མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་ལ་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༡༧/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་པའི་རང་དབང་ཁྲིམས་རྩོད་པ་གསུམ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག

ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཆེད་འཛུགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྒྱའི་ཁྲིམས་རྩོད་པ་ཧོ་སྲི་གོན་(Hu Shigen)དང་། ཞེའུ་ཡཱང་(Xie Yang)། ཙོ་ཤི་ཧྥིན(Zhou Shifeng)གསུམ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་དང་སྦྲགས། རྒྱ་ནག་གཞུང་གིས་མུ་མཐུད་གནད་དོན་དེར་སྣང་མེད་བཏང་ན་གནོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གསལ་བསྒྲགས་ནང་། རྒྱ་ནག་གིས་ཉེས་མེད་ཀྱི་ཁྲིམས་རྩོད་པ་གསུམ་བཙོན་བཅུག་བྱས་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཡོད་པ་དང་། འདས་པའི་ལོ་འགའི་རིང་ནས་རྒྱ་ནག་གཞུང་ནས་བཙན་དབང་གིས་རང་ཉིད་ཀྱི་མི་སེར་མང་པོ་ཞིག་ཉེས་མེད་བཙོན་འཇུག་བྱས་ཡོད་ལ། དེ་ནི་ཁྲིམས་ལུགས་དང་མཐུན་པའི་བྱེད་སྟངས་ཤིག་མིན་སྟབས། རྒྱ་ནག་གཞུང་ལ་ཁོ་ཚོ་ཀློད་གྲོལ་དགོས་པའི་འབོད་སྐུལ་ཡང་ནས་བསྐྱར་དུ་བྱས་ཡོད་ཀྱང་། སྣང་མེད་གཏོང་གི་ཡོད་པས་རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་ཇེ་ཆེར་གཏོང་སྲིད་སྐོར་བརྗོད་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་དཔྱད་བརྗོད་སྤེལ་བའི་ནང་། དམར་ཤོག་ཚོགས་པའི་ཚོགས་ཆེན་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་ཞི་ཅིན་ཕིན་གྱིས་ཆུ་ཚོད་ ༣།༣༥ རིང་གཏམ་བཤད་རིང་པོ་བྱས་ཡོད་ཀྱང་།  གཏམ་བཤད་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་དང་རྒྱ་ནག་ནང་གི་ཉེས་མེད་མི་སེར་སྟོང་ཕྲག་མང་པོ་བཙོན་འཇུག་སྐོར་ལ་ཡག་སྡུག་གི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་སྐོར་བརྗོད་འདུག

ཁྲིམས་ལུགས་རང་དབང་ལས་འགུལ་བ་ཧོ་སྲི་གོན་གྱིས་རྒྱལ་ཁབ་མགོ་གཏིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་བདུན་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཞེའུ་ཡཱང་ལ་སྤྱི་ཚོགས་དྲ་རྒྱ་བརྒྱུད་སྤྱི་དམངས་བདེ་འཇགས་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག  ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་ནང་མི་ཚོས་རྒྱ་གཞུང་གིས་ཞེའུ་ལ་གཅར་རྡུང་དང་མནར་གཅོད་བཏང་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་ཁྲིམས་ལུགས་ཚན་པའི་འགན་འཛིན་ཙོ་ཤི་ཧྥིན་ནི། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་མཁན་གྲགས་ཆེན་ཞིག་ཡིན་པ་དང་། ཁོང་ལའང་སྤྱི་ཚོགས་དཀྲོག་གཏམ་སྤེལ་ནས་སྤྱི་དམངས་བདེ་འཇགས་ལ་གཏོར་བཤིག་བཏང་ཡོད་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    བྱ་སྔ་བྱ་ཡིན་ན་ཕྱི་དྲག་བྱུང་།
    བྱ་ཕྱི་བྱ་ཡིན་ན་སྔ་དྲག་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese