ཁ་སང་ཕྱི་ཚེས་ ༡༨ ཉིན་ནོ་བྷེལ་ལྷན་ཚོགས་ཀྱི་དྲ་རྒྱའི་ངོས་སུ་གསལ་བསྒྲགས་སྤེལ་གསལ་ལྟར་ན། ད་ལོའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཁག་གི་མཚན་ཐོ་དེ་འཆར་ཟླ་ ༡༠ པའི་ནང་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུ་ཡིན་འདུག
གསལ་བསྒྲགས་ནང་། འཆར་ཟླ་ ༡༠ ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡:༣༠ སྟེང་སེམས་ཁམས་རིག་པའི་ནོ་བྷེལ་གཟེངས་རྟགས་དང་། ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡:༤༥ སྟེང་དངོས་ཁམས་ཚན་རིག་རིག་པའི་ནོ་བྷེལ་གཟེངས་རྟགས། ཚེས་ ༤ ཉིན་གྱི་ཞོགས་པའི་ ༡༡:༤༥ སྟེང་རྫས་འགྱུར་རིག་པའི་ནོ་བྷེལ་གཟེངས་རྟགས། ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡:༠༠ སྟེང་ཞི་བདེའི་ནོ་བྷེལ་གཟེངས་རྟགས། ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡:༤༥ སྟེང་དཔལ་འབྱོར་རིག་པའི་ནོ་བྷེལ་གཟེངས་རྟགས་བཅས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་དུས་ཚེས་ཡོངས་ཁྱབ་གསལ་བསྒྲགས་བྱས་མེད་ཀྱང་། མི་འགྱངས་པར་ནོ་བྷེལ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་ཌ་ནུ་སི་ (Sara Danius) ལགས་ཀྱིས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་འཁོད་འདུག
ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འོས་མིའི་ནང་མི་སྣ་ ༣༡༨ བྱུང་ཡོད་པ་དང་། དེ་དག་གི་གྲས་ནས་འོས་མི་ ༢༡༥ མི་སྒེར་དང་། འོས་མི་ ༡༠༥ ཚོགས་པ་ཁག་ཡིན་ཞིང་། ནོ་བྷེལ་སེམས་ཁམས་དང་གསོ་རིག་གཟེངས་རྟགས་ནང་འོས་མི་ ༣༦༡ བྱུང་ཡོད་འདུག གཟེངས་རྟགས་གཞན་དག་ལ་འོས་མི་ཅི་ཡོད་གསལ་བསྒྲགས་གནང་མེད་ན་ཡང་། ཕྱི་ལོ་ ༡༩༠༡ ནས་ ༢༠༡༦ བར་རྫས་འགྱུར་རིག་པའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་མི་སྣ་ ༡༠༨ བྱུང་ཡོད་པ་དང་། དེའི་གྲས་ནས་ཐེངས་ ༦༣ བར་དུ་མི་སྣ་རེ་རེར་ཐོབ་ཅིང་། ཐེངས་ ༢༢ བ་དེ་མི་སྣ་གཉིས་ཀྱི་བར་ལ་ཐོབ་ཡོད་པ་དང་། ཐེངས་ ༢༣ པ་མི་སྣ་གསུམ་གྱི་བར་ལ་ཐོབ་ཡོད་འདུག སྐུ་ཞབས་སན་གྷིར་ (Frederick Sanger) ལགས་སུ་སེམས་ཁམས་དང་གསོ་རིག་ནོ་བྷེལ་གཟེངས་རྟགས་ཐེངས་གཉིས་ལ་ཐོབ་ཡོད་པ་རེད།
དེ་བཞིན་ཕྱི་ལོ་ ༡༩༠༡ ནས་ ༢༠༡༦ བར་དངོས་ཁམས་རིག་པའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་མི་སྣ་ ༡༡༠ བྱུང་བ་དང་། དེའི་གྲས་ནས་ཐེངས་ ༤༧ བར་མི་སྣ་རེ་རེར་ཐོབ་ཡོད་པ་དང་། སྐུ་ཞབས་བྷར་ཌིན་ (John Bardeen) ལགས་སུ་དངོས་ཁམས་རིག་པའི་ནོ་བྷེལ་གཟེངས་རྟགས་ཐེངས་གཉིས་ལ་ཐོབ་ཡོད་འདུག
ད་ལོ་ནས་ནོ་བྷེལ་གཟེངས་རྟགས་ཀྱི་མ་དངུལ་འཕར་སྣོན་བྱས་ཏེ་ལོ་སྔོན་མ་ལས་ཆ་སྙོམས་སུ་ཌན་གྱི་སྒོར་ས་ཡ་གཅིག་སྤར་རྒྱུ་ཡིན་པ་དང་། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧིལ་ཌེན་ (Carl-Henrik Heldin) ལགས་ཀྱིས་ང་ཚོའི་ད་ལོའི་ནོ་བྷེལ་གཟེངས་རྟགས་ཀྱི་མ་དངུལ་སུ་ཌན་སྒོར་ས་ཡ་ ༡ འཕར་སྣོན་བྱས་ཡོད་ལ། ནོ་བྷེལ་གཟེངས་རྟགས་ནི་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་ཚན་རིག རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཆེད་དུ་ཡིན་ལ། མཚམས་རེར་ཤེས་ཡོན་དང་དྲང་བདེན་ནི་དོགས་གནས་ཤིག་ཆགས་ཀྱི་ཡོད་ཀྱང་། དེ་དག་གི་གལ་ཆེའི་རིན་ཐང་ནི་དུས་ནམ་ཡང་གཞལ་ཐབས་མེད་པ་ཞིག་རེད། ཅེས་བརྗོད་འདུག
ཕྱི་ལོ་ ༡༨༩༥ ལོ་ནས་ནོ་བྷེལ་གཟེངས་རྟགས་སྤྲོད་མགོ་བཙུགས་ཡོད་པ་དང་། ལོ་ལྟར་ནོ་བྷེལ་གཟེངས་རྟགས་དེ་ཞི་བདེ་དང་། དངོས་ཁམས་ཚན་རིག་པ། རྫུས་འགྱུར་ཚན་རིག་པ། སེམས་ཁམས་དང་གསོ་བ་རིག་པ། དཔལ་འབྱོར་རིག་པ། རྩོམ་རིག་བཅས་སྡེ་ཁག་དྲུག་ལ་སྤྲོད་བཞིན་ཡོད་པ་རེད།
ནོ་བྷེལ་གཟེངས་རྟགས་ཀྱི་འོས་མི་འདེམས་སྟངས་ནི། དང་པོ་ནོ་བྷེལ་ལྷན་ཚོགས་ཀྱིས་ལོ་རེའི་ནོ་བྷེལ་གཟེངས་རྟགས་ཀྱི་འོས་མིའི་མཚན་ཐོ་བསྡུ་རུབ་བྱས་རྗེས། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཏེ་འོས་མིའི་མཚན་ཐོར་ཞིབ་བཤེར་གྱིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་སྲིད་གཞུང་། རྒྱལ་སྤྱིའི་ཁྲིམས་ཁང་ཁག གཙུག་ལག་སློབ་གཉེར་ཁང་ཁག་གི་རིག་བདག སྤྱི་ཚོགས་ཚན་རིགས་ཀྱི་སློབ་དཔོན་དང་ལྟ་གྲུབ་རིག་པ་བ། ལོ་རྒྱུས་རིག་པ་བ། ཆོས་ལུགས་རིག་པ་བ། ཞི་བདེའི་ཉམས་ཞིབ་ཚོགས་སྡེ་ཁག ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཟུར་བ། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་བ། དེ་བཞིན་ནོ་བྷེལ་ལྷན་ཚོགས་ཀྱི་སློབ་སྟོན་པ་ཟུར་བ་སོགས་ལ་ཆེད་གཏོང་བྱས་ནས། ཁོ་ཚོའི་ལམ་སྟོན་དང་དགོངས་ཚུལ་གཞིར་བཟུང་སྟེ་མང་མོས་འོས་འདེམས་ཀྱི་ལམ་ནས་ཐག་གཅོད་བྱེད་ཀྱི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
སྤུན་ཟླ་ཚོ། ནོ་བེལ་གཟེངས་རྟགས་བཞེས་པ་ལས་སླ་པོ་ཞིག་མིན། གང་ལ་ཞུས་ན། དཔེར་ན། དེང་སང་ བར་མ་ལ་ ཁ་ཆེ་སྤྱོད་ངན་ཚོའི་ཁ་རྡུང་དང་དཀའ་རྙོག་ག་ཚོད་འདུག སྤྱོད་པ་ངན་པ་ཚོའི་ ཞི་བདེ་གཟེངས་རྟགས་བཞེས་ཚར་ན་ ཐེ་གཏོགས་བྱེད་མཆོག་གི་མེད་པ་བཤད་ཀྱི་འདུག་ག ཟབ་ཟབ་བྱ་དགོས། རྒྱར་ཁོའི་ ང་ཚོའི་རྒྱབ་ལ་ ཆུ་ཚོད་ ༢༤ པར་ཆས་རེད་ཏོ། ཚན་རིག་དང་འབྲེལ་བའི་ སེམས་ཁམས་རིག་པའི་ཐོག་ནས་ གཟེངས་རྟགས་ཞིག་ཐོབ་ན་ ཨའུ་སེ་རེད་བསམ། གང་ལྟར་༧གོང་ས་མཆོག་གཟེངས་རྟགས་ཀྱི་ལྟོགས་རྔམ་མེད་དོ།
ཅོ་ Frederick Sanger ལགས་ལ་ སེམས་ཁམས་རིག་པའི་ཐོག་་་ གཟེངས་རྟགས་ཐེངས་གཉིས་ཐོབ་ཡོད་ན། ༧གོང་ས་མཆོག་ལ་ Mind & Life ཐོག་ལ་ཞུ་མི་དགོས།
གསར་འགྱུར་ཚ་བོ་ཚ་བོ། འོས་ཁོངས་སུ་བོད་ཀྱི་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོད་སྲིད་པ་རེད། ཁ་ཤས་ལ་ནོ་བྷེལ་གཟེངས་རྟགས་ཐེངས་གཉིས་ལ་ཐོབ་ཡོད་ན། ༧ གོང་ས་མཆོག་ལ་ཐེངས་གཉིས་མ་ཟད་ལྔ་དྲུག་ཐོབ་འོས་པ་ཞིག་རེད།