མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྐུ་ལྕམ་དང་པོ་སུ་ཡིན་གྱི་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོ་རུམ་ཕིའི་བཟའ་ཟླ་དང་པོ་ཨ་ཝིན་ན་ཊི་རུམ་ཕི་དང་མེ་ལཱ་ནེ་ཡཱ་ཊི་རུམ་ཕི་བར་ཨ་རིའི་སྐུ་ལྕམ་དང་པོ་སུ་ཡིན་གྱི་འཐབ་རྩོད་ཡོང་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་༩ ཉིན་ཨ་རི་ཞོགས་པ་བདེ་ལེགས་ཞེས་པའི་གསར་ཁང་གིས། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་བཟའ་ཟླ་དང་པོ་ཨ་ཝེན་ནཱ་ཊི་རུམ་ཕི་(Ivana Trump) ཞེས་པར་བཅར་འདྲི་བྱེད་སྐབས། མོས་མོ་རང་ཨ་རིའི་སྐུ་ལྕམ་དང་པོ་དེ་ཡིན་ཞེས་བརྗོད་ཡོད་པ་དང་། ཡང་མོས་ཊི་རུམ་ཕི་དང་མོ་གཉིས་ལ་ད་ལྟ་ད་དུང་འབྲེལ་བ་ཡོད་པ་མ་ཟད། མོ་ལ་ཕོ་བྲང་དཀར་པོའི་ནང་དུ་ཐད་ཀར་ཁ་པར་གཏོང་ཆོག་པའི་ཨང་གྲངས་ཡོད་སྟབས། ཁོ་གཉིས་ཀྱིས་རྒྱུན་དུ་བདུན་ཕྲག་གཉིས་རེའི་མཚམས་སུ་སྐད་ཆ་བཤད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཡང་བཅར་འདྲི་དེའི་སྐབས་སུ་མོས་ངས་ཁོ་ལ་ཁ་པར་མང་པོ་གཏོང་འདོད་ཀྱི་མི་འདུག མཱེ་ལཱ་ནེ་ཡཱ་དེར་ཡོད་པས་ངས་མོ་ལ་ཕྲག་དོག་རིགས་གང་ཡང་བྱེད་འདོད་མི་འདུག་ལ། རྒྱུ་མཚན་ང་ཊི་རུམ་ཕི་ཡི་བཟའ་ཟླ་དང་པོ་དེ་ཡིན་པས། རང་བཞིན་གྱིས་ང་ཨ་རིའི་སྐུ་ལྕམ་དང་པོར་ཆགས་ཡོད་པ་རེད།ཅེས་བརྗོད་ཡོད་སྟབས། དེ་ནི་མོས་སྲིད་འཛིན་ཊི་རིམ་ཕིའི་ད་ལྟའི་སྐུ་ལྕམ་མེ་ལཱ་ནེ་ཡཱ་ལ་མི་མང་ཁྲོད་མཐོང་སྣང་ཆག་བཅུག་པ་དང་ངོ་ཚར་གཏོད་འདོད་པ་རེད་ཅེས་བརྗོད་ཀྱི་འདུག

དེ་རིང་ཨ་རིའི་སྲིད་འཛིན་གྱི་སྐུ་ལྕམ་དང་པོའི་འབྲེལ་མཐུད་འགན་འཛིན་ལགས་ཀྱིས། སྐུ་ལྕམ་མཱེ་ལཱ་ནེ་ཡཱ་ཡིས་ཕོ་བྲང་དཀར་པོ་རང་གི་ནང་བྱས་ཏེ་སྲིད་འཛིན་མཉམ་དུ་བསྡད་ཡོད་པ་དང་། མོ་ཝ་ཤིན་ཊོན་ནས་འདུག་རྒྱུར་དགའ་བོ་ཡོད་པ་མ་ཟད། མོས་ཨ་རིའི་སྲིད་འཛིན་གྱི་སྐུ་ལྕམ་དང་པོའི་འགན་ཡོངས་རྫོགས་འཁུར་གྱི་ཡོད་པ་རེད། སྐུ་ལྕམ་གྱིས་རང་གི་མཚན་གནས་འོག་བྱིས་པ་ཚོར་རོགས་སྐྱོར་བྱེད་པའི་འཆར་གཞི་ཡོད་པ་ལས་དེབ་བཙོང་ནས་བསྡད་མེད་པ་རེད་ཅེས་ཨ་ཝེན་ན་ཊི་རུམ་ཕིས་དེབ་བཙོང་གི་ཡོད་པ་དེར་ཟུར་ཟ་བྱས་ཡོད་པ་དང་། ཡང་ཁོང་གིས། ཨ་ཝིན་ན་ཡི་སྐད་ཆ་དེ་དག་ནི་འབྲེལ་མེད་ཅིག་ཡིན་པ་གསལ་བོ་རེད་ལ། སྐད་ཆ་དེ་དག་ནི་རང་ཉིད་ཀྱི་མཐོང་སྣང་ཆེད་ཁོ་ན་ཞིག་རེད། ཅེས་བརྗོད་ཡོད་འདུག

ཊི་རུམ་ཕིར་ད་ལྟའི་ཆར་ཨ་རིའི་མི་མང་ཁྲོད་མཐོང་སྣང་མི་ལེགས་པ་ཤུགས་ཆེན་བྱུང་གི་ཡོད་པ་མ་ཟད། ཨ་རིའི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་ཁོང་གི་ཀུན་སྤྱོད་དང་བྱེད་སྟངས་མང་པོ་སྲིད་འཛིན་ཞིག་གི་ལས་སྟངས་མིན་པ་དང་། ཁོས་རང་ཉིད་ཀྱི་འདོད་པ་ཁོ་ན་སྒེར་གཅོད་བྱས་ཏེ་གཞུང་གི་ལས་མི་མང་པོ་གནས་དབྱུང་བཏང་བ་དང་། རང་ཉིད་མི་སྒེར་གྱི་རྩོད་རྙོག་མང་པོ་ཞིག་གཞུང་གི་ལས་གའི་ནང་དུ་འཁུར་ཡོང་གི་ཡོད་པའི་བསམ་ཚུལ་བྱུང་གི་ཡོད་པ་རེད།

ཡང་ཊི་རུམ་ཕིའི་བྱ་སྤྱོད་སྐོར་ལ་ཨ་ཝིན་ན་ཡིས། ཊི་རུམ་ཕི་ནི་མི་གུས་ཞབས་མེད་པ་ཞིག་དང་། མཚམས་རེར་ཁོས་བཤད་པའི་སྐད་ཆ་ནི་ཆོ་མེད་པ་རྐྱང་ཡིན་པ་རེད། ཁོས་རང་གི་ཁ་གཏད་ཀྱི་མི་ལ་གང་བྱུང་བཤད་ངེས་རེད། ཉེ་སྔོན་ཁོས་སྤྱི་ཚོགས་དྲ་ལམ་དུ་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་ལ་འཕུར་མདེལ་མི་ཆུང་ཞེས་བཤད་ཡོད་པ་རེད། གལ་ཏེ་ཁོས་འཕྲུལ་སྒྲའི་(Twitter)ངོས་སུ་སྐད་ཆ་བཤད་ན། འཛམ་གླིང་ཡོངས་ཀྱིས་ཁོའི་སེམས་ནང་དུ་ག་རེ་ཡོད་པ་ཧ་གོ་འགྲོ་བ་ཞིག་ཡོད་པ་རེད། ཅེས་བརྗོད་ཡོད་འདུག དེ་སྔོན་ཊི་རུམ་ཕིས་མོ་རང་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech)གྱི་ཨ་རིའི་གཞུང་ཚབ་ཏུ་བསྐོ་བཞག་བྱས་ཡོད་ཀྱང་མོས་དང་ལེན་བྱས་མེད་པ་རེད།

ཨ་ཝེན་ནཱ་ནི་ད་ལྟ་ལོ་ན་ ༦༨ ཡིན་པ་དང་། ཕྱི་ལོ་ ༡༩༧༧ལོར་ཊི་རུམ་ཕི་དང་གཉེན་སྒྲིག་བྱས་ཏེ། ཕྱི་ལོ་ ༡༩༩༢ ལོར་བཟའ་འཐོར་བྱུང་ཡོད་འདུག ད་ལྟ་ཁོང་གཉིས་ལ་བྱིས་པ་གསུམ་སྟེ། ད་ལྟའི་ཊི་རུམ་ཕི་ཡི་སློབ་སྟོན་པ་བུ་མོ་ཨ་ཝིན་ན་མཱ་རི་ཊི་རུམ་ཕི་(Ivanka Marie Trump)། ཊི་རུམ་ཕི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་བུ་ཇོན་ཊི་རུམ་ཕི་ཇིར་(Donald John Trump Jr)དང་(Eric Frederick Trump)ཨེ་རིག་ཧྥི་ཊི་རིག་ཊི་རུམ་ཕི་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༢༣ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 1

  1. སྟོབས་ཆེན། says:
    ལོ་ 9 སྔོན།

    དུས་བབ་ཚང་གིས་ངོ་དེབ་འདིའི་ནང་ལ་གཟིགས་དང་
    https://www.facebook.com/chung.tsering/posts/1663723543678670?pnref=story

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese