མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་འབྲུག་ལ་ཕུད་རྒྱག་བཏང་སྟེ་མའོ་ཡི་རྨི་ལམ་རྙིང་པ་བསྐྱར་སློག་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཨ་བྷེ་ཇེ་ཊི་བྷ་ཊ་ཅ་རེ་ཡ་(Dr. Abhijit Bhattacharyya)ལགས།
སངས་རྒྱས་དཀོན་མཆོག་གིས་བསྒྱུར།

རྒྱ་ནག་གི་རླབས་ཆེ་བའི་གོ་འཛིན་དང་གསར་བརྗེ་བ་མའོ་ཡིས་ ༡༩༥༠ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བོད་དང་ཧི་མ་ལ་ཡཱའི་སྐོར་ལ་སྐད་ཆ་ཞིག་བཤད་ཡོད། “བོད་ནི་རྒྱ་ནག་གི་ལག་པ་གཡོན་པའི་ལག་མཐིལ་ལྟ་བུ་ཡིན་ལ། བོད་ཀྱི་མཐའ་འཁོར་དུ་གནས་པའི་ལ་དྭགས་དང་བལ་ཡུལ། འབྲས་ལྗོངས། འབྲུག་དང་ཨ་རུ་ནཱ་ཅལ་སོགས་ནི་མཛུབ་མོ་ལྔ་ཡི་གཞི་བརྟེན་ཡིན་སྟབས། རྒྱ་ནག་ལ་མཚོན་ན། མཛུབ་མོ་ལྔ་པོ་དེ་རྒྱ་གར་གྱི་ཤུགས་རྐྱེན་འོག་ཡོད་མེད་ལ་མ་ལྟོས་པར། བོད་དང་བསྐྱར་དུ་དབང་འོག་ཏུ་བསྡུ་དགོས་པ་ནི་རྒྱ་ནག་གི་འོས་འགན་ཞིག་ཆགས་ཡོད།” ཅེས་བརྗོད་ཡོད།

པེ་ཅིན་དང་ལྡི་ལི་གསར་བ་གཉིས་ནི་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་འདི་གཉིས་ཀྱི་བར་མཚམས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བཅད་ཡོད། ཨེ་ཤ་ཡའི་ལྷོ་ཕྱོགས་ཧི་མ་ལ་ཡིའི་རི་རྒྱུད་ཁུལ་གྱི་རིག་གནས་དང་གོམས་སྲོལ་སོགས་རྒྱ་ནག་ལས་རྒྱ་གར་གྱི་ཧུན་རྡུའི་ལོ་རྒྱས་ནང་དུ་ཤུགས་རྐྱེན་ཐེབས་པ་ཆེ་ཞིང་། རྒྱ་ནག་ལ་མཚོན་ན་ཧི་མ་ལ་ཡའི་རི་རྒྱུད་དང་ཁ་ཐག་རིང་པོ་དང་མཐའ་འཁོབ་ཀྱི་ཡུལ་ཆགས་ནས་ཡོད་པ་རེད། རྒྱ་ནག་གིས་འབྲས་འདེབས་འཛུགས་ཀྱི་རིག་གནས་ནི་ཧི་མ་ལ་ཡའི་སིནྡཱུ་ཆུ་བོ་(སེང་གེ་ཁ་འབབ)དང་། གང་གཱ་ཆུ་བོ་བྷར་མཱ་པཱ་ཏི་རཱ་(རྟ་མཆོག་ཁ་འབབ) སོགས་མ་ཡིན་པར་རྒྱ་ནག་ནང་དུ་རྒྱུག་བཞིན་པའི་རྨ་ཆུ་དང་འབྲི་ཆུ་གཉིས་ཆགས་ཡོད།

ཨི་སི་རལ་གྱི་གྲོང་ཁྱེར་ཇེ་རུ་སཱ་ལེམ་(Jerusalem)ལྟར། ཕྱོགས་གཉིས་ཡེ་ཤུ་ཆོས་ལུགས་དང་རྗོ་དྷེ་སིམ་ (Judaism) ཆོས་ལུགས་གཉིས་ཀྱིས་སྐོར་ཡོད་ལ། དཀྱུལ་དུ་ཨེ་སི་ལམ་གྱི་ཁ་ཆེའི་ལྷ་ཁང་མཱེ་ཁཱ་དང་མཱེ་དྷེ་ནཱ་ཆགས་ཡོད། དེ་བཞིན། ཧི་མ་ལ་ཡའི་ཆུ་བོ་དེ་དག་གི་བཞུར་རྒྱུན་དུ་ཧུན་རྡུ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས། རྗན་ཆོས་ལུགས། སིག་ཆོས་ལུགས་སོགས་འཕེལ་རྒྱས་འགྲོ་ས་རྐྱང་གིས་སྐོར་ཡོད།རྒྱ་ནག་ལ་དཔལ་ཡོན་དར་བའི་འབྱུང་ཁུངས་ཀྱི་ཆུ་བོ་ནི་ཧི་མ་ལ་ཡ་ནས་བྱུང་བ་མིན་པར་རྨ་ཆུ་དང་འབྲི་ཆུ་གཉིས་ཆགས་ཡོད། དེ་བཞིན། ཧི་མ་ལ་ཡའི་མིང་དེ་ཡང་ལེགས་སྦྱར་གྱི་ཐ་སྙད་གཉིས་སྦྱར་བ་ལས་བྱུང་ཞིང་། དེ་ནི་ཧི་མ(him)ཞེས་པ་གངས་རི་(snow)དང་། ལ་ཡ་(alay)ཞེས་པ་སྡོད་གནས་(abode)ཞེས་པ་ཡིན།

དེ་བཞིན། ང་ཚོས་ཕྱོགས་གཉིས་ཀྱི་རྒྱལ་ས་ནས་མཛུབ་མོ་ལྔ་ཡི་བར་ལ་ཚད་འཇལ་ན། པེ་ཅིན་ནས་ལ་དྭགས་སླེ་བར་སྤྱི་ལེ་ ༣.༤༩༠ (3,490 km) ཡོད་པ་དང་། ལྡི་ལི་གསར་བའི་བར་སྤྱི་ལེ་ ༡.༢༥༨(1,258 km) ལས་མེད། པེ་ཅིན་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་བར་སྤྱི་ལེ་ ༣.༡༦༠(3,160 km)དང་། ཀ་ཐ་མན་ཌི་ནས་པེ་ཅིན་བར་སྤྱི་ལེ་ ༡.༡༦༠ (1,160 km)ཡོད། འབྲས་ལྗོངས་ཀྱི་སྣ་སྟོད་ལ་ནས་རྒྱ་གར་བར་སྤྱི་ལེ་ ༡.༦༣༦(1,636 km) དང་། རྒྱ་ནག་པེ་ཅིན་བར་དུ་སྤྱི་ལེ་ ༢,༨༨༨(2,888 km) ཡོད། དེ་བཞིན། པེ་ཅིན་ནས་འབྲུག་གི་རྒྱལ་ས་ཐིམ་ཕུག་བར་སྤྱི་ལེ་ ༢,༨༢༠(2,820 km )དང་། ཐིམ་ཕུག་ནས་ལྡི་ལི་བར་སྤྱི་ལེ་ ༡,༧༨༢(1,782 km)ཡོད། མཐའ་མར། ཨ་རུ་ནཱ་ཅལ་གྱི་རྟ་དབང་ནས་རྒྱ་ནག་བར་སྤྱི་ལེ་ ༢.༦༤༠(2,640 km)ཡོད་པ་དང་། ཨ་རུ་ནཱ་ཅལ་ནས་རྒྱལ་ས་ལྡི་ལི་བར་སྤྱི་ལེ་ ༢,༣༡༥(2,315 km)ཡོད།

དོན་དམ་པས་བཤད་ན། མཛུབ་མོ་ལྔ་ཡི་བར་ཐག་དེ་རྒྱ་ནག་པེ་ཅིན་དང་རྒྱལ་ས་ལྡི་ལི་གཉིས་བསྡུར་བ་ཡིན་ན་རྒྱ་ནག་པེ་ཅིན་ལ་བར་ཐག་ཆེས་ཆེར་རིང་བ་ཡོད། ཡིན་ན་ཡང་ང་ཚོས་པེ་ཅིན་གྱི་བསམ་ཚུལ་གང་ཡིན་པ་ཡག་པོ་ཞིག་རྟོགས་པ་ཡིན་ན། པེ་ཅིན་གྱིས་(BRI)དང་(CPEC)། དེ་བཞིན། (SCO)ཞེས་པ་སོགས་ཀྱི་དཔལ་འབྱོར་ལས་གཞི་མང་པོ་ཞིག་རྒྱ་ནག་ལ་ཁེ་ཕན་མེད་པའི་ཚུལ་གྱིས་མིང་འདོག་སྣ་ཚོགས་འོག་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་དག་ལ་ཕར་བལྟས་ཚོད་ཀྱིས་ཁྱད་པར་ཆེན་པོ་བཟོ་ཡི་མེད་པར་སྣང་ཡང་། དོན་གྱིས་དེ་ཡིས་ཁྱད་པར་ཆེན་པོ་བཟོ་བཞིན་ཡོད། འདི་ནི་མ་གཞི་ནས་རྒྱ་ནག་གི་བྱེད་ཐབས་ཤིག་ཡིན། རྒྱུ་མཚན་ནི། ཁོ་ཚོས་ནམ་ཡིན་ཡང་དམིགས་ཡུལ་ངེས་བརྟན་བཟོས་ཡོད་པ་རེད།

རྒྱ་ནག་གི་གནོན་ཤུགས་དང་བཙན་འཛུལ་ལ་མ་ལྟོས་པར་ལ་དྭགས་དེ་རིང་ད་དུང་རྒྱ་གར་དང་མཉམ་དུ་ཡོད། བལ་ཡུལ་གྱིས་རྒྱལ་བརྒྱུད་ལམ་ལུགས་རྩ་མེད་བཟོས་པའི་སྲིད་ཇུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་རླབས་ཆེན་པོས་སྐྱོང་ཐབས་བྱེད་བཞིན་ཡོད། དེ་བཞིན། འབྲས་ལྗོངས་གྱིས་ ༡༩༧༥ ལོར་རང་མོས་རང་འཐད་ཀྱིས་རྒྱ་གར་དང་མཉམ་འབྲེལ་བྱས་ཡོད་ལ། འབྲུག་གིས་ཀྱང་རང་ཐག་རང་གཅོད་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱ་གར་དང་མཉམ་འབྲེལ་བྱེད་ཀྱིན་ཡོད། རྒྱ་ནག་གིས་འབྲུག་ནང་གཞུང་ཚབ་ཁང་འཛུགས་རྒྱུར་ད་དུང་ལམ་ཐག་ཧ་ཅང་རིང་པོ་ཡོད། ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་མངའ་སྡེ་ ༢༩ པ་དེ་ཡིན་པ་དང་། ཁོ་ཚོ་འདི་ལས་ལྷག་པའི་གཞན་གང་དུའང་འགྱུར་མི་སྲིད།

དེར་བརྟེན། རྒྱ་ནག་གིས་བོད་ཀྱི་མཐའ་འཁོར་གྱི་མཛུབ་མོ་ལྔ་བོ་ཁ་ཐུག་གིས་བཅིངས་འགྲོལ་གཏང་རྒྱུར་ཕྱོགས་གཞན་ཞིག་བརྒྱུད་དེ་ཉེ་སར་བཅར་དགོས་པ་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད། ཡིན་ན་ཡང་ཇི་ལྟར་བྱས་ཏེ་མི་སྒེར་རེ་རེ་བཞིན་འབྲེལ་བ་བྱས་ཏེ་ཚོང་གཉེར་དང་ཁེ་ལས་སོགས་བེད་སྤྱོད་བྱས་ཏེ་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་གཏོང་ངམ། ཚོང་གི་སྒང་ནས་འབྲེལ་བ་བྱ་འདོད་པ་ནི་བསླུ་བྲིད་ཀྱི་སྐད་ཆ་ཞིག་ལས་གཞན་གང་ཡང་མིན། རྒྱ་ནག་གིས་ཁོ་ཚོ་འཇམ་པོས་ངང་ནས་བསླུ་བྲིད་གཏོང་འདོད་ཡོད་ན་ཡང་ས་བབ་ཀྱི་ཆ་ནས་ཁོ་ཚོ་ནི་སྐམ་སའི་རི་ལུང་གིས་སྐོར་ནས་ཡོད་སྟབས། རྒྱ་ནག་གི་རྨི་ལམ་ཚང་མ་རེ་བ་འབྲས་མེད་ཡིན།

རྒྱལ་ཁབ་ཅིག་ལ་མཚོན་ན། ས་རྒྱ་ཆེན་པོ་ཞིག་དབང་བསྒྱུར་བྱེད་པར་མ་མཐའ་ཡང་རྒྱ་མཚོའི་ས་བབ་ཡག་པོ་ཞིག་ཡོད་དགོས་ལ། རྒྱ་ནག་གིས་རི་ལུང་གིས་སྐོར་བའི་མཛུབ་མོ་ལྔ་བོ་དེ་ཨ་རབ་བྷན་(Arabian )རྒྱ་མཚོའི་གྷོ་ཝ་དྷར་(Gwadar)གྲུ་ཁ་བརྒྱུད་ནས་གཏོར་ཐུབ་རྒྱུ་ཁག་པོ་རེད། ས་ཆ་དེ་དག་ནི་ཧ་ཅང་མཐའ་འཁོབ་དང་ལམ་ཁ་བདེ་བོ་མེད་པ་རྐྱང་རྐྱང་རེད། འོན་ཀྱང་། ས་ཆ་དེ་དག་བྷན་གཱལ་ནས་(Bay of Bengal)གྲུ་གཟིངས་འབབ་ཚུགས་དྲུག་དང་མཉམ་དུ་འབྲེལ་ཡོད། ཀཱ་ལི་ཀ་ཏཱ་(Kolkata)གྲུ་གཟིངས་འབབ་ཚུགས་དང་། ཧཱལ་དྷེ་(Haldia)འབབ་ཚུགས། ཁཱལ་ནཱ་(Khulna)འབབ་ཚུགས། ཆཱལ་ནཱ་(Chalna)འབབ་ཚུགས། ཁོ་ཛ་སི་བྷཱ་ཛར་(Cox’s Bazar)འབབ་ཚུགས། ཆཱ་ཊཱ་གཱོང་(Chittagong)འབབ་ཚུགས་སོགས་ཡོད་ལ། སྣ་སྟོད་ལ་ནས་ཀཱ་ལི་ཀ་ཏཱ་བར་སྤྱི་ལེ་༧༢༧(727 km)དང་། དྷཱ་ཁཱ་བར་སྤྱི་ལེ་(640km)། ཆཱ་ཊཱ་གཱོང་བར་སྤྱི་ལེ་(900 km)བཅས་ཡོད།

རྒྱ་ནག་གིས་འབྲུག་གི་ནང་དུ་གཞུང་ཚབ་ཁང་འཛུགས་རྒྱུར་རེ་འདུན་བཅངས་ཏེ། རྒྱ་གར་གྱི་ཤུགས་རྐྱེན་ཉམས་ཆགས་གཏོང་ཐབས་དང་། ཤི་ལི་གྷུ་རི་(Siliguri)ཡི་བྱ་སྐེ་(Chicken’s Neck)དུམ་བུར་གཅོད་འདོད་ཡོད་པ། དེ་བཞིན། བྷན་གཱལ་གྱི་མཚོ་ཁར་བསླེབ་པར་སྤྱི་ལེ་ ༨༠(80 km)ལས་མེད་པ་སོགས་ལ་ཡ་མཚར་སྐྱེས་དགོས་དོན་ཅི་གང་ཡང་མེད། དེ་ནི་དཔལ་འབྱོར་གྱི་དམིགས་ཡུལ་ཙམ་ལས་གནད་དོན་གཞན་གང་ཡང་མངོན་འགྱུར་བྱེད་མི་ཐུབ། གནད་དོན་ཅུང་ཙམ་བྱུང་བའི་དབང་དུ་བཏང་ན་རྒྱ་གར་གྱི་སྲིད་འཛིན་ཤུགས་རྐྱེན་འོག་གི་རི་ཁུལ་དག་བརྒྱུད་དེ་ལྷོ་བྷན་གཱལ་དང་བྷང་ལཱ་དྷེ་ཤིའི་མཚོ་ཁར་བསླེབ་སྲིད་ཀྱང་། སྟབས་བདེ་བོས་བཤད་ན་དེ་དག་ཀྱང་དཔལ་འབྱོར་ཁོ་ན་ཙམ་ལས་གཞན་གང་ཡང་བྱེད་ཐབས་མེད།

ཡིན་ན་ཡང་། གནད་དོན་ཆེ་ཤོས་ཤིག་ནི་རྒྱ་ནག་དང་འབྲུག་གི་ས་མཚམས་རྩོད་རྙོག་དེ་རེད། ༢༠༡༧ ལོར་གློ་བུར་དུ་རྒྱ་ནག་གིས་འབྲུག་ནང་ཤུགས་རྐྱེན་ཆུང་ངུས་སྒོ་ནས་སིམ་འཛུལ་བྱེད་ཐབས་བྱས་ཡོད། ཁོ་ཚོས་འབྲུག་གི་ཆུ་འབི་(Chumbi)གྲོང་སྡེར་འབྲས་ལྗོངས་དང་བོད་སོགས་ཀྱི་མེ་འཁོར་འབབ་ཚུགས་བཟོ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ལ། དེ་བཞིན། གྲོ་མོ་རྫོངས་མེ་འཁོར་ལྕགས་ལམ་དེ་བལ་ཡུལ་རྒྱལ་ས་བརྒྱུད་དེ། བོད་ཀྱི་སྐྱིད་གྲོང་ས་ཆར་མཐུད་ཐབས་བྱེད་ཀྱིན་ཡོད། རྒྱ་ནག་གིས་མེ་འཁོར་ལྕགས་ལམ་དེ་འབྲུག་བརྒྱུད་ནས་མི་རིང་བར་རྒྱ་གར་གྱི་ལྷོ་བྷན་གཱལ་དང་བྷང་ལ་དྷེ་ཤི་སོགས་སུ་འབྲེལ་མཐུད་བྱེད་འདོད་ཡོད་པ་རེད། ཁོ་ཚོས་རྒྱ་གར་གྱི་བྱ་སྐེ་ཡི་ཉེ་འཁོར་ས་ཁུལ་དག་ལ་ཤུགས་རྐྱེན་སྤྲོད་ཐབས་དང་། གླགས་རྙེད་སླ་རུ་གཏོང་ཐབས་བྱེད་བཞིན་ཡོད་མོད། འོན་ཀྱང་དེ་ནི་རྒྱ་གར་གཅིག་པོའི་གནད་དོན་ཞིག་མ་ཡིན་པར། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཞི་དང་འབྲུག རྒྱ་གར། བལ་ཡུལ་བཞི་ཡི་གནད་དོན་ཞིག་ཏུ་འགྱུར་སྲིད།

རྒྱ་ནག་གི་རེ་བ་ནི་ད་ལྟ་ད་དུང་མའོ་ཡི་ལེགས་འགྲུབ་མ་བྱུང་པའི་རྨི་ལམ་དག་གི་མཐའ་རུ་འཁོར་ནས་བསྡད་ཡོད། རྒྱ་ནག་གུང་ཁྲན་ཏང་གསར་དུ་ཚུགས་པ་ནས་དུས་ད་ལྟའི་བར་ཁོ་ཚོས་རྒྱ་གར་གྱི་ལྷོ་དང་བྱང་ཤར་ས་ཁུལ་དག་གི་ནང་འཛུལ་རྒྱུར་དམིགས་ཡོད་ལ། རྒྱ་གར་དེ་རྒྱ་ནག་གི་རེ་འདུན་འཆང་སའི་མཛུབ་མོ་ལྔ་ཡི་རྒྱལ་སྒོ་ཆགས་ཡོད་སྟབས། པེ་ཅིན་གྱིས་མཛུབ་མོ་ལྔ་བཅིངས་གྲོལ་གཏོང་བྱེད་ཀྱི་ཐབས་ལམ་ཉག་གཅིག་དེ་དཔལ་འབྱོར་ཁོ་ན་ཡིན་པར་མཐོང་གི་ཡོད་སྟབས། རྒྱ་གར་སྲིད་དབང་འོག་གི་རྒྱ་སྒོ་དེ་ངེས་པར་ཕྱེ་དགོས་ན་མགྱོགས་མྱུར་ངང་བྱས་ན་རྒྱ་ནག་གི་དཔལ་འབྱོར་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།

མ་ཡིག་འབྲེལ་ཐག http://www.asianage.com/opinion/oped/270617/chinas-bhutan-push-to-fulfill-maos-old-dream.html

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 3

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    སླབ་ཆེན་མའོ་ཡི། ང་ཚོ་བོད་ལ་རོགས་རམ་དུ་སླེབས་ཡོད། བོད་རང་མགོ་ཐོན་པའི་ཉིན་མོ་་་ བོད་ཀྱི་ རྒྱ་དམར་བཅིངས་འགྲོལ་དམག་ བོད་ལ་བསྡོད་རོགས་ཟེར་ན་ བསྡོད་རྒྱུ་མིན། གསུང་ཡོད། སྔ་མོ་་་ དུས་རབ་ ༡༨ ནང་ སོག་པོ་ཇུང་གར་་་ བོད་ཆོལ་ཁ་གསུམ་བོད་ས་ཡོངས་སུ་རྫོགས་པ་ ༧གོང་ས་ལྔ་པ་ཆེན་པོ་ལ་བརྩིས་སྤྲོད་གནང་ཡོད། ད་ཕལ་ཆེར་ དུས་རབ་ ༢༡ ནང་ སྐུ་ཞབས་ཞི་ཅིན་ཕིང་་་་་ ✌️?

    Reply
  2. ས་མཐའི་གངས་བུ། says:
    ལོ་ 9 སྔོན།

    China’s Bhutan push to fulfill Mao’s old dream
    མ་འོ་ཡི་རྨི་ལམ་རྙིང་པ་མངོན་གྱུར་ཆེད་རྒྱ་ནག་གིས་འབྲུག་ཡུལ་འབུད་རྒྱག་བཏང་།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    As all of these five are either occupied by, or under the influence of India, it is China’s responsibility to ‘liberate’ the five to be rejoined with Xizang (Tibet).”

    མཛུབ་མོ་ལྔ་བོ་དེ་དག་རྒྱ་གར་གྱི་དབང་བསྒྱུར་རམ་ཤུགས་རྐྱེན་འོག་ཡོད་སྟབས།དེ་དག་བསྐྱར་དུ་བོད་དང་ཆིག་སྒྲིལ་བཅིངས་འགྲོལ་བྱ་རྒྱུ་ནི་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་འོས་འགན་ཞིག་ཡིན།

    Beijing and New Delhi are two capitals of two of the most populated nations of the world
    པེ་ཅིན་དང་ལྡི་ལི་གསར་བ་གཉིས་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ས་གཉིས་ཡིན་པས་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese