མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ཁབ་ཟེར་མཁན་ལ་སྐྱོན་བརྗོད་ཞིབ་བཤེར་བྱས།

བོད་ཀྱི་དུས་བབ།
༢༠༡༨/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

འགྲུལ་བ་སྣེ་ལེན་ཞབས་ཞུ་ཚོང་གཉེར་ཁང་ཞིག་གིས་བོད་དང་ཐའེ་ཝན་སོགས་ནས་ཡིན་པའི་མགྲོན་ཁང་མངགས་གཏོང་བ་ཚོར་ཐོ་འགོད་བྱེད་སྐབས་བོད་དང་ཐའེ་ཝན་ཞེས་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་དེར་རྒྱ་གཞུང་གིས་སྐྱོན་འཛུགས་ཆེན་པོ་བྱས།བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་འགྲུལ་བ་སྣེ་ལེན་ཞབས་ཞུའི་ཚོང་གཉེར་ཁང་མཱ་རོ་ཊི་(Marriott)ཡིས། རྒྱ་ནག་ནང་ཡོད་པའི་ཁོ་རང་ཚོའི་མགྲོན་ཁང་ ༡༠༠ ལྷག་གི་དྲ་རྒྱའི་སྟེང་བོད་དང་། ཐའེ་ཝན། ཧོང་ཀོང་། དེ་བཞིན། མ་ཁོ་བཅས་རྒྱལ་ཁབ་ལ་ངོས་འཛིན་བྱས་ཏེ། མགྲོན་ཁང་མངག་གཏོང་མཁན་ཚོར་དེ་བཞིན་ཐོ་འགོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་འགྲུལ་བ་སྣེ་ལེན་ཞབས་ཞུ་ཚོང་གཉེར་ཁང་དེས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྡོག་རོལ་བཏང་བའི་སྐྱོན་བརྗོད་བྱས་པ་མ་ཟད། ཚོང་གཉེར་ཁང་དེའི་མགྲོན་ཁང་ཁག་ལ་ཞིབ་བཤེར་དང་དྲ་རྒྱའི་སྒོ་བརྒྱབས་ཏེ་བདུན་གཅིག་ཕྱིན་རྗེས། ཚོང་གཉེར་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་གཞུང་ལ་དགོངས་སེལ་ཞུས་ཡོད་འདུག

ཁ་སང་ཨ་རིའི་ཚོང་གཉེར་ཁང་དེའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཨར་ནེ་སོ་རེ་ཟན་(Arne Sorenson)ལགས་ཀྱིས། བདུན་འདིའི་ནང་ང་ཚོའི་ཚོང་གཉེར་ཁང་གི་ལས་དོན་སྒྲུབ་ཕྱོགས་ལ་ནོར་འཁྲུལ་རེ་ཟུང་བྱུང་སྟེ། རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་པ་ལྟ་བུ་ཆགས་ཡོད་ཀྱང་། ང་ཚོས་རྒྱ་ནག་ནང་ཁུལ་གྱི་མཐུན་སྒྲིལ་ལ་རྒྱབ་སྐྱོར་དང་གུས་ཞབས་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་ནང་གི་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བའི་ཁ་བྲལ་གྱི་མི་སྒེར་ཚོགས་སྡེ་གཅིག་ལའང་རྒྱབ་སྐྱོར་བྱེད་ཀྱིན་མེད་ཅེས་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་ཡོད་པ་དང་སྦྲགས། དགོངས་སེལ་ཞུ་ཡིག་ནང་ཐེངས་འདིའི་གནས་ཚུལ་དང་འབྲེལ་ཡོད་ཀྱི་ལས་མི་སུ་ཞིག་ཡིན་རུང་མགྲོན་ཁང་གི་སྒྲིག་ཁྲིམས་གཞིར་བཞག་ཐོག་ཉེས་ཆད་གཅོད་རྒྱུ་ཡིན་པ་མ་ཟད། མཐའ་ན་ལས་གནས་ནས་གནས་དབྱུང་གཏོང་སྲིད་སྐོར་སོགས་བརྗོད་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་གཉེར་ཁང་དེར་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཝི་པོ་སོགས་ཀྱི་སྟེང་མི་མང་པོ་ཞིག་གིས། ཨ་རིའི་ཚོང་གཉེར་ཁང་དེར་སྐྱོན་བརྗོད་བྱས་ཏེ་མགྲོན་ཁང་མངག་གཏོང་མཚམས་འཇོག་བྱ་དགོས་པའི་ཉེན་བརྡ་གཏོང་གི་ཡོད་པ་དང་། ཧྲང་ཧེ་དྲ་རྒྱ་དོ་དམ་ཁང་ནས་ཨ་རིའི་ཚོང་གཉེར་ཁང་དེའི་རྒྱ་ནག་ནང་ལོགས་ཀྱི་དྲ་ཐོག་ཚོང་ལས་གཙོས་པའི་ཚོང་ལམ་ཡོངས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། མི་མང་ལ་ཐེངས་འདིའི་ནོར་འཁྲུལ་ཁ་གསལ་བཟོ་དགོས་པའི་འོས་འགན་ཡོད་སྐོར་བརྗོད་འདུག་ལ། ཚོང་གཉེར་ཁང་དེས་ཕྱི་ཕྱོགས་སུ་སྐྱོད་མཁན་རྒྱ་ནག་གི་མི་སེར་ཚོ་དམིགས་འབེན་གཙོ་བོར་བཟུང་སྟེ་ཞབས་ཞུའི་ཁེ་ལས་གཉེར་གྱི་ཡོད་འདུག

ཚོང་གཉེར་ཁང་གི་སྤྱི་ཁྱབ་སྐུ་ཞབས་སོ་རེན་སན་ཟན་ལགས་ཀྱིས་རྒྱ་ནག་ནི་ཁོའི་ཁྲོམ་ར་ཆེ་ཤོས་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ན་ནིང་ཚོང་གཉེར་ཁང་དེས་རྒྱ་ནག་གི་དྲ་ཐོག་ཚོང་གཉེར་ཁང་ཆེ་ཤོས་ཨ་ལི་བྷ་བྷ་དང་ལྷན་དུ་མཉམ་འབྲེལ་འགྲིམ་འགྲུལ་ལྟེ་གནས་ཁང་ཞིག་གསར་དུ་བཙུགས་ཡོད་པ་དང་། ད་ལྟ་རྒྱ་ནག་ནང་མགྲོན་ཁང་ཁག་ ༡༠༠ ལྷག་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱས་སྤྲོས་ལྡན་པའི་མགྲོན་ཁང་སྟོང་ཕྲག་ ༤ ལྷག་ཡོད་ཅིང་། དེ་སྔོན་ཚོང་གཉེར་ཁང་དེར་ཞབས་ཞུ་ཚད་ལྡན་གྱི་གཟེངས་རྟགས་ཐོབ་ཡོད་པ་སོགས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེན་པོ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧
Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

༢༠༢༦/༡༠/༠༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

༢༠༢༦/༡༠/༠༦
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese