མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་ཚོཊ་ཆེན་ལ་ཚོགས་པ་ལྔས་ཐུན་མོང་གི་བསྒྲཊ་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་རྒྱ་ནག་དམར་ཤོག་གི་ཚོཊ་ཆེན་འཚོགས་རྒྱུ་ཡིན་པ་དང་བསྟུན་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་བོད་ནང་མུན་ནག་གི་ལོ་ཟླ་ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༡༠:༠༠་སྟེང་དྷ་ས་མེག་གྷན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའིོ་ཚོགས་པ་ལྔ་ཐུན་མོང་གིས། ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་འོག་བོད་ནང་མུན་ནག་གི་ལོ་ཟླ་ཞེས་པའི་བརྗོད་གཞིའི་ཐོག བོད་ཡིག་དང་དབྱིན་ཡིག ཧིན་རྡུ། རྒྱ་ཡིག་བཅས་སྐད་ཡིག་བཞིའི་སྒང་ནས་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་སོང་།

ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཐོག ཞི་ཅིན་ཕིན་གྱི་སྲིད་དབང་ལོ་ལྔའི་རིང་ལ་བོད་ནང་དམ་དྲག་ཤུགས་ཆེ་རུ་ཕྱིན་ཏེ། བོད་མི་ཚོ་བཙོན་འཇུག་ཁྲིམས་ཆད་དང་གདུག་རྩུབ་མནར་གཅོད་ཀྱི་སྲིད་ཇུས་ངན་རུ་སོང་ཡོད་པ། རྒྱ་ནག་གིས་དཔལ་འབྱོར་གྱི་གཡོ་ཐབས་ལ་བརྟེན་ནས་འཛམ་གླིང་རྒྱལ་སྤྱིའི་ཐོག་རྒྱ་ནག་དང་ཞི་ཅིན་ཕིན་འཛམ་གླིང་གི་དབུ་འཁྲིད་ཡིན་པའི་རྣམ་འགྱུར་སྟོན་བཞིོན་པ་དང་། མི་རིང་བར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩ པའི་ཚོགས་ཆེན་ཚོགས་ལ་ཉེ་སྟབས། བོད་ནང་སྲིད་ཇུས་དམ་དྲག་དང་གདུག་རྩུབ་མནར་གཅོད་ཀྱི་ལས་ཀ་མཚམས་མ་བཞག་བར་རྒྱ་ནག་དེ་འཛམ་གླིང་གི་སྣེ་འཁྲིད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་མི་ཐུབ་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད། ཅེས་བརྗོད་སོང་།

དེ་ཡང་བསྒྲགས་གཏམ་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་འཚོགས་བྱ་གྲབས་ཡོད་པའི་དུས་འདིར། འདས་པའི་མི་ལོ་ལྔ་ཡི་རིང་ཞི་ཅིན་ཕིན་གྱིས་སྲིད་སྐྱོང་དུས་ཡུན་དེའི་རིང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་མ་ཟད། ད་དུང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པའི་སྔ་ནུབ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོ་པས་སྲིད་སྐྱོང་བའི་ལོ་ངོ་ལྔ་ཡི་ནང་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུའི་ཚོད་དཔག་བྱེད་མཁན་སྣ་ཚོགས་བྱུང་ཡོད་ལ། དེ་བཞིན་བཙན་འོག་ཏུ་ཡོད་པའི་བོད་དང་ས་ཁུལ་གཞན་ཁག་གི་ཐོག་འཛིན་པའི་སྲིད་ཇུས་ལའང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུའི་རེ་སྒུག་བྱས་ཡོད་ཀྱང། ད་ཆ་འདས་པའི་ལོ་ངོ་ལྔ་ཡི་དོན་དངོས་ཀྱི་གནས་ཚུལ་ལ་ཕྱིར་མིག་ཅིག་བལྟས་ན། ཚོད་དཔག་དང་རེ་སྒུག་དེ་དག་ཚང་མ་འཇའ་ལྟར་ཡལ་བ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང། དེ་བཞིན་སྐད་ཡིག་དང་ཤེས་ཡོན་སློབ་གསོ། དྲ་རྒྱའི་རིག་གནས་སོགས་ཕྱོགས་ཡོངས་ཀྱི་ཐད་དེ་བས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཁོ་ན་ལས་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་བའི་ཟུར་ཙམ་ཡང་མཐོང་རྒྱུ་མེད།

ཡང་ཞིང་ཅིན་ཕིན་གྱིས་བོད་ཀྱི་སྤྱི་ཚོགས་དམ་དྲག་དང་བཀག་སྡོམ་བྱེད་ཕྱོགས་ཀྱི་ཐད། ཞི་ཅིན་ཕིན་གྱིས་རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་ཅེས་སྤྱི་ཚོགས་བརྟན་ལྷིང་ཟེར་བའི་མིང་ཐོག་ནས་བོད་ནང་དམ་དྲག་བྱེད་པའི་སྲིད་ཇུས་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་གལ་ཆེན་ནང་གི་དོན་ཆེན་ཡིན་པ་ནན་བཤད་བྱས་ཡོད། དེ་བཞིན་ཆོས་དད་རང་དབང་གི་ཐད་ནས་བཤད་ན། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཅོམ་བཏང་བ་དང་གྲྭ་རྒྱུན་ཉུང་འཕྲི་བྱས་ཏེ་རང་རང་སོ་སོའི་ལུང་པར་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ད་ལྟ་ཡོད་མུས་ཡིན་པ་དེ་དག་ཀྱང་དུམ་བུ་གཉིས་སུ་དབྱེ་ནས་ཁ་བྲལ་བཏང་བ། དགོན་པའི་འཛིན་སྐྱོང་གི་ལས་དོན་ཐད་ལའང་དམར་ཤོག་ཚོགས་པའི་ལས་བྱེད་པ་བཅའ་སྡོད་བྱས་ཏེ་ཁོ་ཚོའི་བཀའ་བཀོད་ལ་ཉན་དགོས་པའི་བཙན་བཀའ་བཏང་ཡོད། ཐ་ན་བོད་ནང་སྲོལ་རྒྱུན་ཆོས་ལུགས་ཀྱི་དུས་སྟོན་ལའང་དམ་དྲག་དང་གཞུང་གི་ལས་བྱེད་དང་སློབ་ཕྲུག་སོགས་ཀྱིས་དུས་ཆེན་དེ་ཚོའི་ནང་མཉམ་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད། སྲིད་ཇུས་འདི་དག་ནི་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་སྲིད་ཇུས་དང་གཅིག་མཚུངས་རེད། ཅེས་འཁོད་འདུག

མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པའི་སྐོར་ལ་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་ཚོགས་ཆེན་བཅུ་དགུ་པ་སྐོང་འཚོགས་བྱས་ཏེ།  ཞི་ཅིན་ཕིན་གྱིས་མགོ་འཁྲིད་པའི་རྒྱ་ནག་གི་དབང་འཛིན་པ་མི་རབས་དྲུག་པ་དེས་སྔར་བཞིན་དམ་དྲག་དང་བཙན་གནོན་རང་བཞིན་གྱི་སྲིད་ཇུས་དང་རྒྱ་སྐྱེད་རིང་ལུགས་ཁོ་ནའི་ཐོག་ཤར་བསྐྱོད་བྱ་རྒྱུ་ལས།  བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་སྟབས། ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་ཞི་ཡིས་སྲིད་སྐྱོང་བའི་མི་ལོ་ལྔ་ཡི་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡབ་བཤིག་དང་རང་དབང་ལ་ཚད་ལས་བརྒལ་བའི་དམ་དྲག་བྱས་པར་ངོ་རྒོལ་བྱ་རྒྱུ་མ་ཟད། བོད་ཀྱི་གནད་དོན་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ང་ཚོས་མཐར་ཕྱིན་པའི་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་འཁོད་འདུག

གསར་འགོད་ལྷན་ཚོགས་གྲོལ་བ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དྷ་ས་མེག་གྷན་གྱི་བཞི་མདོ་རུ། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱི་འདྲ་པར་གྱི་འཕྲད་དར་འཕྱར་ཏེ། འགྲམ་དུ་སེར་སྐྱ་གཉིས་ཀྱི་ལུས་ལ་ཁྲག་གིས་བརྫིས་ནས་འགྱེལ་བསྡད་པའི་འཁྲབ་སྟོན་བྱས་ཏེ། རྒྱ་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པ་མ་ཟད།  སྔར་བཞིན་དྲག་གནོན་དང་གདུག་རྩུབ་འོག་ཡོད་པའི་ཡིག་ཆ་ཞིག་ཀྱང་འགྲེམས་སྤེལ་གནང་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese