉིས་པའི་བྱུང་མཐའ་དག་གཏིང་བརྗེད་དུ་སོང་བའི་སྣང་ཚུལ་བྱུང་ཡོད། ན་ནིང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐོན་མིན་གྱི་མང་མོས་འོས་བསྡུ་བྱེད་སྐབས། དབྱིན་ཇིའི་སྲིད་བློན་ཁཱ་མཱི་རོན་ (Cameron) གྱིས་གཅིག་བྱས་ན། ཡུ་རོབ་ཀྱིས་དམག་འཁྲུག་གི་མེ་རོ་སླར་གསོ་བྱེད་སྲིད་པའི་བསམ་ཚུལ་བརྗོད་ཡོད།

གང་ལྟར། རྒྱ་ནག་ནང་དུས་ཡུན་རིང་བོའི་སྔོན་གྱི་དམག་འཁྲུག་དེ་ནི། རྒྱ་ནག་གཞུང་གིས་འཛམ་གླིང་ནང་འུར་སྒྲོག་བྱས་པ་མ་གཏོགས་གཞན་སུས་ཀྱང་གླེང་སློང་བྱུང་མེད་པ་ཧ་ཅང་གསལ་བོ་རེད།

འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། འཇར་འགོག་དམག་འཁྲུག་དེ་ནི་  ༡༩༣༡ ནས་ ༡༩༤༥ ལོའི་བར་ཏེ། འདས་པའི་ལོ་ངོ་ ༡༤ རིང་བྱུང་ལུགས་བཤད་ཀྱང་། དེ་སྔོན་རྒྱ་ནག་གིས་འཇར་འགོག་དམག་འཁྲུག་དེ་ ༡༩༣༧ ནས་ ༡༩༤༥ ལོའི་བར་ཏེ་ལོ་ངོ་ ༨ རིང་བྱུང་ལུགས་བཤད་ཡོད།

ཕྱོགས་གཅིག་ནས་རྒྱ་ནག་གིས་ “རིག་རྩལ་བསྐྱར་དར” ལ་རེ་འདུན་ཆེ་པོ་འཆང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་འཇར་འགོག་དམག་འཁྲུག་སྐབས་ཀྱི་རྙོག་འཛིང་བསྐྱར་སློང་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གི་རེ་འདུན་དང་ལག་ལེན་གཉིས་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད།

དེ་ཡང་ལོས་ཡིན། རྒྱ་ནག་གི་དམིགས་འདུན་གཅིག་ནི། རྒྱ་ནག་གིས་འཛམ་བུ་གླིང་ལ་དུས་སྐབས་དེའི་དམག་འཁྲུག་གི་བྱས་ཉེས་དྲན་གསོ་བྱས་ཏེ། འཛམ་གླིང་ཐོག་གི་ཉི་ཧོང་གི་ཆེ་མཐོང་མེད་པ་བཟོ་རྒྱུ་དེ་རེད།

ཉི་ཧོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་རྐུབ་སྟེགས་སྲུང་སྐྱོབ་བྱེད་སྐབས། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་དང་འཐུས་མི་ཚོར་གླེང་མོལ་བྱེད་དུས། ཁོ་ཚོས་ལམ་སང་ཉི་ཧོང་དང་རྒྱ་ནག་གཉིས་བར་གྱི་མཚོ་ཁུལ་རྩོད་གླེང་བཤད་ཡོང་གི་ཡོད་པ་རེད།

རྒྱ་ནག་ལ་ཉི་ཧོང་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་ཞུགས་པར་ངོ་རྒོལ་བྱེད་པའི་རྒྱུ་མཚན་འདྲི་དུས། དེའི་ལན་དུ་འདས་པའི་ལོ་ངོ་ ༧༠ སྔོན་གྱི་དམག་འཁྲུག་དེ་བཤད་ཡོང་གི་ཡོད།

རྒྱ་ནག་གི་དཔོན་རིགས་ཚོའི་མིག་མདུན་ནས་ཉི་ཧོང་གིས་དགོངས་སེལ་ཡིད་ཚིམ་པ་ཞིག་ཞུས་མེད་པ་དང་། སྐབས་དེའི་བཙན་འཛུལ་དམག་འཁྲུག་གི་མཇུག་འབྲས་དེས་འཛམ་གླིང་སྟེང་ད་ལྟའི་ཉི་ཧོང་གི་ཆེ་མཐོང་བསྐྱར་གསོ་བྱེད་པར་འགོག་རྐྱེན་ཐེབས་ཀྱི་ཡོད།

མཱར་ཁཱོ་ཕཱོ་ལཱོ་ཟམ་པའི་སྟེང་གི་འགྲེམ་སྟོན་ཁང་།

མཱར་ཁཱོ་ཕཱོ་ལཱོ་ཟམ་པའི་སྟེང་གི་འགྲེམ་སྟོན་ཁང་དུ་དུས་སྐབས་དེའི་དམག་འཁྲུག་སྐབས། ཉི་ཧོང་གིས་རྒྱ་ནག་ལ་བཟོས་པའི་ནག་ཉེས་སྐོར་གྱི་འདྲ་རིས་མང་པོ་འགྲེམ་སྟོན་བྱས་ཡོད་པ་དང་། འགྲེམ་སྟོན་ཁང་དེ་ནི་མི་སྒེར་གྱིས་ཉར་ཚགས་བྱས་ཡོད་སྟབས། དེ་ལ་ཁ་རྡུང་ཐེབས་ཀྱི་ཡོད་པ་རེད། དེ་བཞིན། ཉི་ཧོང་རྒྱལ་ས་ཊོ་ཁེ་ཨོ་ (Tokyo) ནང་ཡོད་པའི་ཡཱ་སུ་ཁུ་ནེ་མཆོད་ཁང་ (Yasukuni Shrine) ནང་དུའང་འགྲེམ་སྟོན་ཁང་ཞིག་ཡོད་པ་དང་། དེའི་ནང་དུ་ཉི་ཧོང་གིས་རྒྱ་ནག་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་དངོས་འབྲེལ་དག་བཀོད་ཡོད་པ་རེད།

དེར་མ་ཟད། རྒྱ་ནག་ནང་ད་དུང་དུས་སྐབས་དེའི་དམག་འཁྲུག་དྲན་གསོ་བྱེད་པའི་དམིགས་འདུན་ཆེན་པོ་ཡོད་ཀྱང་། རྒྱ་ནག་ལ་སྐབས་དེའི་དམག་འཁྲུག་དྲན་གསོ་བྱེད་ཐབས་སུ་མི་མང་གི་རྒྱབ་སྐྱོར་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་ལོངས་སྤྱོད་དེ་ཙམ་གྱིས་རྒྱ་ནག་མི་མང་ལ་རྒྱ་ནག་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་པར་མི་འདྲ་བའི་དམིགས་བསལ་རྒྱལ་ཞེན་གྱི་སྤོབས་པ་ཅི་ཡང་བསྐྱེད་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། རྒྱ་ནག་གཞུང་གིས་འཇར་འགོག་དམག་འཁྲུག་ནང་དཀའ་སྡུག་བློས་གཏོང་མང་པོ་བྱས་པར་བརྟེན་ཏེ། ད་གཟོད་རྒྱ་ནག་གསོན་གནས་ཐུབ་པ་བྱུང་ལུགས་སྐོར་གྱི་འདྲ་རིས་བཟོ་བ་དང་། གནས་ཚུལ་འུད་སྒྲོག་བྱེད་པ་སོགས་ལ་བརྟེན་ཏེ། དུས་སྐབས་དེའི་དམག་འཁྲུག་གི་བྱུང་བ་དག་ལ་དྲན་སྐུལ་གང་ཐུབ་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་རྒྱལ་ཞེན་རིང་ལུགས་ཀྱི་བློ་སྤོབས་བསྐྱེད་ཐབས་སུ། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་དང་། དཔེ་ཚོང་ཁང་ཁག འགུལ་རིས་བརྙན་ཐུང་སོགས་ཀྱི་ནང་ ༡༩༣༧ ལོའི་མཱར་ཁཱོ་ཕཱོ་ལཱོ་ཟམ་པའི་སྟེང་གི་དོན་རྐྱེན་དེའི་སྣང་བརྙན་བཞེངས་སྐྲུན་བྱེད་ཀྱི་ཡོད།

ཕྱི་ཟླ་ ༧ ཚེས་ ༢ ཉིན་གཟའ་ཉི་མར། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་འཇར་འགོག་དམག་འཁྲུག་བྱུང་སྟེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཏེ། དུས་སྐབས་དེའི་དམག་འཁྲུག་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱས་ཡོད།

རྒྱ་ནག་གིས་འཛམ་གླིང་ལ་འཇར་འགོག་དམག་འཁྲུག་ཁྲོད་རྒྱ་ནག་ལ་ཐེབས་པའི་དམར་གསོད་ཆེན་མོ་དེ་དྲན་གསོ་བྱེད་དགོས་ཞེས་རྩོད་པ་རྒྱག་པའི་ཐོབ་ཐང་ཡོད་ནའང་། དེ་རིང་གི་ཨེ་ཤ་ཡའི་ཞི་བདེ་དང་སྟོབས་ཆེན་ཁྱིམ་མཚེས་རྒྱལ་ཁབ་ཁག་ཚང་མ་ཕན་ཚུན་མཉམ་ལས་ལ་བརྟེན་ཏེ་འཚོ་གནས་བྱས་ཡོད་པ་རེད།

༡༩༣༠ ལོའི་ནང་གི་འཇར་འགོག་དམག་འཁྲུག་ལ་དྲན་གསོ་བྱ་འོས་ཀྱང་། དེ་རིང་གི་ཉི་ཧོང་དང་རྒྱ་ནག་གཉིས་དུས་སྐབས་དེའི་ཉི་ཧོང་དང་རྒྱ་ནག་གཉིས་དང་རྩ་བ་ནས་མི་འདྲ་བའི་རྒྱལ་ཁབ་གཉིས་ཆགས་ཡོད་སྟབས། ཕྱོགས་གཉིས་ཀྱིས་འདས་པའི་དམག་འཁྲུག་གི་ཞེ་འཁོན་དེ་དག་འདོར་འོས་སྙམ།

 

གསར་གནས་འབྲེལ་ཐག http://www.scmp.com/week-asia/opinion/article/2101731/after-80-years-china-should-not-forget-its-war-japan-remember-its

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese