མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་དབུས་རྒྱུན་གྱི་གནད་ཡོད་དཔོན་རིགས་བདུན།

བོད་ཀྱི་དུས་བབ།
༢༠༡༧/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཝང་ཡཱང་རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་མགོ་འཁྲིད་དུ་བསྐོ་འཆར་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་ཀྱི་ཝང་ཡཱང་ (Wang Yang) ཟེར་བ་དེ། ལས་ཐོག་སྲིད་བློན་གཞོན་པ་ཀྲུང་གོ་ལི་ (Zhang Gaoli) ཡི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་ (Han Zheng) ཟེར་བ་དེ། རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་མགོ་འཁྲིད་ཡུའུ་ཀྲིན་ཧྲིན་ (Yu Zhengsheng) གྱི་ཚབ་ཏུ་བསྐོ་བཞག་བྱ་འཆར་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་བརྒྱུད་གསར་དུ་བསྐོ་བཞག་བྱ་འཆར་ཡོད་པའི་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་གནད་ཡོད་དཔོན་རིགས་བདུན་ནི། སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) དང་སྲིད་བློན་ལེ་ཁི་ཆཱང་ (Li Keqiang) གཉིས་གཙོས་པའི་རྒྱ་ནག་དམར་ཤོག་དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲོ་ལི་ཅི་ (Zhao Leji) དང་། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་ལི་ཀྲན་ཧྲུའུ་ (Li Zhanshu)། དབུས་སྲིད་ཇུས་ཉམས་ཞིབ་ཁང་གི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་ཁྱོན་ཡོངས་ནས་གཏིང་ཟབ་བཅོས་སྒྱུར་སློབ་སྟོན་ཚོགས་ཆུང་གི་དྲུང་ཆེ་ཝང་ཧུ་ནིན་ (Wang Huning)། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་ཀྱི་ཝང་ཡཱང་ (Wang Yang) དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་ (Han Zheng) བཅས་ཆགས་ཀྱི་ཡིན་འདུག

ཝང་ཡཱང་ནི་སུའུ་ཀྲུག་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་ཁུངས་སུ་ཞུགས། ༡༩༧༩ ལོ་ནས་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་ཏུན་ཞོ་ཕིན་གྱི་དཔལ་འབྱོར་བཅོས་སྒྱུར་སྐོར་ལ་སློབ་གཉེར་བྱས་ཤིང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་རྒྱ་ནག་ཁྲིན་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས། ༢༠༡༣ ལོའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་སུ་བདམས་པ་དང་། ཁོའི་ལས་དོན་གཙོ་བོ་ནི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་ཀྱི་རྒྱལ་དོན་སྐོར་སྐྱོད་ལས་དོན་གྲ་སྒྲིག་དང་། ཞི་ཅིན་ཕིན་གྱི་བསམ་བློའི་ལས་དོན་ལག་བསྟར་བྱ་རྒྱུ་བཅས་ཡིན་འདུག

དེ་བཞིན་ཧན་ཀྲིང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ངལ་རྩོལ་བསྒྱུར་བཀོད་ལས་འགུལ་ནང་ཞུགས་པ་དང་། ༡༩༧༩ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཁོས་རྒྱ་ནག་ཤར་རྒྱུད་དགེ་འོས་སློབ་ཆེན་ནང་དཔལ་འབྱོར་རིག་པའི་སྐོར་ལ་སློབ་གཉེར་བྱས་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་། ༡༩༩༧ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི། ༡༩༩༨ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁབ་གཞོན་པ། ༢༠༠༢ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ། ༢༠༠༦ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་བཅས་སུ་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་ཡི་སྲིད་དབང་སྐབས། ཁོས་ཧྲང་ཧེ་གྲོང་ཁྱེར་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་དང་དྲག་གནོན་བྱས་པ་བརྒྱུད་ཧུའུ་ཅིན་ཐོ་ཡི་བློས་ཐུབ་དཔོན་རིགས་སུ་གྱུར་བར་མ་ཟད། ཞི་ཅིན་ཕིན་དང་ཡུའུ་ཀྲིན་ཧྲིན་བཅས་ཀྱི་དབུ་ཁྲིད་འོག ཁོས་རང་ཉིད་རྒྱ་ནག་དམར་ཤོག་གཞུང་ལ་བློ་སེམས་དཀར་བ་མངོན་འགྱུར་བྱས་པ་བརྒྱུད། ༢༠༡༢ ལོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་ཚོགས་མིའི་གྲས་སུ་བསྐོ་བཞག་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༡ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 5

  1. རྒྱུད་གྲྭ་བློ་བཟང་དབང་འངུས། says:
    ལོ་ 9 སྔོན།

    གལ་ཏེ་ བོད་དེ་ རྒྱ་ཡི་ཆ་ཤས་ཡིན་ན་ ད་བར་ལོ་ངོ་ ༦༠ ནང་ རྒྱ་ནག་གི་འགོ་ཁྲིད་ནང་ བོད་པ་གཅིག་དང་ལོས་ཡོང་དགོས། མི་རིགས་འདྲ་མཉམ། སྙེམ་ཆུང་ཕ་མ། ཚིག་དེ་ རླུང་དམར་གྱི་གར་སོང་ཆ་མེད་དུ་སོང་། དོན་དམ་པའི་གུང་ཕྲན། ཇག་པའི་རིང་ལུགས་གཞུང་། བརྩི་མཐོང་བརླགས་པའི་འགོ་ཁྲིད། རིན་ཐང་མེད་པའི་དཔོན་པོ། ཁ་སང་ ཅོ་ ཞི་ཅིན་ནས་་་ བཀའ་སློབ་་་་ རྒྱ་ནག་མི་མང་ནས་ སྲིད་གཞུང་ལ་ ཡིད་ཆེས་དང་བློ་གཏད་དགོས་ཟེར་ བཀའ་ཁྱབ་བཏང། བཀའ་ཁྱབ་བཏང་དུས་ རྒྱ་དམར་འགོ་ཁྲིད་ཚོ་སྤུས་ཀ་གང་འདྲ་ཞིག་ལ་སླེབ་ཡོད་དམ། རྒྱ་ནག་མིན་པའི་རྒྱལ་ཁབ་གཞན་མས་ མི་དམངས་ལ་ སྲིད་གཞུང་ལ་ ཡིད་ཆེས་དང་རྩི་བསྐུར་ཞུ་དགོས་ བཀའ་ཁྱབ་བཏང་མྱོང་ཡོད་དམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་དེ་སྔོན་དམངས་གཙོའི་གསར་ཤོག་སྐུ་འཁྲུངས་ནས་དུས་ཐུང་ནང་འགྲོ་དོན་རྫོགས་ནས་དེའི་ཡང་སྲིད་ད་ལྟའི་དུས་བབ་གསར་ཤོག་སྐུ་འཁྲུངས་ནས་ད་ལྟའི་ཆ་ལ་འགྲོ་དོན་སྐྱོང་བཞིན་པ་དང་ལོ་རབས་བརྒྱད་བཅུའི་ནང་མ་ཁྱོགས་དྲང་ཐིག་སྐུ་འཁྲུངས་ནས་བཙན་བྱོལ་སྤྱི་ཚོགས་ནང་མི་ཚང་མ་གཉིད་ལས་སད་ཐུབ་པ་ཙམ་ལས་རྒྱུན་རིང་འཚོ་ཐུབ་པའི་ནུས་པས་མ་ལྡང་ནས་ཡང་སྲིད་ངོས་འཛིན་གནང་མཁན་མེད་སྟབས་མ་ཁྱོགས་དྲང་ཐིག་གི་སྒྲུང་རྫོགས་པ་དང་ཟླ་གསར་དུས་དེབ་ཇདང་གཏམ་ཚོགས་སོགས་གཞི་རིམ་མི་མང་གི་འཚོ་ལ་འགན་སྲུང་ཐུབ་པའི་གསར་ཤོག་དང་གསར་དེབ་།
    །སོགས་ག་འདྲཡོད་མེད་མི་ཤེས་ཀྱང་ལྷིངས་འཇག་ཅན་གྱི་བཙན་བྱོལ་སྤྱི་ཚོགས་ནང་ཟང་ཟིང་དང་འར་འུར་མང་ཙམ་གླེང་ཡོད་པ་དེ་ནི་དངོས་ཡོད་རིག་པ་སྨྲ་བའི་བདེན་གཏམ་ཞིག་མིན་པ་ཡིན་ནམ་།

    Reply
  3. ལྷ་ལུང says:
    ལོ་ 9 སྔོན།

    ཝང་ཡཱང་ནི་སུའུ་ཀྲུག་གྲོང་ཁྱེར་གྱི་མི་ཡིན་པ་དང་།……………
    དེ་བཞིན་ཝང་ཡཱང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་།
    (དེ་བཞིན་ཝང་ཡཱང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་།. འདི་ དེ་བཞིན་ཧན་གྲང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་་་་འདི་ཡིན་རྒྱུ་རེད་པ་

    Reply
  4. དམར་པོ། says:
    ལོ་ 9 སྔོན།

    བོད་ཀྱི་དུས་བབ་དུས་ལ་བབ་ན་ངོ་མཚར་འདུག རྒྱ་ནག་དམར་ཤོག་ཚང་གི་ཚོགས་ཆེན་མགོ་མཇུག་མེད་པར་བཏང་པར་ཐུགས་རྗེ་ཆེ། བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་ནང་འཁྲུག་མ་གཏོགས་གང་ཡང་འཇོན་གྱི་མི་འདུག ད་ལྟ་འི་ཆར་བཙན་བྱོལ་ནས་དུས་བབ་ཚང་མེད་ན་བོད་ཀྱི་གསར་ཁང་ཚང་བཀྲིས་བདེ་ལེགས་རེད་འདུག དུས་བབ་ཚང་གི་མགོ་ལས་ཡོངས་ལ་ཐུགས་རྗེ་ཆེ།

    Reply
  5. Thupten says:
    ལོ་ 9 སྔོན།

    གནས་ངོ་མ་ཡག་པོ་བཀོད་འདུག་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese