མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོད་ཡོན་གྱི་འབྲེལ་བ་ཆབ་སྲིད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ས་སྐྱའི་སྐབས་ཀྱི་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་ཉོག་མ་གཏིང་སློག་བྱས་ཏེ་ལོ་རྒྱུས་ཀྱི་དོན་དངོས་ལ་ཞིབ་འཇུག་བྱེད་དཀའ་བར་གྱུར་ཡོད་སྐོར་བརྗོད་སོང་།

དེ་རིང་ས་རཱ་བོད་རིག་པའི་བགྲོ་གླེང་ཚོགས་ཐེངས་བཅུ་གཅིག་པའི་ལས་ཉིན་གཉིས་པའི་ཐོག་གདན་ཞུས་གཏམ་བཤད་པ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་བཀྲ་བཟང་ལགས་ཀྱིས། ས་སྐྱ་པ་དང་ཧོར་གཉིས་ཀྱི་འབྲེལ་བ་དང་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། དེང་སང་ཆབ་སྲིད་ཀྱི་ཤུགས་རྐྱེན་འོག་ལོ་རྒྱུས་ཀྱི་དོན་དངོས་ལ་བློ་གཟུ་བོར་གནས་མ་ཐུབ་པའི་དཀའ་ངལ་ཞིག་ཡོང་བཞིན་ཡོད་པའི་སྐོར་ལ་ཁོང་གིས། སྤྱིར་ལོ་རྒྱུས་ཞེས་པ་འཛམ་གླིང་གི་རྒྱལ་ཁབ་གང་ཞིག་ལ་མཚོན་ན་ཞིབ་འཇུག་བྱ་ས་ཞིག་དང་གནས་ཚུལ་ཤེས་རྟོགས་བྱེད་ཐབས་ཤིག  ཡང་ན་ཕན་ཚུན་བགྲོ་གླེང་བྱེད་ས་ཞིག་མ་གཏོགས།  རྒྱལ་ཁབ་དང་མི་རིགས་ཀྱི་གནས་བབ་དང་ངོ་བོ་མཚོན་བྱེད་ཅིག་ཏུ་ཨུ་ཚུགས་ཀྱིས་འཇོག་སྲོལ་དེ་དེང་སང་ཉུང་ཉུང་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་། ང་ཚོ་བོད་པའི་ལོ་རྒྱུས་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་ཆགས་བསྡད་ཡོད་པ་ལྟར། རྒྱ་ནག་གིས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་བྱེད་དུ་ཆབ་སྲིད་ཙམ་མ་ཟད་ལོ་རྒྱུས་ཀྱི་ཐོག་ནས་བཤད་བསྡད་ཡོད་དུས། བོད་པ་ཚོས་ཀྱང་བོད་དེ་རྒྱ་ནག་གི་མངའ་ཁོངས་མ་ཡིན་པ་ཆབ་སྲིད་ཀྱི་ཐོག་ནས་སྒྲུབ་དགོས་པ་མ་ཟད་ལོ་རྒྱུས་ཀྱི་ཐོག་ནས་སྒྲུབ་དགོས་ཀྱི་ཡོད་དུས། ལོ་རྒྱུས་དང་ཆབ་སྲིད་གཉིས་དེ་ཕན་ཚུན་མཉམ་བསྲེས་ལྟ་བུར་སོང་ནས། ལོ་རྒྱུས་ལ་དཔྱད་ཞིབ་བྱེད་པའི་སྐབས་སུ་དོན་སྙིང་དེ་ཆབ་སྲིད་རྩོད་གླེང་གི་ཆ་ཤས་ལྟ་བུ་ཞིག་འགྱུར་བཞིན་ཡོད་པ་དང་། ལོ་རྒྱུས་སྐོར་ལ་བགྲོ་གླེང་བྱེད་པའི་སྐབས་སུ་ཤེས་རིག་ཅིག་གི་རྣམ་པར་ངོས་འཛིན་མི་བྱེད་པར།  ཆབ་སྲིད་འཐབ་རྩོད་ཀྱི་ངོ་བོ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། དེ་ཡིས་ལོ་རྒྱུས་དཔྱད་ཞིབ་བྱེད་མཁན་དང་ཉམས་ཞིབ་པ་ཚོས་ལོ་རྒྱུས་ཀྱི་དོན་དངོས་རང་ལ་ལྟ་མི་ཐུབ་པའི་དོགས་གཞི་ཞིག་སླེབས་འཇུག་གི་ཡོད་པ་རེད།

ལྷག་པར་དུ་ས་སྐྱ་དང་ཧོར་གྱི་ལོ་རྒྱུས་དེ་བས་ཀྱང་རྙོག་འཛིང་ཆེན་པོ་ཞིག་ཆགས་ནས་ཡོད་པ་རེད། སྤྱིར་ས་སྐྱ་དང་ཧོར་གྱི་སྐབས་ལོ་བརྒྱ་ལྷག་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་ན་ཡང་། རྒྱ་ནག་གིས་དེ་རྙོག་མ་གཏིང་སློག་ལྟ་བུ་བྱས་ཏེ་ས་སྐྱའི་སྐབས་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་རེད་ཅེས་བཤད་ཡོང་དུས། ལོ་རྒྱུས་ཀྱི་དོན་དངོས་ལས་ཆབ་སྲིད་ཀྱི་རྣམ་པ་ཞིག་ཏུ་འགྱུར་ནས་ལོ་རྒྱུས་ཞིབ་འཇུག་ལ་དཀའ་ངལ་དང་ལྷག་པར་དུ་བོད་ནང་ནས་ས་སྐྱ་དང་ཧོར་སྐབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་བློ་གཟུ་བོར་གནས་མི་ཐུབ་པ་ཞིག་དང་། བཙན་བྱོལ་ནས་བོད་དེ་རྒྱ་ཁོངས་མིན་པའི་གྲུབ་དོན་དེ་སྔོན་ལ་སྤེལ་ནས་སྒྲུབ་བྱེད་དེ་རྗེས་སུ་འཚོལ་བཞིན་པ་ཞིག་ཡིན་དུས། ལོ་རྒྱུས་ཀྱི་དོན་དངོས་དེ་ཆ་ཚང་བ་ཞིག་མི་ཡོང་བ་ཆགས་བསྡད་ཡོད་པ་རེད། ཅེས་དང་། ཁོང་གིས་སྤྱིར་བོད་དང་ཧོར་གྱི་བར་ལ་འབྲེལ་བ་དེ་སྔོན་ནས་བྱུང་ཡོད་པ་དང་། ས་སྐྱ་དང་ཧོར་གྱི་འབྲེལ་བ་དེ་རྗེས་སུ་བྱུང་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། ཐོག་མར་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་དང་གོ་ཏན་ཁང་གཉིས་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་ཡོད་པ་དང་། དེ་ནས་འགྲོ་མགོན་འཕགས་པ་དང་ཀུབ་ལེ་ཁང་གཉིས་བར་བླ་སློབ་ཀྱི་འབྲེལ་བ་བྱུང་བ་མ་ཟད། ཀུབ་ལེ་ཁང་ནས་འགྲོ་མགོན་འཕགས་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་བཞེས་པར་རོགས་ཕན་ཆེན་པོ་གནང་སྟེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་བཞེས་ཡོད་ཀྱང་དེང་སང་རྒྱ་ནག་གིས་མི་གཅིག་གི་ལས་དོན་གཉིས་གཉེར་བ་ངོ་བོ་གཅིག་ལྟ་བུ་ཞིག་ཏུ་བསྒྱུར་ནས་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་ཀྱི་ཡོད་སྐོར་དང་། སྤྱིར་མཆོད་ཡོན་སྤྱིན་བདག་གི་འབྲེལ་བ་ཞེས་པ་ལོ་རྒྱུས་ཀྱི་ནང་དུ་འགྲེལ་བརྗོད་བྱེད་ཧ་ཅང་ཁག་པོ་ཞིག་ཏུ་ཆགས་ནས་ཡོད། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་མང་པོའི་ལོ་རྒྱུས་ནང་དུ་དེ་འདྲ་བའི་དཔེ་ཞིག་བཞག་ཟེར་ན་ཁྱོན་ནས་མེད་སྟབས། ཆབ་སྲིད་ཀྱི་ཐོག་ནས་མཆོད་ཡོན་གྱི་འབྲེལ་བར་འགྲེལ་བཤད་རྒྱག་དགོས་ན་ཁག་པོ་ཆགས་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་སློབ་གཉེར་བ་ཞིག་གིས་སོག་པོས་བོད་ལ་དབང་སྒྱུར་བྱས་ཡོད་མེད་ཀྱི་ཐད་ནས། འགྲོ་མགོན་འཕགས་པར་བོད་ཆོལ་ཁ་གསུལ་ཕུལ་བ་ནས་བོད་དེ་ལོགས་སུ་བུད་ཡོད་པར་བརྗོད་ན་ཡང་། དེའི་རྗེས་སུ་སོག་པོས་བོད་ལ་ཁྲལ་བསྡུ་བ་སོགས་མང་པོ་ཞིག་གསལ་བསྡད་ཡོད་པ་དེ་ང་རང་ཚོའི་ངོས་ནས་རྒྱ་ནག་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་དགོས་དྲིས་པར་ཁོང་གིས། སོག་པོའི་བོད་ལ་ཆབ་སྲིད་ཐད་ནས་དབང་བསྒྱུར་ཡོད་མེད་ལ་དེང་སང་མང་པོ་ཞིག་གིས་ཟུར་དུ་བོད་དེ་དམིགས་བསལ་བ་ཞིག་ཡིན་པར་བཙན་ཚུགས་ཀྱིས་སྒྲུབ་ཅི་ཐུབ་བྱེད་བཞིན་ཡོད་ན་ཡང་། སོག་པོའི་ཞི་བདེ་རྒྱ་མཚོ་ནས་མེ་ཌི་ཏྲེ་ནི་ཡན་(mediterranean)རྒྱ་མཚོ་བར་དུ་འཛམ་གླིང་ལ་བྱུང་མ་མྱོང་བའི་སོག་པོའི་རྒྱལ་ཁམས་ཆེན་པོ་ཞིག་བཙུགས་པ་རེད། དེའི་ནང་དུ་ས་ཁུལ་དང་མི་སྡེ་མང་པོ་ཞིག་དང་རྒྱལ་ཁབ་བྱས་ཏེ་རྩིས་ན་༥༠་ལྷག་ཅིག་ཡོད་དུས། བོད་ཡང་དེའི་ཆ་ཤས་སུ་ཚུད་པ་རེད་ཅེས་ང་ཚོས་ངོས་ལེན་བྱ་དགོས་པ་ཡོད་པ་རེད། དེ་ལྟར་མ་ཡིན་པར་སྐབས་དེའི་བོད་དེ་བཟོ་ལྟ་གཞན་ཞིག་བཟོ་དགོས་བསམ་ན་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་གྱི་ཡོད་པ་མ་རེད། ཡིན་ན་ཡང་། རྒྱ་ནག་གིས་ད་ལྟ་རྙོག་འཛིང་ཞིག་བཤད་བཞིན་པ་དེ་སོག་པོས་བོད་ལ་དབང་བསྒྱུར་བྱས་ཡོད་མེད་ཀྱི་ཐད་ནས་མ་ཡིན་པར། རྒྱ་ནག་དང་ང་ཚོའི་བར་གྱི་རྩོད་རྙོག་དེ་ཡོན་རྒྱལ་རབས་སྐབས་སུ་རྒྱ་ནག་ལ་ཀུབ་ལེ་ཁང་གིས་དབང་བསྐྱར་བྱས་པ་དེ་ཤུལ་བཞག་ལྟ་བུ་ཞིག་ཏུ་རྩིས་ཏེ། དེ་ནས་བཟུང་བོད་དེ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པར་བཤད་བཞིན་ཡོད་པ་རེད། ལོ་རྒྱུས་ནང་བཞིན་བྱས་ཏེ་སོང་ན་དེ་ཧ་ཅང་ཁྱད་མཚར་བ་ཞིག་ཆགས་ཡོད་པ་རེད། ལོ་རྒྱུས་ཟེར་བ་དེ་སྐབས་དེའི་གནས་སྟངས་རང་ལས་དེའི་རྗེས་ནས་ག་རེ་བྱུང་བ་དེར་འབྲེལ་བ་མེད་ན་ཡང། རྒྱ་ནག་གིས་ཡོན་གྱི་སྐབས་མ་ཟད་མེན་དང་ཆིན་སོགས་ཀྱིས་ཡིན་པར་སྒྲུབ་བཞིན་ཡོད་པ་རེད་ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 2

  1. རྒྱུད་གྲ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    ཨོ་ཧོ། ༧གོང་ས་མཆོག་ནས་ག་དུས་ཡིན་ན་་་ བོད་དེ་ལོ་ངོ་སྟོང་ཕྲག་སྔོན་ནས་ལོ་རྒྱུ་རང་བཞིན་ལྡན་ཡོད་པ་དང་། བོད་ལ་བདེན་པ་ཡོད་པ་ཞིག་གསུངས་ཀྱིས་ཡོད། འདི་ཏག་ཏག་མ་སྒྲིག་པ་རེད་པས། རྒྱ་ནག་ཁོ་རང་ཚོའི་ལོ་རྒྱུ་ནང་ ཨེ་ཤི་ཡ་ནང་སྟོབ་ཆེན་རྒྱལ་ཁབ་་་ རྒྱ་བོད་ཧོར་གསུམ་འཁོད་ཡོད། རྒྱ་དམར་གྱིས་དང་པོ་ས་སྐྱ་ཧོར་གྱི་ལོ་རྒྱུ་ཕར་བཞགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བོད་དེ་རྒྱཡི་ཆ་ཤས་རེད་བཤད་ཡོད། རྒྱ་བཟའ་ཀོང་ཇོ་ཆ་ནས་རེད། ཡང་ཕྱི་སུ་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྒྱ་ཁོངས་རེད་བཤད་ཡོད། བོད་རིག་པའི་ཞིབ་འཇུག་སྐབས་སུ་ཟབ་ཟབ་གནང་དགོས། བསམ་ཤེས་མེད་པའི་རྒྱ་ནག་གོ་ལ་བསྡོད་མཁན་ཚོ་དཔལ་འབྱོར་གྱིས་སྨྱོན་པ་ཆགས་ནས་ཁ་ནས་གང་བྱུང་མང་བྱུང་བཤད་ཀྱི་རེད། ཁོང་ཚོའི་བཤད་ཚད་ཚང་མ་ཁ་ཡ་བྱས་བསྡད་ན་ནམ་ཞིག་ཁྱེད་རང་ཀན་སར་ན་ཚ་ཕོག་གི་རེད་ཏོ། དེ་ལས་ཁྱེད་རང་རྒྱ་ནག་དེ་བོད་དང་སོག་པོའི་ཁོངས་གཏོགས་ཡིན་པ་སྒྲུབ་བྱ་བཀོད་ཐུབ་པ་བྱེད་དགོས། ཉི་འོང་གྱི་ རྒྱ་ནག་ལ་ ཁྱོད་རང་ཚོ་བོད་ལ་ཐུབ་ཚོད་བཏང་པ་ནང་བཞིན་ང་ཚོ་ལ་འགྲོ་ཀྱི་མ་རེད་ད། རྒྱ་ནག་ལ་ལན་བརྒྱབ་སོང་བ། ཁྱེད་རང་ གོ་མ་བྱུང་ངས།

    Reply
  2. དར་རྒྱས་ནས། says:
    ལོ་ 8 སྔོན།

    ཡག་པོ་གསུང་འདུག་ཐུགས་ཆེ་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese