མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་ཁ་ཆེ་བ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱིས་གཟིགས་སྐྱོང་གནང་གི་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

གསར་འགོད་པས་༧གོང་ས་མཆོག་ལ་འབར་མའི་ནང་གི་ཁ་ཆེ་བའི་དཀའ་རྙོག་སྐོར་ལ་བཀའ་འདྲི་ཞུ་སྐབས་འཚེ་བའི་བྱ་སྤྱོད་དེར་ཁོང་ཧ་ཅང་ཐུགས་སྐྱོ་བོ་བྱུང་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་༧གོང་ས་མཆོག་ལ་གསར་འགོད་པས་འབར་མའི་ནང་གི་རཱོ་ཧིན་གྷ་ཡའི་ཁ་ཆེ་བའི་དཀའ་རྙོག་སྐོར་ལ་བཀའ་འདྲི་ཞུ་སྐབས། འབར་མའི་ཁ་ཆེ་བ་ཚོར་བརྙས་བཅོས་གཏོང་མཁན་ཚོས་སྟོན་པ་བཅོམ་ལྡན་འདས་ཡིད་ལ་དྲན་པ་བྱེད་དགོས་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཉམ་ཆུང་བའི་ཁ་ཆེ་བ་དེ་དག་ལ་རོགས་སྐྱོར་གནང་ངེས་རེད། གནད་དོན་དེར་ཐུགས་ཧ་ཅང་སྐྱོ་བོ་བྱུང་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ཊོར་ཀེ་སྲིད་འཛིན་གྱིས་ཁ་པར་བཏང་ནས་སྐད་ཆ་བཤད་སྐབས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་རཱོ་ཧིན་གྷ་ཡའི་གནད་དོན་སྐོར་ལ་གནས་ཚུལ་ལོག་བཤད་མང་པོ་སླེབས་བཞིན་པ་དེ་དྲག་སྤྱོད་པ་ཚོར་ཁེ་ཕན་ཞིག་ཆགས་ཀྱི་ཡོད་པ་དང་། འབར་མ་གཞུང་ངོས་ནས་གནད་དོན་དེའི་ཐད་ལས་ཀ་འགོ་བཙུགས་ཟིན་ཡོད་ལ། དེའི་སྐོར་ལ་གཞན་སུ་ལས་ཀྱང་འབར་མ་གཞུང་གིས་ཡག་པོ་ཤེས་ཀྱི་ཡོད་བར་བརྟེན། འབར་མ་རྒྱལ་ཁབ་ཀྱི་མི་མང་ཚང་མའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

འདས་པའི་ནང་འབར་མའི་ཁ་ཆེའི་གྲངས་ཉུང་མི་རིགས་དང་ནང་པ་གྲངས་མང་པའི་བར་ལ་དྲག་སྤྱོད་ཀྱི་འགལ་བ་བྱུང་སྟེ། མི་གྲངས་ ༡༠༠༠ ལྷག་དྲག་སྤྱོད་ཁྲོད་ནས་བསད་ཡོད་པ་དང་འབུམ་༣ ལྷག་ས་གནས་གཞན་ལ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། བདུན་ཕྲག་སྔོན་མའི་ནང་ལ་རཱོ་ཧིན་གྷ་ཡ་མི་གྲངས་༦༠༠༠ ལྷག་བྷང་ལ་ཌེ་ཤིའི་ནང་དུ་སྐྱབས་བཅོལ་ལ་སོང་ཡོད་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷང་ལ་དེ་ཤི་གཞུང་ལ་དྲག་གནོན་གྱི་འོག་ནས་བྲོས་བྱོལ་དུ་ཡོང་བའི་རཱོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོར་སྣེ་ལེན་ཞུ་དགོས་པ་མ་ཟད། རྨས་སྐྱོན་ཐེབས་པའི་མི་རྣམས་ལ་དམིགས་བསལ་གྱིས་ལྟ་རྟོག་དང་སྨན་བཅོས་ཀྱི་མཐུན་སྦྱོར་རོགས་རམ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། ཡིན་ནའང་། རཱོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་རྣམས་ཀྱིས་རི་ཆུ་བརྒལ་ཏེ་བྷང་ལ་དེ་ཤིའི་ས་མཚམས་སྣེ་ལེན་ཁང་དུ་འབྱོར་སྐབས། སྐྱབས་བཅོལ་བ་མང་དྲག་སྟེ་སྡོད་གནས་དང་ཟ་མ། སྨན་བཅོས་མཐུན་རྐྱེན་སོགས་ཀྱིས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཐོག་འབར་མའི་ལྕམ་ཨང་སན་སུའུ་སྐྱིད་ལ་སྐྱོན་བརྗོད་དང་ཁོ་མོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་སྤྲོད་དགོས་ཚུལ་སོགས་གླེང་སློང་མང་པོ་ཞིག་བྱུང་གི་ཡོད་པ་དང་། དེ་དག་ལས་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤེས་ཆོས་དཔོན་ཊོ་ཊོ་མཆོག་དང་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སོགས་འཛམ་གླིང་གི་དབུ་འཁྲིད་ཁག་ཅིག་ནས་སྔ་གཞུག་ཏུ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་རཱོ་ཧིན་གྷ་ཡའི་དཀའ་སྡུག་འཕྲལ་དུ་སེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལན་༧གོང་ས་མཆོག་གིས་འབར་མའི་ནང་གི་ཆོས་ལུགས་འགལ་ཟླའི་བར་ལ་གསུང་བཤད་ཐོག་དང་པོ་གནང་ཡོད་ལུགས་འཁོད་ཡོད་ན་ཡང་། ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་ཚེས་ ༢༢ ཉིན་རྒྱ་གར་གྱི་(ABC)གསར་ཁང་གི་བཅར་འདྲི་ཞིག་གི་སྐབས་སུ། ༧གོང་ས་མཆོག་ནས་འབར་མ་ཡི་ནང་པའི་གྲྭ་བ་ཚོས་དྲག་སྤྱོད་ཀྱི་ལས་སྤེལ་རྒྱུ་མེད། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཡིན་པས། བྱམས་པ་དང་བཟོད་པ་སྒོམ་དགོས་པ་དང་། མཚམས་རེར་ཚོར་བའི་གཞན་དབང་གིས་གཞན་ལ་སྡང་བ་དང་གསོད་འདོད་སྐྱེས་པ་སོགས་བྱུང་ན། སྟོན་པ་བཅོམ་ལྡན་འདས་ཡིད་ལ་དྲན་པ་བྱོས། ཆོས་ལུགས་ཚང་མས་ང་ཚོར་བྱམས་པ་དང་བརྩེ་བ་བཟོད་པ་བསླབ་སྟོན་བྱེད་ཀྱི་ཡོད་པ་རེད། དྲག་སྤྱོད་སྤེལ་བ་དེ་ཧ་ཅང་གིས་སེམས་པ་སྐྱོ་དགོས་པ་རེད། ཅེས་གསུངས་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ཚེས་ ༢༨ ཉིན་ཨོ་སི་ཊོ་ལི་ཡའི་ཚགས་པར་ཁང་གི་བཅར་འདྲི་ཞིག་ཏུ་༧གོང་ས་མཆོག་གིས། དཀའ་ངལ་མྱོང་བཞིན་པའི་རཱོ་ཧིན་གྷ་ཡ་མི་མང་ས་ཡ་ཁ་ཤས་ཡོད་པ་དེ་དག་འབར་མའི་མི་སེར་དུ་ངོས་འཛིན་བྱེད་ཀྱི་མེད་པར་བརྟེན། ཁོ་ཚོའི་འགྲུལ་སྐྱོད་དང་འཚོ་གནས་སོགས་ལ་དཀའ་ངལ་འཕྲད་པ་དང་བརྙས་བཅོས་མྱོང་བཞིན་པ་དེར་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་རོགས་རམ་གནང་དགོས་སྐོར་དང་། ཡང་༧གོང་ས་མཆོག་ནས་ཁོང་ཐེངས་གཉིས་ལ་ལྕམ་ཨང་སན་སུའུ་སྐྱིད་དང་ཐུག་འཕྲད་བྱུང་ཡོད་པ་དང་། རཱོ་ཡེན་གྷ་ཡའི་དཀའ་རྙོག་སྐོར་བཀའ་མོལ་བྱུང་སྐབས། ལྕམ་ཨང་སན་སུའུ་སྐྱིད་ཀྱིས་གནད་དོན་དེ་ལས་སླ་བོ་ཞིག་མ་ཡིན་པར་ཧ་ཅང་དཀའ་རྙོག་ཅན་ཞིག་ཡིན་སྐོར་བརྗོད་ནའང། མོས་གནད་དོན་དེའི་ཐད་ལས་ཀ་བྱེད་ཐུབ་ཀྱི་རེད་དགོངས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

ཡང་འདས་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་རོའོ་ཊིར་གསར་ཁང་གི་བཅར་འདྲི་ཞིག་གི་སྐབས་སུ་འབར་མའི་ནང་པ་དང་ཁ་ཆེ་བའི་འགལ་ཟླའི་ཐད་ལྕམ་ཨང་སན་སུའུ་སྐྱིད་ལ་འགན་ཡོད་པ་དང་། མོ་ལ་ད་ལྟ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་ཡོད་པས། བཟང་སྤྱོད་ཀྱི་ངོས་ནས་བཤད་ནའང་གནད་དོན་དེ་ཞི་འཇགས་ཡོང་ཐབས་ལ་འབད་བརྩོན་གནང་དགོས་ཡོད་པ་རེད། ཅེས་གསུངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 3

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    བོད་མི་སྒྲིག་འཛུགས་འམ་བདེ་སྲུང་ལས་བྱེད་སུ་ཡིན་རུང་ གསར་འགོད་པ་ཡིན་ཚད་༧ཁོང་གི་འཁྲིས་སུ་བཏང་རྒྱུ་མེད། དཀྲུག་ཤིང་ཡོང་མི་སྲིད་པ་མིན། ཟབ་ཟབ་གནང་རོགས་ ཐུགས་རྗེ་གཟིགས།

    Reply
  2. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    བར་མ་ལ་དཀའ་ངལ་འཕྲད་སྲིད། གང་ལ་ཞུས་ན། ཨྥ་གྷན། མཱལ་དིབ། མ་ལེ་ཤི་ཡ། ཨོན་ཌོ་ནེཤི་ཡ་སོགས་་་ སྔ་མོ་ནང་པའི་རྒྱལ་ཁབ་ཡིན། ཁ་ཆེ་བ་ཚོའི་ཁོ་རང་ཚོའི་ནོར་འཁྲུལ་ནམ་ཡང་ངོ་ལེན་བྱེད་ཀྱི་མ་རེད། ཁོང་ཚོ་ལ་ལྟ་བ་་་ ཆོས་ལུགས་ཀྱི་ཞན་ཁོག ག་ཚོད་ཧམ་པ་དང་ མ་རབ་བྱེད་ཐུབ་ཐུབ་དང་། མདུན་ཆོངས་བྱེད་ཐུབ་ཐུབ། ཆོས་ལུགས་གཞན་པའི་འོག་ལ་སྒུར་རྒྱུ་ཡོད་མ་རེད། ལྟ་བ་དེ་རེད། བཟོད་པ་སྒོམ་ཡ་དང་སྣོང་ངོ་ལེན་བྱེད་ན་སྡུག་པ་བརྩིས་ཀྱི་རེད། ཁ་ཆེ་ཁོ་རང་ཚོ་ནང་ལོག་ལ་རྐུ་མ་རྒྱག་ན་སྡིག་པ་ཡོད་རེད། གཞན་མས་ས་ནས་རྐུ་མ་རྒྱག་ན་སྡིག་པ་ཡོད་མ་རེད་ཟེར་གྱི་རེད། ཆོས་ལུགས་ཐོག་ནས་འཛིང་ནས་ཤི་ན་ ལམ་ཀྱང་ ཨཱལ་ལ་ས་ལ་སླེབ་ཀྱི་རེད་བཤད་ཀྱི་ཡོད། ཁ་ཆེ་མི་རིག་ས་མང་པོ་འཕེལ་བཅུག་གིས་རེད། མ་གཞི་ཁག་ཡོད་མ་རེད། ཁ་ཆེ་མགོ་ལ་བསྡོད་མཁན་ཚོ་ ཡང་དག་པ་ཡིན་དོག་དོག་ ཧུར་ཀ་འཐེན་བྱས་ ནང་ལ་སྐྱིད་པོ་བྱེད་ནས་བསྡད་ཀྱི་རེད། ཟིང་ཁྲུག་ཚང་མ་སྤང་ཀོ་ཚོ་ལ་བསྐུལ་གྱི་རེད། ཟབ་ཟབ་བྱེད་དགོས་པ་རེད།

    Reply
  3. རླུང་འཕྲིན། says:
    ལོ་ 9 སྔོན།

    དངོས་གནས་ཐབས་སྐྱོ་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese