མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེགས་བཤད་དུམ་བུ་བཀོད་པར་དགོངས་དག་ཞུས།

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་གྱི་རླངས་འཁོར་བཟོ་གྲྭ་ཞིག་གི་རླངས་འཁོར་ཁྱབ་བསྒྲགས་དང་མཉམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལེགས་བཤད་གསུང་དུམ་ཞིག་བཀོད་པར་བརྟེན་ཁ་རྡུང་དྲག་པོ་བཏང་ནས་དགོངས་དག་ཞུ་དགོས་ཁེལ་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་འཇར་མན་གྱི་རླངས་འཁོར་བཟོ་གྲྭ་མེར་སི་ཌིར་སིའི་(Mercedes)་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་(Instagram)ཐོག་བཟོ་གྲྭ་དེའི་རླངས་འཁོར་ཞིག་ཁྱབ་བསྒྲགས་བཏང་བ་དང་སྦྲགས། ༧གོང་ས་མཆོག་གི་ལེགས་བཤད་གསུང་དུམ་ཞིག་བཀོད་པ་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ནས་ཁ་རྡུང་ཤུགས་ཆེན་བཏང་བར་བརྟེན། ཁ་སང་ཕྱི་ཚེས་༦ ཉིན་རླངས་འཁོར་བཟོ་གྲྭ་དེས་རྒྱ་ནག་མི་མང་ལ་དགོངས་དག་ཞུས་ཡོད་འདུག

བཟོ་གྲྭ་ཁང་དེས་ཁྱབ་བསྒྲགས་མཉམ་དུ་བཞག་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལེགས་བཤད་དེ་ནི། གནས་སྟངས་ལ་ཕྱོགས་ཡོངས་ནས་ལྟོས་དང་ཁྱེད་རང་གི་མཐོང་རྒྱ་ཇེ་ཡངས་སུ་འགྲོ་བ་རེད། ཅེས་གསུངས་པ་དེ་ཡིན་ཞིང་། ལེགས་བཤད་གསུང་དུམ་དེ་ནི་སྤྱིར་བཏང་གི་ལམ་སྟོན་བཀའ་སློབ་ཅིག་ཡིན་པ་ལས་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་བཀོད་པ་ཙམ་གྱིས་མ་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་འདུག

བཟོ་གྲྭ་དེས་དགོངས་དག་ཞུ་ཡིག་ནང་དུ། ང་ཚོའི་གཞུང་འབྲེལ་སྤྱི་ཚོགས་དྲ་བའི་སྟེང་ཧ་ཅང་ནོར་འཁྲུལ་ཆེ་བའི་ཡི་གེ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དེ་རིང་ཞོགས་པར་ཤེས་རྟོགས་བྱུང་བ་དང་། དེ་མ་ཐག་བསུབས་ཟིན་པ་མ་ཟད། གནད་དོན་དེར་སེམས་གཏིང་ནས་དགོངས་དག་ཞུ་བཞིན་ཡོད། གནད་དོན་དེས་ང་ཚོའི་ལས་རོགས་རྣམས་ཚུད་པའི་རྒྱ་ནག་མི་མང་གི་སེམས་ཁམས་ལ་ཕོག་ཐུག་དང་གནོད་པ་ག་ཚོད་བཟོས་ཡོད་མེད་གསལ་བོར་ཤེས་སོང་སྟབས། རྗེས་ཕྱོགས་དེ་ལྟར་གཏན་ནས་མི་ཡོང་བའི་དམ་བཅའ་བཞག་པ་ཡིན། ཞེས་འཁོད་འདུག

རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པའི་གཏམ་གྱི་ཁ་བྱང་དུ། མེར་སི་ཌི་སི་བྷན་ཛི(Mercedes-Benz)་ང་ཚོ་རྒྱ་ནག་མི་མང་ཁྱོད་རང་གི་དགྲ་བོ་བཟོས་སོང་ཞེས་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཝེ་པོ་གཙོ་བོར་གྱུར་བའི་སྤྱི་ཚོགས་དྲ་ལམ་ཕལ་ཆེ་བའི་ཐོག་མི་མང་གིས་བཟོ་གྲྭ་དེར་སྡུག་དམོད་དང་ཚིག་རྩུབ་སྣ་ཚོགས་སྤེལ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་བཟོ་གྲྭ་དང་ཁེ་ལས་ཁང་། དེ་བཞིན་གྲགས་ཅན་སྒྱུ་རྩལ་བ་དང་ཤེས་ཡོན་པ་སོགས་ལ་སྐྱོན་བརྗོད་དང་བཀག་སྡོམ་བྱས་པའི་གནད་དོན་ཐེངས་མང་བྱུང་ཡོད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་མྰ་རོ་ཊི་རྒྱལ་སྤྱིའི་མགྲོན་ཁང་(Marriott)དང་། ཨ་རིའི་མཁའ་ལམ་ཞབས་ཞུ་ཁང་(DeltaAirLines)གཉིས་ཀྱིས། བོད་དང་ཐའེ་ཝན། ཧོང་ཀོང་སོགས་རྒྱལ་ཁབ་ཀྱི་ཐོ་ཁོངས་སུ་བཅུག་པར་བརྟེན། རྒྱ་ནག་གཞུང་འབྲེལ་དྲ་ལམ་དང་སྤྱི་ཚོགས་དྲ་ལམ་ནས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་ཤུགས་ཆེན་བྱས་རྗེས། རྒྱ་ནག་གཞུང་དང་རྒྱ་ནག་མི་མང་ལ་དགོངས་དག་ཞུ་དགོས་ཁེལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    རྐུ་མ་ཧམ་ཆེན་མི་གསོད་ཇག་པ་ཧམ་ཆེན་སྡེ་བཅོམ་ཟེར་བ་ལྟར་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་དེ་ཚོང་གི་མཁེ་ལས་གཙོ་བོར་ཉར་ནས་འཛམ་གླིང་ལ་གནོན་ཤུགས་སྤྲོད་བཞིན་པ་དང་ད་ལམ་མེར་སི་ཌེན་སི་བཟོ་གྲ་ནས་དང་པོ་གོང་ས་མཆོག་གི་བཀའ་སློབ་བཀོད་རྒྱུ་དེ་ཡང་བཟོ་གྲའི་ཚོང་འགྲིམས་མཁེ་ཕན་ལ་དམིགས་པ་ཞིག་ཡིན་པ་དང་མཐའ་མར་ཕྱི་འཐེན་དང་རྒྱ་ནག་ལ་དགོང་སེལ་ཞུ་རྒྱུ་དེ་ཡང་ཚོོང་གི་ཆེད་དུ་ཡིན་པ་དང་འཛམ་གླིང་རྒྱལ་ཁབ་ཚང་མས་ཚོང་འབྲེལ་སྲིད་ཇུས་འོག་ནས་རྒྱལ་ནང་གི་དཔལ་འབྱོར་དང་ཆབ་སྲིད་འཁོར་ཡུག་སྲུངས་སྐྱོབས་སོགས་བརྟན་སྲུངས་བྱེད་བཞིན་པའི་དུས་རབས་ནང་ང་ཚོའི་སོ་སོའི་རྐང་པའི་སྟེངརང་ཉིད་ལངས་ཐུབ་པའི་འགན་འཁུར་ལེན་ཐུབ་པའི་དུས་རབས་ནང་ང་སླེབས་ཡོད་ན་ཕྱིའི་རྒྱལ་ཁབ་ལ་ང་ཚོའི་རེ་སྟོངས་བཅོལ་རྒྱུའི་བསམ་བློ་དེ་དོར་བོད་ཡུལ་བོད་མིའི་བདག་བཟུང་ཐུབ་པའི་བསམ་བློ་གསར་པ་དང་འཆར་གཞི་གསར་པ་ལས་འགུལ་གསར་ཁ་ཕྱོགས་གསར་པ་རྒྱུད་ནས་འགྲོ་དགོས་པའི་དུས་ལ་སླེབས་པ་མ་རེད་དམ་།

    Reply
  2. ཆོས་དབྱིངས་བསྟན་འཛིན། says:
    ལོ་ 8 སྔོན།

    ཡིན་ཡིན་པ་རེད་ཡ། བཟོ་གྲ་ཚོ། ཁེ་བཟང་མ་གཏོགས་ག་རེ་དྲན་རྒྱུ་ཡོད་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese