མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་དཔོན་ལ་ལོ་ ༡༠ ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༧/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཆོས་དཔོན་རཱམ་རཱ་ཧེམ་ལ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་།  ཁོའི་སློབ་ཕྲུག་ཚོས་ང་ཚོའི་བླ་མས་སྡིག་པའི་ལས་མི་བྱ། ཞེས་ཨུ་ཚུགས་མཐའ་སྐྱེལ་བྱེད་བཞིན་ཡོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣:༣༩ སྟེང་རྒྱ་གར་(NDTV)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་གར་གྱི་ཆོས་དཔོན་རཱམ་རཱ་ཧེམ་སི་ཧིན་གྱིས་ཕྱི་ལོ་ ༢༠༠༢ ལོར་རང་གི་སློབ་ཕྲུག་བུ་མོ་གཉིས་ལ་བཙན་གཡེམ་བཏང་བའི་ནག་ཉེས་འོག  དེ་རིང་རྒྱ་གར་མངའ་སྡེ་ཧར་ཡ་ཎའི་(Rohtak)རྫོང་ཁྲིམས་ཁང་དུ།  ཁྲིམས་དཔོན་ཇཱགི་སི་ཧིན་(Jugdeep Singh)ལགས་ཀྱིས་ཆོས་དཔོན་རཱམ་རཱ་ཧེམ་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༡༠ བཅད་ཡོད་འདུག

ཆོས་དཔོན་ཁོང་ལ་ཁྲིམས་ཐག་གཅོད་སྐབས། རྒྱ་གར་ཉེན་རྟོག་པ་སྟོང་ཕྲག་མང་པོས་ཁྲིམས་ཁང་དེའི་ཉེ་འཁོར་ལེའུ་དབར་ ༡༠ སར་མི་མང་བཀག་སྡོམ་བྱས་ཏེ་ཁྲིམས་ཁང་སྲུང་སྐྱོབ་བྱས་ཡོད་པ་དང་།  བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཆོས་དཔོན་རཱམ་རཱ་ཧེམ་གྱིས་རྗེས་འཇུག་པ་འབུམ་ ༡ ལྷག་གིས་མངའ་སྡེ་ཧར་ཡ་ཎའི་པན་ཇི་ཀོ་ལཱ་(Panchkula)རྫོང་དུ།  ཁོ་ཚོའི་ཆོས་དཔོན་ལ་ནག་ཉེས་མེད་སྐོར་བརྗོད་ཡོད་པ་མ་ཟད།  ཁོ་ཚོས་དྲག་སྤྱོད་ལས་འགུལ་སྤེལ་ཏེ་མི་གྲངས་ ༣༨ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་ ༢༠༠ ལྷག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

དེ་རིང་ཆོས་དཔོན་རཱམ་རཱ་ཧེམ་ལ་དངོས་སུ་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་ཆེན་པོ་བཅུ།  ༡༽  རྒྱ་གར་དབུས་ཉེས་དོན་ཞིབ་བཤེར་ཁང་གིས་ཆོས་དཔོན་རཱམ་རཱ་ཧེམ་ལ་ཚེ་གང་བཙོན་འཇུག་ཁྲིམས་ཐག་འབབ་ཚུལ་བརྗོད་ཡོད་ཀྱང་།  དེ་རིང་ཆོས་དཔོན་རཱམ་རཱ་ཧེམ་གྱི་ཁྲིམས་རྩོད་པས་ཁྲིམས་ཁང་དུ། ཆོས་དཔོན་ཁོས་དེ་སྔོན་མི་མང་ལ་ཕན་ཐོགས་ཡོད་པའི་བྱ་བ་བསྒྲུབས་མྱོང་ཡོད་སྟབས།  ཁོ་ལ་ཁྲིམས་ཐག་ཡང་མོ་གཅོད་པའི་རེ་སྐུལ་ཞུས་ཡོད་པ་དང་། ཁྲིམས་དཔོན་ཇཱགི་སི་ཧིན་ལགས་ཀྱིས་ཀྱང་རའོ་ཊ་ཁུ་(Rhotak)ཁྲིམས་ཁང་དུ།  བདུན་སྔོན་མའི་རེས་གཟའ་པ་སངས་ལྟར་སྤྱི་ཚོགས་ནང་དཀྲུག་ཤིང་མི་ཡོང་ཆེད།  ཆོས་དཔོན་ཁོང་ལ་བཙོན་འཇུག་ཁྲིམས་ཆད་ལོ་ ༡༠ ལས་བཅད་མེད་པ་རེད།

༢༽ཆོས་དཔོན་རཱམ་རཱ་ཧེམ་ལ་ཁྲིམས་ཐག་གཅོད་སྐབས།  རྒྱ་གར་དམག་མི་སྟོང་ཕྲག་མང་པོས་གྲོང་ཁྱེར་རའོ་ཊ་ཁུའི་འགྲོ་ལམ་ཡོངས་རྫོགས་བཀག་འགག་བྱས་ཡོད་པ་མ་ཟད། ཆོས་དཔོན་ཁོང་གི་རྗེས་འཇུག་པ་དང་རའོ་ཊ་ཁུ་གྲོང་ཁྱེར་ནང་གནས་སྡོད་བྱེད་བཞིན་པའི་ས་གནས་མི་མང་ལ་རང་ཁྱིམ་གྱི་ཕྱི་རོལ་ཏུ་ཡོང་མི་ཆོག་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

༣༽ སྲིད་གཞུང་གིས་རའོ་ཊ་ཁུ་གྲོང་ཁྱེར་ནང་འདུ་འཛོམས་ཀྱི་ལས་རིགས་ཚང་མ་བཀག་སྡོམ་བྱས་བ་མ་ཟད།  དེ་རིང་མངའ་སྡེ་ཧར་ཡ་ཎའི་སློབ་གྲྭ་དང་མཐོ་སློབ་ཚང་མའང་སྒོ་བརྒྱབ་ཡོད་འདུག

༤༽  ཉེན་རྟོག་པས་ཆོས་དཔོན་རཱམ་རཱ་ཧེམ་གྱི་ཆོས་ལུགས་དྷེ་ར་སཱ་ཆཱ་སཱོ་རྡ་(Dera Sacha Sauda)ཞེས་བའི་ལས་བྱེད་རྒན་པ་རྣམས་འཛིན་བཟུང་བཀག་སྐྱིལ་བྱས་ཏེ། ངོ་རྒོལ་ལས་འགུལ་སྤེལ་མཚམས་འཇོག་ཐབས་བྱས་ཡོད་པ་དང་།   རའོ་ཊ་ཁུ་གྲོང་ཁྱེར་ཉེན་རྟོག་པས།  གལ་སྲིད་དེ་རིང་རྙོག་དྲ་བཟོ་མཁན་བྱུང་ཚེ།  མེ་མདའ་རྒྱག་དགོས་བྱུང་ཡང་རྒྱག་ངེས་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།

༥༽  རྒྱ་གར་རའོ་ཊ་ཁུ་རྫོང་ཉེན་རྟོག་དཔོན་སྐུ་ཞབས་ནཱ་བེ་ཌི་ཕུ་སི་ཧིན་(Navdeep Singh)ལགས་ཀྱིས། ང་ཚོས་བདེ་སྲུང་ཆེད་ས་གནས་མང་པོར་དམག་མི་འགྲེམས་འཇོག་བྱས་ཏེ་རའོ་ཊ་ཁུ་གྲོང་ཁྱེར་ཁྲིམས་ཁང་དུ་མི་སུ་གཅིག་ཀྱང་ཡོང་མི་ཐུབ་པའི་འགོག་སྒོ་བརྒྱབ་ཡོད་སྟབས།  ངས་གྱོད་དོན་འདི་ལ་ཞི་བདེ་ངང་ཐག་གཅོད་བྱེད་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད།  ཅེས་བརྗོད་ཡོད།

༦༽  བདུན་སྔོན་མའི་རེས་གཟའ་པ་སངས་ཉིན། ཆོས་དཔོན་རཱམ་རཱ་ཧེམ་གྱིས་རྗེས་འཇུག་པ་ ༡༥༠,༠༠༠ ལྷག་གིས་གྲོང་ཁྱེར་པན་ཇི་ཀོ་ལཱ་རུ་འདུ་འཛོམས་བྱས་ཏེ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་ཡོད།  སྐབས་དེར་ཉེན་རྟོག་པས་མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་མི་མང་ངོ་རྒོལ་པའི་སྟེང་ཆུ་བཏོར་ཏེ།  ཆོས་དཔོན་རཱམ་རཱ་ཧེམ་གྱི་རྗེས་འཇུག་པ་ཚོ་ཁ་འཐོར་གཏོང་ཐབས་བྱས་ཡོད་ཀྱང་།  དེ་ནི་ཧར་ཡ་ཎ་གཞུང་གིས་མི་མང་ངོ་རྒོལ་བའི་ཉེན་ཁ་ལ་མཐོང་ཆུང་བྱས་པ་གསལ་བོ་ཆགས་ཡོད།

༧༽ བདུན་སྔོན་མའི་གཟའ་མཇུག་ཏུ། རྒྱ་གར་གཞུང་གིས་མངའ་སྡེ་ཧར་ཡ་ཎའི་ནང་ཡོད་པའི་ཆོས་དཔོན་རཱམ་རཱ་ཧེམ་གྱི་ཆོས་བརྒྱུད་ཡན་ལག་ཁང་ ༡༠༠ ལྷག་ཅིག་ལ་ཞིབ་བཤེར་བྱས་ཡོད་པ་དང་།  སྐབས་དེར་ཉེན་རྟོག་པས་རཱམ་རཱ་ཧེམ་གྱི་རྗེས་འཇུག་པའི་ལག་ནས་ངོ་རྒོལ་སྤེལ་བྱེད་ཀྱི་ས་སྣུམ་དང་སྦྱར་བྱང་མང་པོ་ཞིག་ལག་སོན་བྱུང་ཡོད་པ་མ་ཟད།  ཧར་ཡ་ཎའི་གྲོང་ཁྱེར་སིར་སཱའི་(Sirsa)ཉེན་རྟོག་པས།  ཆོས་དཔོན་རཱམ་རཱ་ཧེམ་གྱི་རྗེས་འཇུག་པ་ ༣༠,༠༠༠ ལྷག་ཅིག་ས་གནས་དེའི་ཆོས་བརྒྱུད་ཡན་ལག་ཁང་དུ་འདུ་འཛོམས་བྱས་འདུག  ཅེས་བརྗོད་ཡོད།

༨༽ ཁ་སང་དེ་རིང་མངའ་སྡེ་ཧར་ཡ་ཎའི་མི་མང་སྟོང་ཕྲུག་མང་པོས་རང་ཁྱིམ་བཞག་སྟེ་ཟིང་འཁྲུག་ལ་གཡོལ་ཆེད་ཧར་ཡ་ཎ་དང་གྱེར་བྲལ་བྱེད་བཞིན་ཡོད་པ་དང་།  རྒྱ་གར་གཞུང་གི་ལས་བྱེད་མཐོ་བོ་ཞིག་གིས་(NDTV)གསར་ཁང་ལ།  ང་ཚོའི་མངའ་སྡེ་གཞུང་གིས་མུ་མཐུད་མི་མང་བདེ་འཇགས་སྲུང་སྐྱོབ་དང་ཆོས་དཔོན་རཱམ་རཱ་ཧེམ་གྱི་རྗེས་འཇུག་པའི་འདུ་འཛོམས་བཀག་འགོག་བྱ་ཐབས་སུ་བཙན་ཤུགས་བཀོལ་དགོས་ཁེལ་ཡང་བཀོལ་གྱི་ཡིན། ཞེས་བརྗོད་ཡོད།

༩༽ ཁ་སང་རྒྱ་གར་སྲིད་བློན་མུ་དྷེ་མཆོག་གིས།  རྒྱ་གར་ནང་དྲག་པོའི་ལས་འགུལ་གཅིག་ཀྱང་ངོས་ལེན་མེད།  ཅེས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོར་ཉེན་བརྡ་བཏང་ཡོད་ཀྱང་།  ཧར་ཡ་ཎ་སྟངས་འཛིན་བྱེད་པའི་མུ་དྷེའི་བྷི་ཇི་ཕི་ཚོགས་པས་ངོ་རྒོལ་སྤེལ་མཁན་གྱི་དྲག་པོའི་ལས་འགུལ་མཚམས་འཇོག་བྱེད་ཐུབ་མེད་པ་མ་ཟད།  ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ལོ་ན་ ༥༠ ཡིན་པའི་ཆོས་དཔོན་རཱམ་རཱ་ཧེམ་རླངས་འཁོར་རྒྱས་སྤྲོས་ཅན་ཞིག་གི་ནང་བཞག་སྟེ་ཁྲིམས་ཁང་བར་སྐྱེལ་མ་བྱས་ཡོད།

༡༠༽  ཆོས་དཔོན་རཱམ་རཱ་ཧེམ་གྱི་རྗེས་འཇུག་པ་ཚོས་ཁོ་རང་ཚོའི་བླ་མ་ཉེས་མེད་ཡིན་པར་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་ཡོད་པ་མ་ཟད།  སློབ་ཕྲུག་ཊི་ལཱོག་སན་(Trilok Insaan)གྱིས།  ང་ཚོའི་བླ་མས་རྩ་བ་ནས་སྡིག་པའི་ལས་མི་བྱ།  ཞེས་བརྗོད་ཡོད་པ་རེད།

གསར་འགོད་པ།   སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

༢༠༢༣/༡༢/༠༨
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

༢༠༢༣/༡༢/༠༨
Advertisement for App

ཡེ་ཤེས་སྡེ་ཆོས་པར་ཁང་གི་གསལ་བསྒྲགས།

༢༠༢༣/༡༢/༠༨
Front Slider

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༡༢/༠༧
Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

༢༠༢༣/༡༢/༠༦
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༡༢/༠༦

མཆན། 4

  1. བསོད་ནམས་རྡོ་རྗེ། says:
    ལོ་ 6 སྔོན།

    མཆོད་དཔོན་ཡིན་གྱི་རེད། ཆོས་དཔོན་ཟེར་བ་གོ་མ་མྱོང་།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 6 སྔོན།

    གྱོད་གཞི་གཉིས་ལ་བརྩོན་འཇུག་ལོ་བཅུ་རེ་དང་ཉེས་ཆད་སྒོར་འབུམ་བཅོ་ལྔ་རེ་བཅས་བསྡོམས་བརྩོན་འཇུག་ལོ་ཉི་ཤུ་དང་ཧིན་སྒོར་འབུམ་གསུམ་བཅུ་ཉེས་ཆད་ཕོག་པ་མ་རེད་དམ་?

    Reply
    • དཔལ་བཟང་། says:
      ལོ་ 6 སྔོན།

      བདེན་པ་རེད་དུས་བབས་ཚང་འགོ་འཁོར་བསྡད་ཡོད་ཁུ།
      BBC news =A controversial Indian guru convicted of rape on Friday has been sentenced to 20 years in prison

      Reply
      • དཔལ་བཟང་། says:
        ལོ་ 6 སྔོན།

        མི་རེ་རེ་ལ་ལོ་བཅུ་བཅུ་དང་ལོ་ཉི་ཤུ་རེད།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist