མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ན་རྡུལ་ཕྲན་མཚོན་ཆ་ག་ཚོད་ཡོད་པ་དང་དེ་དག་གིས་གཏོར་བཤིག་ག་རེ་གཏོང་ཐུབ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཊི་ལེ་གྷ་ར་ཧྥི་(Telegraph)གསར་ཁང་གིས་ ༢༠༡༧༧།༢༨ ཉིན་སྤེལ།
ཉེ་ཆར་བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཅིག་ལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་བ་ལེགས་འགྲུབ་བྱུང་ཡོད་སྐོར་བརྗོད་པ་དེས་རྒྱལ་སྤྱིའི་སྟེང་གི་རྡུལ་ཕྲན་མཚོན་ཆའི་དཀའ་ངལ་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ཡོད་པ་དང་། ཨ་རིའི་སྲིད་གཞུང་གསར་བས་བྱང་ཀོ་རི་ཡའི་དམག་ཤུགས་ཐད་གཏམ་བརྗོད་འདྲ་མིན་སྤེལ་བའི་གྲུབ་བུར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ལེགས་འགྲུབ་བྱུང་ཡོད་པའི་གཏམ་སྤྱོད་དེ་དག་སྤེལ་བ་རེད།

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བསྟུད་མར་བྱས་བ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིའི་བདེ་སྲུང་དྲུང་ཡིག་མཱེ་ཐི་སི་(Jim Mattis)ལགས་ཀྱིས་ “གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོས་བ་ཡིན་ན། དེ་ནི་ཧ་ཅང་གནོད་འཚེ་ཅན་དང་ཚད་ལས་བརྒལ་བ་ཞིག་རེད་” ཅེས་བྱང་ཀོ་རི་ཡར་ཉེན་བརྡ་བཏང་།

ན་ནིང་ཕྱི་ཟླ་ ༡༢ པའི་ནང་ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱིས་ར་ཤི་ཡའི་བདེ་སྲུང་བློ་ཆེན་ཁག་ཅིག་ལ་ཐུག་འཕྲད་བྱས་ཏེ་ “རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་ནི་ཁོ་རང་གི་ཕྱི་ལོ་ ༢༠༡༧ ལོའི་དམིགས་ཡུལ་གཙོ་གྲས་ཤིག་ཡིན།” ཞེས་བརྗོད་ཡོད་ཅིང་། དེ་མ་ཐག་སྐབས་དེར་ཨ་རིའི་སྲིད་འཛིན་འོས་མི་ཡིན་པའི་ཌོ་ནལ་ཊི་རུམ་ཕིས་ཊི་ཝེ་ཊིར་(Twitter)སྟེང་། “འཛམ་གླིང་གི་ཁ་ཕྱོགས་རྡུལ་ཕྲན་མཚོན་ཆའི་ཐོག་མ་འཁོར་སྔོན་ལ་ཨ་རིའི་གཞུང་གིས་ངེས་པར་དུ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་དགོས་”ཞེས་འཁོད་ཡོད། འུད་གཏམ་དེ་དག་གིས་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་ག་ཚོད་ཡོད་པ་དང་། དེ་དག་གི་ནུས་ཤུགས་ཅི་ཙམ་ཡིན་པ་ཚོད་དཔག་བྱེད་དགའ་བའི་གནས་སྟངས་འཇིགས་ཉེན་ཅན་ཞིག་ཆགས།

ད་ལྟ་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་སོ་སོའི་དམག་སྒར་དུ་ཤུགས་ཚད་སྤྱི་རྒྱ་(Kiloton)ས་ཡ་མང་པོ་ཡོད་པའི་རྫས་འགྱུར་ནུས་པ་གསོག་འཇོག་བྱས་ཏེ། འཛམ་གླིང་འདི་བདེན་པའི་ལམ་ལས་རྒྱང་ཐག་ཇེ་རིང་དུ་གཏོང་གི་ཡོད་པ་དང་། བདེན་པ་དང་དམག་དོན་གཉིས་ཀྱི་བར་ན་ད་ལྟ་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཚོར་རྡུལ་ཕྲན་གྱི་རྫས་མགོ་(Warhead- རྫས་འགྱུར་བླུག་སའི་རྡུལ་ཕྲན་མཚོན་ཆའི་མདེའུ་ལ་གོ) ༡༥༠༠༠ ཡོད་པ་མང་ཆེ་བ་ཨ་རི་དང་ར་ཤི་ཡ་ཆགས་ཡོད།

རྒྱལ་སྤྱིའི་མཚོན་ཆ་བཀག་སྡོམ་བྱེད་པའི་ཚོགས་པ་(Arms Control)ཞེས་བའི་ཞིབ་འཇུག་བྱས་པ་ལྟར་ན། རྡུལ་ཕྲན་མཚོན་ཆའི་མདེའུ་རྩེ་ ༡༠༠༠༠ སྲིད་གཞུང་དེ་དག་གི་དམག་སྒར་ཁག་ཏུ་ཉར་ཡོད་པ་དང་། དེའི་འཕྲོས་རྣམས་ལྷུ་ལག་སྒྲིག་ཆོག་ཆོག་གིས་བཞག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།

རྒྱལ་ཁབ་གང་དག་ལ་རྡུལ་ཕྲན་མཚོན་ཆ་ཡོད་དམ།
འཛམ་གླིང་ན་རྡུལ་ཕྲན་མཚོན་ཆའི་མངའ་སྡེ་ཡིན་པའི་རྒྱལ་ཁབ་ ༥ ཡོད་པ་དང་། དེ་དག་ནི་རྒྱ་ནག་དང་ཧྥ་རན་སི། ར་ཤི་ཡ་དང་དབྱིན་ཇི། ཨ་རི་བཅས་ཡིན་པ་དང་། རྒྱལ་ཁབ་དེ་དག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྲོས་ཆོད་(Non-Proliferation Of Nuclear Weapons)གཞིར་བཞག་ཐོག་རྡུལ་ཕྲན་མཚོན་ཆ་ཉར་ཆོག་པའི་ཐོབ་ཐང་ཡོད། འོན་ཀྱང་། གྲོས་ཆོད་དེས་རྒྱལ་ཁབ་དེ་དག་ལ་རྡུལ་ཕྲན་མཚོན་ཆ་ཉར་ཆོག་པའི་ཐོབ་ཐང་སྤྲད་ཡོད་མོད། གྲོས་ཆོད་དེའི་དགོངས་དོན་གཙོ་བོ་རྒྱལ་ཁབ་དེ་དག་གིས་རྡུལ་ཕྲན་མཚོན་ཆ་རྒྱ་སྐྱེད་གཏོང་མི་ཆོག་པ་མ་ཟད། ད་སྔ་ཡོད་པའི་རྡུལ་ཕྲན་མཚོན་ཆ་དེ་དག་ཀྱང་གཏན་དུ་ཉར་མི་ཆོག་པར་རིམ་གྱིས་མེད་པ་བཟོ་དགོས་པ་རེད།

རྒྱལ་ཁབ་གཞན་ ༤ ལ་རྡུལ་ཕྲན་མཚོན་ཆ་ཡོད་པ་དང་། དེ་དག་ནི་པཱ་ཀི་སི་ཐན་དང་རྒྱ་གར། ཨི་ཟི་རལ། བྱང་ཀོ་རི་ཡ་བཅས་ཡིན། རྒྱལ་ཁབ་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེའི་ནང་མཉམ་ཞུགས་བྱས་མེད། ཁོ་ཚོར་ཆ་སྙོམས་རྡུལ་ཕྲན་མཚོན་ཆ་ ༣༤༠ ཡོད་པ་དང་། ཪ་ཤི་ཡ་དང་ཨ་རི་གཉིས་ནི་འཛམ་གླིང་གི་རྡུལ་ཕྲན་མཚོན་ཆ་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཆགས་ཏེ། འཛམ་གླིང་གི་རྡུལ་ཕྲན་རྫས་འགྱུར་སྤྱིའི་བརྒྱ་ཆ་ ༨༨ བདག་བཟུང་བྱས་ཡོད་པ་མ་ཟད། རྒྱལ་ཁབ་དེ་གཉིས་ཀྱི་བེད་མེད་དུ་གྱུར་བའི་རྫས་འགྱུར་རྩིས་རྒྱབ་པ་ཡིན་ན། ཨ་རི་དང་ར་ཤི་ཡས་འཛམ་གླིང་གི་རྡུལ་མཚོན་རྫས་འགྱུར་གྱི་བརྒྱ་ཆ་ ༩༣ བཟུང་ཡོད་པ་རེད།

དེང་སྐབས་འཛམ་གླིང་ཐོག་གི་རྡུལ་ཕྲན་མཚོན་ཆ་ཕྱོགས་སྡོམ་བྱས་ན་གྲངས་ ༡༤༩༠༠ ཙམ་ཡོད། ཊི་ལེ་གྷ་ར་ཧྥི་(Telegraph)ཡིས་ཉམས་ཞིབ་བྱས་བ་ལྟར་ན། གལ་སྲིད་ཨ་རི་དང་ར་ཤི་ཡའི་རྡུལ་ཕྲན་མཚོན་ཆ་མཉམ་སྦྱོར་བྱས་ཚེ། དེའི་ཤུགས་ཚད་ལ་མཱ་གྷ་ཊོན་(Megaton)༦༦༠༠ ཡོད་པ་དང་། ནུས་ཤུགས་དེ་ནི་སའི་གོ་ལས་སྐར་མ་གཅིག་གི་ནང་དུ་ཉི་མའི་ནུས་ཤུགས་ཐེངས་བཅུ་ལ་འཐེན་པ་དང་གཅིག་མཚུངས་ཆགས་ཡོད་འདུག

རྡུལ་ཕྲན་མཚོན་ཆའི་ས་ཁྲ་དྲ་བ་ལྟར་ན། གལ་སྲིད་ད་ལྟའི་ཨ་རིའི་རྡུལ་ཕྲན་མཚོན་ཆའི་ཁྲོད་ཀྱི་འབར་མདེལ་ཆེ་ཤོས་དེ་ས་ཁུལ་ཞིག་ལ་གཡུག་པར་ཆ་བཞག་ན། དེའི་རྫས་འགྱུར་གྱིས་ཐོག་མའི་ཆུ་ཚོད་ ༢༤ ནང་མི་ས་ཡ་ ༡་༤ གསོད་ཐུབ་དང་། མི་ས་ཡ་ ༣་༧ ལ་རྨས་སྐྱོན་བཟོ་བ། དེ་བཞིན། རྫས་འགྱུར་དེའི་དུག་རླངས་སྤྱི་ལེ་ ༡༣ བར་ཁྱབ་ཀྱི་ཡོད་པ་རེད། དེ་བཞིན། ཊ་སཱར་བྷོམ་བྷ་(Tsar Bomba)ནི་ཪ་ཤི་ཡའི་ད་ལྟའི་འབར་མདེལ་ཆེ་ཤོས་དེ་ཡིན་པ་དང་། གལ་སྲིད་འབར་མདེལ་དེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་གཡུག་པ་ཡིན་ན། མི་གྲངས་ས་ཡ་ ༧་༦ གསོད་ཐུབ་པ་དང་། མི་ས་ཡ་ ༤་༢ ལྷག་ལ་རྨས་སྐྱོན་བཟོ་བ། དེ་བཞིན། སྤྱི་ལེ་ ༧༨༨༠ ཙམ་གྱི་བར་དུ་མི་གྲངས་ས་ཡ་མང་པོར་གནོད་སྐྱོན་ཐེབས་ཀྱི་ཡོད་འདུག

ཨ་རི་དང་ར་ཤི་ཡའི་བར་རྡུལ་ཕྲན་མཚོན་ཆའི་གྲོས་ཚོད་ཁག་ཅིག་བཞག་སྟེ་རྒྱལ་ཁབ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་རྒྱ་སྐྱེད་གཏོང་མི་ཆོག་པ་དང་རྫས་མགོ་འདྲ་མིན་ཡང་བཟོ་མི་ཆོག་པ། རྡུལ་ཕྲན་མཚོན་ཆ་འཕེན་པའི་འགྲོ་ལུགས་ལ་སྒྱུར་བཅོས་གཏོང་མི་ཆོག་པ་བཅས་ཀྱི་ཚོད་འཛིན་བྱས་ཡོད། གྲོས་ཆོད་དེས་ཨ་རི་དང་ར་ཤི་ཡ་གཉིས་ལ་རྡུལ་མཚོན་རྒྱ་སྐྱེད་གཏོང་མི་ཆོག་པ་བཟོས་ཡོད་ཀྱང་། ཊི་རུམ་ཕི་དང་པུ་ཊིན་གཉིས་ཀྱིས་གྲོས་ཆོད་དེའི་ཕུགས་འདུན་རྩིས་མེད་དུ་བཏང་སྟེ་རྡུལ་ཕྲན་མཚོན་ཆ་རྒྱ་སྐྱེད་དང་དེའི་ནུས་ཤུགས་གོང་འཕེལ་གཏོང་འདོད་ཡོད་པ་སོགས་ཀྱིས་འཛམ་གླིང་ལ་དམག་འཁྲུག་གསར་བ་བསླངས་ཏེ། གོ་ལ་ཧྲིལ་བོ་རྩ་བརླག་ཏུ་གཏོང་འདོད་ཡོད་པའི་དོགས་པ་ཆེན་པོ་བསྐྲུན་ཡོད།

མཆན།

༡༽ ཀེ་ལོ་ཊོན་(Kiloton)ཞེས་བ་ནི་བགད་རྫས་ཀྱི་ཤུགས་ཚད་ལ་གོ་བ་དང་། འགད་རྫས་དེའི་ཀེ་ལོ་ཊོན་གཅིག་གི་ཤུགས་ཚད་ ༡༠༠༠ ཡོད་པ་རེད།

༢༽ ཝར་ཧར་ཌི་(Warhead)ཞེས་བ་ནི་རྡུལ་ཕྲན་མཚོན་ཆའི་མདེའུ་སྣེ་མོར་གོ་བ་དང་། དེའི་ནང་དུ་གས་འཐོར་གྱི་རྫས་ནུས་ཁྱད་པར་ཅན་ཞིག་ཡོད་ཅིང་། ཝར་ཧར་ཌི་གས་ཐོར་དུ་སོང་རྗེས་དེའི་མཐའ་སྐོར་ཡོངས་རྫོགས་གས་འཐོར་དུ་འགྲོ་བཞིན་ཡོད་འདུག

༣ ༽ མཱ་གྷ་ཊོན་(Megaton)ནི་རྡུལ་ཕྲན་མཚོན་ཆ་བཟོ་བར་མཁོ་བའི་རྫས་འགྱུར་གྱི་རྣམ་གྲངས་ཤིག་གི་མིང་ཡིན་པ་དང་། མཱ་གྷ་ཊོན་གཅིག་ལ་ཊོན་(Ton)ས་ཡ་གཅིག་ ༡༠༠༠༠༠༠ ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese