མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སམ་སང་གི་སྤྱི་གཉེར་བ་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་གློག་ཆས་བཟོ་ཚོང་ཁང་ཆེ་ཤོས་སམ་སང་གི་སྤྱི་གཉེར་བ་ལི་ཅེ་ཡོན་གྱི་ཁྲིམས་ཆད་ཕྱིར་འགྱང་ཆག་ཡང་བཏང་སྟེ་ཁ་སང་ཀློད་གྲོལ་བཏང་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་ ༨ ཚེས་ ༥ ཉིན་སྐབས་དེར་ལྷོ་ཀོ་རི་ཡའི་སམ་སང་གློག་ཆས་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་སྤྱི་གཉེར་བ་གཅིག་ལྕོགས་ལི་ཅེ་ཡོན་གྱིས། ཡུལ་དེའི་སྲིད་འཛིན་ཟུར་པ་ཕག་ཅིན་ཧའེ་ལ་ལྐོག་རྔན་སྤྲད་པ་དང་། བཟོ་གྲྭའིི་སྤྱི་རྒྱུ་ཧམ་བཟུང་བྱས་པའི་ཉེས་མིང་འོག་ལོ་ ༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། སམ་སང་ཚོང་གཉེར་ཁང་ནས་ལྷོ་ཀོ་རི་ཡའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་བརྒྱུད། ཁྲིམས་ཁང་གིས་ལི་ཅེ་ཡོན་དང་ཁོའི་ལས་རོགས་བཞིའི་བཙོན་འཇུག་དུས་ཡུན་ཕྱེད་ཀ་མར་བཅག་པ་དང་། ལྐོག་རྔན་སྤྲོད་ལེན་བྱས་པའི་ཉེས་ཆད་ལོ་བཞིར་ཕྱིར་འགྱང་བྱས་ཏེ་ཁ་སང་ལི་ཅེ་ཡོན་དང་གཞན་མི་གཉིས་བཅས་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

སྤྱི་གཉེར་བ་ལི་བཙོན་གྲོལ་ཐོབ་རྗེས་ཁོའི་ཁྲིམས་རྩོད་པ་སོན་ཝོ་ཆོལ་(Song Wu-Cheol)གྱིས། སྐུ་ཞབས་ལི་ཡིས་ཁྲིམས་ཁང་ནས་ཐོ་འགོད་བྱས་ཡོད་པའི་རང་ཉིད་ཀྱི་ནག་ཉེས་ཁག་དག་སེལ་ཡོང་ཆེད། བསྐྱར་དུ་ཁྲིམས་རར་ཞུ་གཏུག་བྱ་རྒྱུའི་འཆར་གཞི་བཟོ་ཡི་ཡོད། ཅེས་བརྗོད་ཡོད།

ལི་ཡིས་ལྷོ་ཀོ་རི་ཡའི་གཞུང་འཛིན་མཐོ་རིམ་མི་སྣར་ལྐོག་རྔན་སྤྲད་པའི་གསང་བ་ཕྱིར་ཤོར་ཏེ། སྐབས་དེའི་ལྷོ་ཀོ་རེ་ཡའི་སྲིད་འཛིན་ལྕམ་ཕག་ཅིན་ཧའེ་ཡིས་ཁོའི་ལག་ནས་ལྐོག་རྔན་འབོར་ཆེན་ཞིག་བླངས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། ལི་ཅེ་ཡོན་ནི་སམ་སང་ཚོང་གཉེར་ཁང་བཙུགས་ནས་ལོ་ ༨༠ མ་ཟིན་ཙམ་གྱི་རིང་སྤྱི་གཉེར་བ་ཞིག་བཙོན་ཁང་ནང་བསྡད་པ་ཐོག་མ་དེ་ཆགས་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ལྷོ་ཀོ་རི་ཡའི་ནང་ཕྱུག་བདག་བཙོན་འཇུག་བྱས་པ་ཧ་ཅང་ཉུང་ཉུང་ཡིན་འདུག ལི་ཡི་ཨ་ཕ་ལིའི་ཀོན་ཧེ་(Lee Kun-hee)ལ་ཁྲིམས་འགལ་གྱི་གནད་དོན་ཐེངས་གཉིས་བྱུང་ཡོད་པ་དང་། དེ་བཞིན། ལི་ཡི་སྤོ་ལགས་ལི་ཆན་ཝོ་(Lee Chan-woo)ཡིས་ཀྱང་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་བྱུང་ཡོད་ཀྱང་། ཁོ་གཉིས་ཀ་བཙོན་འཇུག་བྱས་མེད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༡༦ ལོར་ལྷོ་ཀོ་རི་ཡའི་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ཡུལ་དེའི་ནང་ལྐོག་ཟ་རུལ་སུངས་ཚར་གཅོད་གཏོང་དགོས་པའི་ལས་འགུལ་སྤེལ་རྗེས། སྲིད་འཛིན་ཟུར་པ་ཕག་ཅིན་ཧའེ་དང་ལི་ཅེ་ཡོན་གཉིས་སྔ་གཞུག་ཏུ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་མི་མང་ལས་འགུལ་བའི་གྲུབ་འབྲས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་ནང་གློག་ཆས་ཚོང་གཉེར་ཁང་ཆེ་ཤོས་སུ་གྱུར་བའི་སམ་སང་གི་སྤྱི་གཉེར་བ་ལི་ཀོན་ཧེ་ལ་སྙིང་ནད་ཕོག་རྗེས། བུ་ལི་ཅེ་ཡོན་གྱིས་མ་རྩ་ཨ་སྒོར་ཐེར་འབུམ་ ༧།༩ ལྷག་ཡོད་པའི་ཁྱིམ་རྒྱུད་ཚོང་ལས་རྒྱུན་འཛིན་གྱིས་སྤྱི་གཉེར་བ་དང་སྤྱི་ཁྱབ་འགན་འཛིན་གཞོན་པའི་འགན་འཁུར་ཡོད་པ་དང་། ལི་ཅེ་ཡོན་ད་ལྟ་རང་ལོ་ ༤༩ ཡིན་ཞིང་། ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ད་ལྟ་ཁོང་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese