མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་དེབ་ཚང་གིས་བཅོས་མའི་རིག་རྩལ་ལས་གཞི་སྒོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

སན་ཆཱི་གྷུབ་ཏས་(Sanchi Gupta)སྤེལ།
སྐལ་ལྡན་གྱིས་བསྒྱུར།

ཉེ་ཆར་འཕྲུལ་ལས་བཟོ་སྐྲུན་གྱི་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་(Elon Musk)དང་། ངོ་དེབ་གསར་གཏོད་པ་སྐུ་ཞབས་མཀ་ཛུ་ཁེར་བྷག་(Mark Zuckerberg)གཉིས་བར། འབྱུང་འགྱུར་འཛམ་གླིང་འདིར་བཅོས་མའི་རིག་རྩལ་(Artificial Intelligence)འཕེལ་རྒྱས་ཀྱིས་འགྲོ་བ་མིའི་རིགས་ལ་ཁེ་ཕན་དང་གནོད་འཚེ་གང་འདྲ་འབྱུང་མིན་སྐོར་ལ་ལྟ་ཚུལ་མ་མཐུན་པར་རྩོད་གླེང་དྲག་པོ་ཞིག་བྱུང་ཡོད།

སྐུ་ཞབས་མཀ་ཛུ་ཀེར་བྷག་གིས་ཐད་གཏོང་བརྙན་འཕྲིན་ཞིག་བརྒྱུད་དེ། མ་འོངས་པར་བཅོས་མའི་རིག་རྩལ་དགོས་མཁོ་ཆེ་བའི་རྒྱུ་མཚན་དང་། འགྲོ་བ་མིར་ཕན་རླབས་ཆེ་བའི་སྐོར་ནས་རང་གི་ལྟ་ཚུལ་བརྗོད་ཡོད་པ་མ་ཟད། སྐུ་ཞབས་ཨེ་ལོན་མ་སཀ་ཡིས་རང་ཉིད་ཀྱི་ལྟ་ཚུལ་གྱི་ཁ་གཏད་དུ་ལངས་པར་མ་རངས་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད།

ངོ་དེབ་སྲོལ་གཏོད་པ་དང་འབྱོར་ལྡན་པ་སྐུ་ཞབས་མཀ་ཛུ་ཀེར་བྷག

སྐུ་ཞབས་ཛུ་ཀེར་བྷག་གིས་ “ལྡོག་ཕྱོགས་ཀྱི་བསམ་པ་ལས་མེད་ཅིང་། བྱ་གཞག་འཕོ་འགྱུར་གྱི་མཚམས་སུ་གནོད་འཚེ་དང་བཀག་འགོག་གི་ཐབས་ཇུས་ལས་མེད་པ་དག་ནི་ང་རང་གི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། དེ་ནི་དངོས་གནས་དོ་ཁུར་མེད་པ་རང་རེད།” ཅེས་དང་། “མ་འོངས་པར་བཅོས་མའི་རིག་རྩལ་གྱིས་འགྲོ་བ་མིར་གནོད་གཞིར་གྱུར་བའི་སྐོར་གླེང་སྐབས། ཕྱོགས་གཅིག་ནས་ངས་ཁས་ལེན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། སྤྱིར་འཕྲུལ་ཆས་ཀྱི་རིགས་བྱ་བ་བཟང་ངན་གཉིས་ཀའི་ཐོག་བེད་སྤྱོད་བྱེད་ཀྱི་ཡིན། འོན་ཀྱང་བེད་སྤྱོད་ཇི་ལྟར་གཏོང་མིན་དོ་བདག་སོ་སོས་གཟབ་ནན་བྱེད་དགོས་པ་ཞིག་དང་འགན་འཁུར་དགོས་པ་ཞིག་རེད།” ཅེས་བརྗོད།

སྐུ་ཞབས་ཨེ་ལོན་མ་སཀ་ཡིས་སྐུ་ཞབས་ཛུ་ཀེར་བྷག་གི་གཏམ་བཤད་དེ་དག་གི་ལན་དུ་ “ངས་ཛུ་ཀེར་བྷག་ལ་དེའི་སྐོར་བཤད་ཟིན་པ་ཡིན། གནད་དོན་དེའི་ཐོག་ཁོ་པོའི་གོ་རྟོགས་ཧ་ཅང་ཞན་པོ་རེད།” ཅེས་ཊུའི་ཊར་ཐོག་བརྗོད་ཚིག་ཐུང་ངུ་ཞིག་གིས་ལན་འདེབས་དང་སྦྲགས་ཁ་མཆུ་རྩོད་གླེང་དེ་མཚམས་འཇོག་བྱས་པ་རེད། སྐུ་ཞབས་ཨེ་ལོན་མ་སཀ་ཡིས་བཅོས་མའི་རིག་རྩལ་ནི། ཕྱིས་འབྱུང་འགྲོ་བ་མིའི་བདེ་སྐྱིད་བཅོམ་པའི་དགྲ་བོ་འཇིགས་སྣང་ཆེ་ཤོས་དེ་ཆགས་ཀྱི་ཡོད་པའི་ལྟ་ཚུལ་མཁྲེགས་པོ་འཛིན་གྱི་ཡོད་ལ། “ཛུ་ཀེར་བྷག་རང་ཉིད་ཀྱིས་ཅི་ཞིག་རྗོད་ཀྱི་ཡོད་པ་ཤེས་ཀྱི་ཡོད། ཁོ་པས་དེ་སྐོར་སྐད་ཆ་འཆད་རྒྱུ་ཅུང་ཟད་སྔ་དྲགས་པས་སྨྲ་ལྕེར་སོ་བཏབ་སྟེ་མི་སྡོད་ཀ་མེད་ཆགས་ཉེན་ཡོད།” ཅེས་ཀྱང་བཤད་ཡོད།

གྲགས་ཅན་འཕྲུལ་ལས་བཟོ་སྐྲུན་པ་དང་འབྱོར་ལྡན་པ་སྐུ་ཞབས་ཨེ་ལོན་མ་སེཀ

གནས་ཚུལ་གསར་ཤོས་ཤིག་ནི། ངོ་དེབ་ཚང་གིས་བཅོས་མའི་རིག་རྩལ་ཞིབ་འཇུག་གི་ལས་གཞི་གློ་བུར་སྒོ་བརྒྱབ་པ་དེ་རེད། ངོ་དེབ་ཚང་གི་སྨྲ་བརྗོད་(chatbots)ཐུབ་པའི་འཕྲུལ་མི་(robot)ཞིབ་འཇུག་ཚན་པས་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་ཤེས་རྟོགས་བྱུང་བ་ནི། འཕྲུལ་མི་དེ་དག་ལ་ཕན་ཚུན་གླེང་མོལ་དང་། འགྲོ་བ་མི་དང་ལྷན་གཏམ་གླེང་བྱེད་པའི་སྐད་ཡིག་བཀོལ་སྤྱོད་ལམ་སྟོན་གང་ཞིག་བྱས་པ་ལས་ལྡོག་སྟེ། སུས་ཀྱང་ལམ་སྟོན་མ་བྱས་པའི་སྐད་རིགས་གསར་པ་ཞིག་གི་ཐོག་ཕན་ཚུན་གཏམ་གླེང་བྱས་པ་དེ་རེད།

འཕྲུལ་མིའི་ལྷུ་ལག་སྒྲིག་སྦྱོར་བྱེད་བཞིན་པ།

འཕྲུལ་མི་དག་གིས་དོན་རྟོགས་མི་ཐུབ་པའི་སྐད་རིགས་ཤིག་གི་ཐོག་གཏམ་གླེང་བྱས་པ་དེས། ཞིབ་འཇུག་པ་ཚོར་སྐྱི་གཡའ་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་བྱིན། དེ་དག་གིས་སྐད་ཆ་ལྡབ་ལྡིབ་ཅིག་གི་གསང་བརྡ་ཞིག་ལས་སྨྲས་མེད་ཀྱང་། ཚིག་དོན་དཔྱད་ཞིབ་པས་གསང་བརྡ་དེར་དོན་ངེས་ཅན་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ཞིབ་འཇུག་པ་ཚོས་འཁྲུལ་མི་དེ་དག་ནི་ཡིད་ཆེས་དཀའ་ལ་གཡོ་ཇུས་མཁས་པའི་གཏམ་གླེང་བ་ཡིན་པ་ཡང་ཤེས་ཡོད། དེར་བརྟེན། ངོ་དེབ་ཚང་གི་བཅོས་མའི་རིག་རྩལ་ཞིབ་འཇུག་གི་ལས་གཞི་དེ་མུར་མཚམས་འཇོག་མི་བྱེད་ཀ་མེད་བྱུང་ཡོད།

ཚགས་ཤོག་ལྟ་ཀློག་བྱེད་བཞིན་པའི་འཕྲུལ་མི།

རྒྱ་གར་དུས་བབ་ཚགས་ཤོག་སྟེང་གནད་དོན་དེའི་ཐོག་སྙན་ཐོ་ཞིག་འབྲི་འགོད་བྱས་ཡོད་པའི་ནང་། འཕྲུལ་མི་རྣམས་ཀྱིས་ཕན་ཚུན་གྲོས་བསྡུར་བྱེད་སྟངས་ཤེས་རྗེས། འཕྲུལ་ཆས་ཀྱི་ནུས་པ་ཁོ་ནར་བརྟེན་ཏེ་ཚད་མཐོའི་བགྲོ་གླེང་བྱེད་ཐབས་སྤྱད་པ་མ་ཟད། དུས་ཡུན་གང་ཙམ་རྗེས་སྒྱུ་རྩལ་ལྡན་པའི་གཏམ་གླེང་བ་ཙམ་དུ་མ་ཟད། ཁེ་གྱོང་དབྱེ་འབྱེད་ཐུབ་པའི་ནུས་པ་ལྡན་པར་གྱུར་ཡོད་ཅེས་བྲིས་ཡོད།

འཕྲུལ་ལས་བཟོ་རྩལ་འདི་རིགས་ཧྥ་རན་ཀེན་ས་ཊེན(Frankenstein)གྱིས་བཟོ་སྐྲུན་བྱས་པའི་སྲིན་པོ་སྟོབས་ཆེན་བཞིན། བཟོ་སྐྲུན་བྱེད་པོ་རང་ཉིད་གཏོར་རྒོལ་གཏོང་ཐབས་བྱེད་མཁན་ཞིག་ཏུ་མི་འགྱུར་རམ། འཕྲུལ་ལས་བཟོ་རྩལ་གྱིས་དོན་དངོས་འཛམ་གླིང་འདིར་ཕུལ་བྱུང་གི་ལེགས་སྐྱེས་ཤིག་འབུལ་ངེས་ཡིན་ནམ། ཡང་ན་ཟློག་ཏུ་མེད་པའི་ཁུར་པོ་ཞིག་འགེལ་ངེས་ཡིན།

བཅོས་མའི་རིག་རྩལ་གྱི་ནུས་པར་དོགས་འཆར་དང་སེམས་ཁུར་བྱེད་མཁན་སྐུ་ཞབས་ཨེ་ལོན་མ་སཀ་ཁོ་ན་མ་ཡིན་པར། སྐུ་ཞབས་བྷིལ་གྷེ་ཛེ་(Bill Gates)དང་། སྐུ་ཞབས་སི་ཊེབ་འུ་ཛེ་ནེཀ་(Steve Wozniak)ལྟ་བུའི་གྲགས་ཅན་སྲོལ་གཏོད་པ་དང་འཆར་སྣང་ཅན་མང་པོས། ཕྱིས་འབྱུང་ཉེན་ཁ་ཆེ་བའི་རང་ཉིད་ཀྱི་སེམས་ཁུར་དང་ལྟ་ཚུལ་གླེང་སློང་བྱས་ཡོད།

སྔ་ལོ་ཡང་གྷོ་གྷལ་སྒྲ་སྒྱུར་(Google Translate)གྱིས་བྱུས་སྟོན་དང་སྟངས་འཛིན་གང་ཡང་མེད་པར། འཕྲུལ་ཆས་རང་ངོས་ནས་སྐད་ཡིག་ཕབ་སྒྱུར་བྱས་པའི་འཇིགས་སྣང་སྐྱེ་འོས་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་རེད།

དེས་ན་འཕྲུལ་ལས་བཟོ་སྐྲུན་པ་ཚོས་ངེས་པར་དོགས་ཟོན་ཆེ་ཙམ་མ་བྱས་ན། ནམ་ཞིག་གི་ཚེ་ན་བཅོས་མའི་རིག་རྩལ་གྱིས་འགྲོ་བ་མི་དབང་སྒྱུར་བྱེད་པའི་དུས་ངན་ཞིག་འཆར་ངེས་ཡིན།

མ་རྩོམ་འབྲེལ་ཐག https://www.scoopwhoop.com/mark-zuckerberg-shuts-facebooks-artificial-intelligence/#.7nn8mn3pc

འབྲེལ་ཡོད་རྩོམ་ཡིག་དང་གནས་ཚུལ་འཕེལ་རིམ་གྱི་འབྲེལ་ཐག་ཁག་ཅིག https://www.theatlantic.com/technology/archive/2017/07/musk-vs-zuck/535077/

http://fortune.com/2017/07/26/mark-zuckerberg-argues-against-elon-musks-view-of-artificial-intelligence-again/

http://www.firstpost.com/india/facebook-researchers-shut-down-ai-bots-that-started-speaking-in-a-language-unintelligible-to-humans-3876197.html

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 4

  1. feelsojang says:
    ལོ་ 9 སྔོན།

    འབྱུང་འགྱུར་གྱི་འཇིག་རྟེན

    Reply
  2. Karma Rangdol says:
    ལོ་ 9 སྔོན།

    འདི་བློ་ལ་ཤོངས་དཀའ་བའི་གསར་འགྱུར་གཅིག་རེད་འདུག་ལགས།

    Reply
  3. tentgodup says:
    ལོ་ 9 སྔོན།

    “གནད་དོན་དེའི་ཐོག་ཁོ་པོའི་༼ཁོ་པའི༽གོ་རྟོགས་ཧ་ཅང་ཞན་པོ་རེད།” ཞེས་དང་”གང་ལགས་ཤེ་ན། ༼ཞེ་ན་༽སྤྱིར་འཕྲུལ་ཆས་ཀྱི་རིགས་བྱ་བ་བཟང་ངན་གཉིས་ཀའི་ཐོག་བེད་སྤྱོད་བྱེད་ཀྱི་ཡིན། “༼ཡོད༽

    Reply
    • སྐལ་ལྡན says:
      ལོ་ 9 སྔོན།

      སྐུ་ཞབས་བསྟན་འཛིན་དངོས་གྲུབ་ལགས། སྐུ་ཉིད་ཀྱིས་དག་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ། གོང་དུ་{ཁོ་པོའི་}ཞེས་པ་དེ་གུས་པའི་མ་རྩོམ་ནང་{ཁོ་པའི་}ཞེས་བྲིས་ཡོད་ལགས། {ཡིན་}ཞེས་པ་དེ་ནོར་མི་འོས་པ་ཞིག་ནོར་བ་དག་བཅོས་གནང་འདུག་པས་སླར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་། གང་ལགས་ཤེ་ན། ཞེས་པ་དེ་ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། ཤིང་ཤིག་ཤེའོ་ཤེ་ན་འཐོབ། །ཅེས་གསུངས་པ་བཞིན་ས་ཡང་འཇུག་མཐར་ཤེ་ན་མི་ཐོབ་པ་ཨེ་ཡིན་ནམ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese