མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་བསྐོ་དགོས།

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་ཚོགས་བཞིན་པའི་རྒྱ་གར་གྲོས་ཚོགས་ཐོག་རྒྱ་གར་ནང་བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་དུ་བསྐོ་བཞག་དགོས་པའི་གྲོས་གཞི་གྲོས་འཆར་བཏོན་ཡོད་འདུག

རྒྱ་གར་གྱི་ཕྱིའི་བཀོད་པ་ཞེས་བའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་རྒྱ་གར་ཨུ་ཊར་མངའ་སྡེའི་བྷི་ཇཱི་ཕུ་(Uttar,BJP)ཚོགས་པའི་ཚོགས་གཙོ་ཨཱ་མུ་ཤན་(Amit Shah)ལགས་ཀྱིས། ཚོགས་བཞིན་པའི་ཆར་དུས་གྲོས་ཚོགས་ནང་བ་གླང་ལྟ་སྐྱོང་བློན་ཆེན་གསར་བ་ཞིག་བསྐོ་བཞག་བྱེད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། ད་ལྟ་བརྗོད་གཞི་དེའི་ཐོག་གྲོས་ཚོགས་ནང་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཞེས་བརྗོད་འདུག

གསར་འགོད་གསལ་བསྒྲགས་དེའི་ཐོག་ཨུ་ཊར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨཱ་ཌི་ཡ་ནཱ་ཐི་(Adityanath)ལགས་ཀྱང་སྐུ་ཞབས་ཨཱ་མུ་ཤན་དང་ལྷན་དུ་ཡོད་པ་དང་།  སྐུ་ཞབས་ཨཱ་ཌི་ཡ་ནཱ་ཐི་ལགས་ནི་བ་གླང་སྲུང་སྐྱོབ་ཞེས་བའི་ལས་འགུལ་སྤེལ་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོར་ཁོང་གིས་མུ་དྷེ་གཞུང་ལ་བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་བསྐོ་དགོས་པའི་རེ་སྐུལ་ཞུས་ཏེ་ཁོང་གྲོས་འཆར་དེ་འདོན་མཁན་ཐོག་མ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་མངའ་སྡེ་ར་ཇཱེ་སི་ཐན་ནང་བྷི་ཇཱེ་ཕུ་ཚོགས་པར་ཆབ་སྲིད་དབང་ཆ་ཐོབ་ཡོད་པ་དང་།  སྐབས་དེར་ཁོ་ཚོས་ར་ཇཱི་སི་ཐན་ནང་བ་གླང་ལྟ་སྐྱོང་བློན་ཆེན་གསར་བ་ཞིག་བསྐོ་བཞག་དང་ཚོགས་པ་གསར་འཛུགས།  དེ་བཞིན་བ་གླང་གི་རིགས་རྒྱུད་ཞིབ་འཇུག་བྱེད་པའི་ལྟེ་གནས་ཁང་སོགས་བཙུགས་ཏེ། ར་ཇཱི་སི་ཐན་རྒྱ་གར་ནང་བ་གླང་ལྟ་སྐྱོང་གི་བློན་ཆེན་བསྐོ་བཞག་བྱེད་མཁན་མངའ་སྡེ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། སྐབས་དེར་བྷི་ཇཱི་ཕུ་ཚོགས་པའི་མགྲིན་ཚབ་པས་བ་གླང་ནི་ང་ཚོའི་ཨ་མ་ཡིན་ཞེས་བརྗོད་ཡོད་པ་རེད།

ཕྱི་ལོ་  ༢༠༡༤ ལོར་སྐུ་ཞབས་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་ཆགས་སྐབས།  ཁོང་གིས་མི་མང་ལ་ཁས་ལེན་དམ་བཅའ་མང་པོ་བཞག་ཡོད་པའི་ཁྲོད་རྒྱ་གར་རྒྱལ་ཡོངས་སུ་བ་གླང་གསོད་གཏུབ་ཀྱི་ལས་ཀ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྟབས།  ལོ་དེའི་ཕྱི་ཟླ་ ༤ པའི་ནང་སྲིད་བློན་མུ་དྷེ་མཆོག་གིས་བ་གླང་ལའང་ཨ་རྡར་ཐོབ་ཐང་ལག་ཁྱེར་(Aadhar)ལྟ་བུའི་ཞིབ་བཤེར་ཐོ་འགོད་ཀྱི་ཡིག་ཆ་བཟོ་རྒྱུའི་འཆར་གཞི་བཟོས་ཡོད་པ་མ་ཟད།  མུ་དྷེ་མཆོག་གི་ཕ་ཡུལ་མངའ་སྡེ་གྷོ་ཇའོ་ར་ཊིའི་(Gujarat)ནང་བ་གླང་གསོད་གཏུབ་བྱས་བ་ཡིན་ན། ཚེ་གང་བཙོན་ཁང་དུ་འདུག་དགོས་པའི་ཁྲིམས་བཟོས་ཡོད་པ་རེད།

ཡང་རྒྱ་གར་གྱི་ཕྱིའི་བཀོད་པ་ཞེས་པ་དེའི་ནང་། ཉེ་ཆར་སྲིད་བློན་མུ་དྷེ་མཆོག་གིས་རྒྱ་གར་ནང་བ་གླང་སྡེབ་གསོད་རྒྱག་གི་ཡོད་པའི་ཐད་སྐྱོན་བརྗོད་བསྟུད་མར་གནང་ཡོད་པར་བརྟེན། ཐེངས་འདིའི་རྒྱ་གར་ཆར་དུས་གྲོས་ཚོགས་འཕྲོ་བརླག་བཏང་ཡོད་པ་དང་། མུ་དྷེ་སྲིད་གཞུང་གི་ཁ་གཏད་ཚོགས་པས་རྒྱ་གར་ནང་བ་གླང་གསོད་གཏུབ་མཚམས་འཇོག་གི་ལས་འགུལ་ཐད་གྲོས་བསྡུར་གཏིང་ཟབ་ཅིག་མ་བྱས་ཚེ། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་རྒྱུན་སྐྱོང་ཐུབ་རྒྱུ་ཁག་པོ་བཟོས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༢༠ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 5

  1. gorakhanigoogle says:
    ལོ་ 9 སྔོན།

    གཞུང་པ་ཚེ་དབང་གིས་གསུངས་པ་ངེ་དོན་ལ་གནས་པ་ཞིག་རེད།

    Reply
  2. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    གསར་འགོད་པ་ལགས། མིང་དེ་ཚོ་ཡག་པོ་བྱེད་སྐྱོན་རོགས། སྲིད་བློན་མུ་དྷེ་མ་རེད། མོ་དི་རེད། ཨ་མིཏ་ཤ། བྷི་ཇཱི་ཕུ་ཚོགས་པ་མ་རེད། BJP བི་ཇེ་པི་ཚོགས་པ་རེད། ཐུགས་རྗེ་ཆེ།

    Reply
  3. རང་བཙན་བུ། says:
    ལོ་ 9 སྔོན།

    རྒྱགར་གཞུང་ལ་བ་གླང་ལྟ་སྐྱོང་བློན་ཆེན་ཞིག་དགོས་ན། ཕག་པ་ལྟ་སྐྱོང་བློན་ཆེན་ཞིག་ཀྱང་མི་དགོས་སམ། ད་མུར་དིའི་སྲིད་བྱུས་ཀྱི་གདོང་རིས་གསལ་ཡོང་གི་ཡོད་པ་འདྲ། ཀ་ཎ་ཌའི་སྐད་ཡིག་ལས་འགུལ་དེ་ཡང་དུས་ལ་བབ་འདུག

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    ཆབ་སྲིད་ཀྱི་དགོས་མཁོ་མིན་པ་སེམས་ཅན་ལ་སྙིང་རྗེ་དང་བརྩེ་བ་བྱམས་སྐྱོང་གི་བསམ་བློ་ཡོད་ན་བ་ཕྱུག་ཙམ་མ་ཡིན་པར་སྒོ་ཕྱུགས་སེམས་ཅན་ཚང་མའི་ཤ་ཟ་མི་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་གནང་ནས་བལྟ་སྐྱོང་དགོས་པ་ནི་སྲིད་གཞུང་གི་ལས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

    Reply
  5. རྡོ་སེངྒེ། says:
    ལོ་ 9 སྔོན།

    བ་གླང་བློན་ཆེན་ཡེ་་་་ཧཧཧཧཧཧ་་་་་་་་ད་ཡིན་ན་རྒྱ་གར་འདི་བ་ཚང་ལ་གད་མོ་ཤོར་ཡ་འདུག

    ཕག་པ་བློན་ཆེན་ཞིག་ཀྱང་དགོས་པ་འདུག་་་་་་་་་ཁ་ཆེ་ཚོ་ལའང་བརྩི་བཀུར་བྱེད་དགོས་ངེས་རེད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese