མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཕ་མ་གཉིས་ཀྱི་བཟོད་སྒོམ་ལ་མི་མང་པོས་ཡིད་སྨོན་ཤོར།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་ཡོད་པའི་བོད་རིགས་ཕྲུ་གུ་ཞིག་ལ་རླངས་འཁོར་གྱི་བརྡབ་སྐྱོན་བྱུང་སྟེ་རྐྱེན་འདས་སུ་ཕྱིན་ཡོད་ཀྱང་ཁོང་གི་ཕ་མ་གཉིས་ཀྱིས་ཁ་ལོ་བ་དེ་བཟོད་སྒོམ་གུ་ཡངས་བཏང་ཡོད་འདུག

ཟླ་འདིའི་ཚེས་  ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༧་༤༠ སྟེང་། ཨ་རིའི་མངའ་སྡེ་ཁོ་ལོ་ར་ཌོའི་ཨ་ཌམ་སི་(Adams)རྫོང་གི་ལི་པན་(Lipan)སྲང་ལམ་དུ། ལོ་ན་ ༢ ཡིན་པའི་བོད་རིགས་ཕྲུ་གུ་བསྟན་འཛིན་མཆོག་འཛིན་ཟེར་བ་ཞིག་ལ་སྒེར་གྱི་རླངས་འཁོར་ཞིག་གིས་བརྡབས་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པས་བསྟན་འཛིན་མཆོག་འཛིན་ས་གནས་དེའི་(St. Anthony)སྨན་ཁང་དུ་བསྐྱལ་ཡོད་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག

ཨ་རིའི་གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། བསྟན་འཛིན་མཆོག་འཛིན་ཕྱིར་ཁམས་སངས་སུ་ཕྱིན་པའི་རྨོ་ལགས་འཚོལ་དུ་ཕྱིན་སྐབས་རླངས་འཁོར་གྱི་བརྡབ་སྐྱོན་བྱུང་ཡོད་པ་དང་།  ཕྱི་ཚེས་ ༡༢ ཉིན་བསྟན་འཛིན་མཆོག་འཛིན་གྱི་ཕ་མ་གཉིས་ཀྱིས་རླངས་འཁོར་ཁ་ལོ་བ་དེ་བཟོད་སྒོམ་གུ་ཡངས་བཏང་བའི་འཕྲིན་ཡིག་ཅིག་དྲ་ལམ་དུ་སྤེལ་རྗེས། བོད་རིགས་ཕ་མ་དེ་གཉིས་ཀྱི་བྱམས་སྙིང་རྗེ་དང་བཟོད་སྒོམ་ལ་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེ་ཙམ་མ་ཟད། ཨ་རིའི་གསར་བརྒྱུད་ལམ་ཁག་མང་པོའི་ནང་དམིགས་དཔེར་ལྟ་འོས་པའི་བོད་རིགས་ཁྱིམ་ཚང་ཞིག་ཡིན་སྐོར་རྗོད་བཞིན་འདུག

ཁོ་ལོ་ར་ཌོའི་ས་གནས་ཉེན་རྟོག་པས།  དོན་རྐྱེན་བྱུང་རྗེས་རླངས་འཁོར་ཁ་ལོ་བ་དེ་ས་གནས་དེར་མ་བསྡད་པར་ཕྱིན་ཡོད་ཀྱང་། གསར་འགྱུར་ནང་བྱིས་པ་ཞིག་ལ་རླངས་འཁོར་གྱིས་བརྡབ་སྐྱོན་བྱུང་སྟེ་ཁ་ལོ་བ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་པ་ཁོ་རང་གིས་མཐོང་སྟབས། ཁོས་རང་གི་ནག་ཉེས་ངོས་ལེན་བྱས་ཏེ་ཉེན་རྟོག་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། རླངས་འཁོར་ཁ་ལོ་བ་དེའི་མིང་ལ་ཇཱོར་ཇཱི་ཁོའུ་རེ་(George Currie)ཟེར་གྱི་ཡོད་པ་དང་། ད་ལྟ་རང་ལོ་ ༦༧ ཙམ་ཡིན་འདུག

ཉེན་རྟོག་པས། ཁ་ལོ་བ་ཁོའུ་རེ་ལགས་ཀྱིས་སེམས་ཅན་ཆུང་ཆུང་ཞིག་ལ་བརྡབ་སྐྱོན་ཤོར་སོང་བསམ་སྟེ། རླངས་འཁོར་རྨིད་ ༡༥༠ ཡི་སར་བཞག་སྟེ་ལྟ་ཙམ་བྱས་ཡོད་ཀྱང་།  ཁོས་ཅི་གང་མཐོང་མེད་སྟབས་མུ་མཐུད་རླངས་འཁོར་བཏང་ནས་ཕྱིན་ཡོད་སྐོར་བརྗོད་འདུག

འཕྲིན་ཡིག་དེའི་ནང་དུ་བསྟན་འཛིན་མཆོག་འཛིན་གྱི་ཕ་དཀོན་མཆོག་བསྟན་འཛིན་ལགས་དང་ཨ་མ་བཀྲ་ཤིས་སྒྲོལ་མ་ལགས་གཉིས་ཀྱིས། བསྟན་འཛིན་མཆོག་འཛིན་ནི་ང་ཚོའི་བྱིས་པ་ཆུང་ཤོས་དང་སྙིང་ཉེ་ཤོས་དེ་ཡིན་པ་མ་ཟད། གྲོགས་པོ་ཡག་ཤོས་ཀྱང་ཡིན་པས། ཁོ་ལ་དོན་རྐྱེན་བྱུང་བ་འདི་བཟོད་ཐབས་བྲལ་བ་ཞིག་ཡིན་ཡང་།  ང་ཚོ་ནང་པའི་ཁྱིམ་ཚང་ཞིག་ཡིན་པའི་ངོས་ནས་བྱམས་སྙིང་རྗེ་ཉམས་ལེན་གྱིས་དོན་རྐྱེན་འདི་གོ་སྐབས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། རྐྱེན་ངན་བཟོ་མཁན་བཟོད་བསྲན་གུ་ཡངས་བཏང་བ་ཡིན་ལ། ང་ཚོའི་བུ་ཆུང་འདི་ལ་ཁྱེད་ཀྱིས་བསྔོ་སྨོན་གནང་རོགས། མཐའ་དོན་དུ་ཁ་ལོ་བ་ཚང་མས་རླངས་འཁོར་གཏོང་སྐབས་ཐུགས་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  བསྟན་འཛིན་མཆོག་འཛིན་གྱི་ཕ་མ་གཉིས་ཀྱི་སྙིང་རྗེ་ཡི་སྤྱོད་པ་དེས་མི་མང་པོ་ཞིག་ལ་ཡིད་སྨོན་དང་སེམས་འགུལ་ཐེབས་ཡོད་འདུག་ལ། ཁོ་ཚོའི་ཁྱིམ་མཚེས་མིང་ལ་བྷོ་ནེ་བྷེ་སི་ཊར་(Bonnie Baxter)ཟེར་བ་ཞིག་གིས། བསྟན་འཛིན་མཆོག་འཛིན་གྱི་ནང་མིའི་ཆེད་དྲ་རྒྱའི་ཐོག་ཞལ་འདེབས་གྲངས་ཚད་ཨ་སྒོར་ ༡༥༠༠༠ སློང་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་།  ད་ལྟའི་ཆར་ཞལ་འདེབས་ཨ་སྒོར ༣༩༠༠ ཟིན་ཡོད་ཀྱང་།  བྷོ་ནེ་བྷེ་སི་ལགས་ཀྱིས། བསྟན་འཛིན་མཆོག་འཛིན་གྱི་ཕ་མ་གཉིས་ཀྱིས་དྲ་རྒྱའི་ཐོག་ཞལ་འདེབས་ག་ཚོད་བྱུང་བ་ཡིན་ནའང་། ཚང་མ་བསྟན་འཛིན་མཆོག་འཛིན་གྱི་རྗེས་དྲན་ཆེད་བྱིས་པའི་རོགས་སྐྱོར་ཐེབས་རྩ་ཁང་ཞིག་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་སྐོར་བརྗོད་འདུག་ལ། དྲ་ཐོག་ཞལ་འདེབས་ཀྱི་གྲངས་ཚད་ལོངས་རྗེས།  བྱིས་པའི་སྨན་ཁང་ཞིག་ལ་སྤྲོད་རྒྱུ་ཐག་བཅད་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 5

  1. ནོར་བུ། says:
    ལོ་ 9 སྔོན།

    བཟོད་ཐབས་བྲལ་བའི་དཀའ་སྡུག་གི་གནས་སྟངས་དེ་འདྲའི་སྐབས་སུ་བཟོད་སྒོམ་དང་། བྱམས་དང་སྙིང་རྗེའི་ཐག་གཅོད་ཆེན་པོ་དེ་འདྲ་གནང་ཐུབ་པ་དེ་ནི་དངོས་གནས་ཧང་སངས་དགོས་པ་དང་། རང་ཅག་རྣམས་ལ་བཀའ་དྲིན་ལྷག་པར་ཆེ་བའི་འདི་ཕྱིའི་སྐྱབས་མགོན་༧རྒྱལ་བརིན་པོ་ཆེ་མཆོག་གི་བཀའ་དགོངས་སྒྲུབ་པ་དང་༧རྒྱལ་བ་མགྱེས་པའི་མཆོད་སྤྲིན་བཟང་པོ་ཞིག་རེད། བུ་ཆུང་འདས་གྲོངས་སུ་གྱུར་ཡང་མགྱོགས་ནས་མྱུར་དུ་༧རྒྱལ་བ་རིན་པོ་ཆེའི་སློབ་འབངས་སུ་སྐྱེས་ནས་ཞལ་མཇལ་གསུང་ཐོས་ཡོང་བ་ཤོག

    Reply
  2. བསམ་པ་རྣམ་དག says:
    ལོ་ 9 སྔོན།

    ཧ་ལས་པའི་མིག་དཔེ་བཟང་པོ་རེད། ཕ་མ་གཉིས་ལ་གདུང་སེམས་མཉམ་བསྐྱེད་དང། དོན་དམ་གྱིས་བྱམས་པ་དང་བརྩེ་བ། བཟོད་སྒོམ་འཛམ་གླིང་མི་མང་གི་མདུན་དུ་འཇོག་ཐུབ་པ་ནི་བོད་མི་རིགས་ཀྱིས་སྤོབས་པ་རེད་ལ་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤུས་དག་རེད།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཡིད་རངས་ཡོད། གུས་ཞབས་ཡོད།

    Reply
  4. pema gyalpo says:
    ལོ་ 9 སྔོན།

    བུ་ཕྲུག་འདས་གྲོངས་སུ་ཕྱིན་པར་ཤིན་ཏུ་ནས་བློ་ཕམ་གྱི་རང་བཞིན་དུ་འགྱུར།

    འོན་ཀྱང་ཕ་མ་གཉིས་ཀྱི་ཧ་ལས་པའི་བཟོད་སྒོམ་ཆེན་པོ་གནང་བར་སྙིང་དབུས་ནས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན།

    Reply
  5. ཚེ་རིང་དོན་གྲུབ། says:
    ལོ་ 9 སྔོན།

    གཟི་བརྗིད་ཅན་གྱི་ནང་མི་ཕ་མ་གཉིས་ལ་གུས་བཏུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese