མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ཡིག་པ་ཀི་སི་ཐན་གྱི་གཞུང་འབྲེལ་སྐད་ཡིག་ཆཊ།

བོད་ཀྱི་དུས་བབ།
༢༠༡༨/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་གོང་སྤེལ་ཆེད་པ་ཀི་སི་ཐན་གྲོས་ཚོགས་ཀྱིས་རྒྱའི་སྐད་ཡིག་ཡུལ་དེའི་གཞུང་འབྲེལ་སྐད་ཡིག་ཏུ་གཏན་འབེབས་བྱས་ཡོད་འདུགརྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཉེ་སྔོན་ཚོགས་པའི་པ་ཀི་སི་ཐན་གྲོས་ཚོགས་ཀྱིས་རྒྱའི་སྐད་ཡིག་དེ་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་གཏན་འབེབས་བྱས་ཡོད་པ་དང་། པ་ཀི་སི་ཐན་གཞུང་གིས་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱས་པའི་སྐད་ཡིག་བཞི་ནི་ཡུལ་མིས་རྒྱུན་སྤྱོད་གཏོང་གི་མེད་པའི་སྐད་ཡིག་རྐྱང་རྐྱང་ཡིན་འདུག

པ་ཀི་སི་ཐན་ནང་ཆེས་ཁྱབ་ཚད་ཆེ་བའི་སྐད་ཡིག་ནི་པན་རྗབ(Punjabi)ཀྱི་སྐད་ཡིག་ཡིན་པ་དང་། དེ་བཞིན་པྰ་ཤི་ཊོ(Pashto)སྐད་ཡིག་སོགས་ཡུལ་མི་ཚོས་རྒྱུན་སྤྱོད་ཀྱི་སྐད་ཡིག་གཞན་མང་པོ་ཡོད་ན་ཡང་། སྐད་ཡིག་དེ་དག་ལས་གཅིག་ཀྱང་པ་ཀི་སི་ཐན་གཞུང་འབྲེལ་སྐད་ཡིག་ལ་ངོས་འཛིན་བྱས་མེད་པ་རེད།

པ་ཀི་སི་ཐན་གྱི་ཨ་བྷ་ཊེག(AbbTakk)ཅེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་ཆོད་དེའི་ནང་གོམས་སྟབས་འདི་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་མེད་ཐབས་མེད་པ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་སྔར་བཞིན་གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་པ་དང་། གནས་སྟངས་དེས་རྒྱ་ནག་དང་པ་ཀི་སི་ཐན་གྱི་མི་མང་ཚོར་དཔལ་འབྱོར་མཉམ་ལས་ལ་འབྲེལ་མཐུད་རོགས་རམ་དང་ཕན་ཚུན་འབྲེལ་འདྲིས་ལས་སླ་རུ་ཡོང་ཆེད་རྒྱ་ཡིག་དེ་གཞུང་འབྲེལ་སྐད་ཡིག་ཏུ་བདམས་པ་ཡིན། ཞེས་བརྗོད་ཡོད་འདུག

གནས་ཚུལ་དེའི་ཐད་ཨ་རིར་ཡོད་པའི་པ་ཀི་སི་ཐན་གྱི་གཞུང་ཚབ་པ་ཧ་སིན་ཧྰ་ཁེན་ནེ་(Hussain Haqqani)ཡིས་སྤྱི་ཚོགས་དྲ་ལམ་དུ། ལོ་ངོ་ ༧༠ ཡི་དུས་ཡུན་ཐུང་ཐུང་ཞིག་གི་ནང་པ་ཀི་སི་ཐན་གྱིས་སྐད་ཡིག་བཞི་གཞུང་འབྲེལ་སྐད་ཡིག་ལ་ངོས་འཛིན་བྱས་ཡོད་པ་དང་། ངོས་འཛིན་ཆོག་མཆན་ཐོབ་པའི་སྐད་ཡིག་དེ་དག་ནི་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཡུལ་མི་ཚོས་བཤད་ཀྱི་ཡོད་པའི་སྐད་ཡིག་གཅིག་ཀྱང་མིན་པར། དབྱིན་ཡིག་དང་ཨུར་རྡོ། ཨ་རབ། རྒྱ་སྐད་བཅས་ཡིན་པ་ལས་རང་གི་ཕ་སྐད་བརྗེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་པ་ཀི་སི་ཐན་སྐྱ་རེངས་གསར་ཁང་(Dawn News) གིས། པ་ཀི་སི་ཐན་གྱིས་རྒྱ་ཡིག་རྒྱ་སྐད་སྦྱོང་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱ་ཡིག་རྒྱ་སྐད་སྦྱང་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དང་རྒྱ་ཡིག་རྒྱ་སྐད་ཤེས་ན་པ་ཀི་སི་ཐན་དང་རྒྱ་ནག་ནང་ལས་ཀ་བྱེད་པའི་གོ་སྐབས་མང་དུ་འགྲོ་བའི་རེ་བ་འཆང་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་རྩོད་རྙོག་གིས་པ་ཀི་སི་ཐན་གྱིས་རྒྱ་ནག་དང་ཕྱོགས་ཡོངས་ནས་འབྲེལ་ལམ་ཇེ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་པ་ཀི་སི་ཐན་གྱི་སྲིད་བློན་གྱིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚོང་འབྲེལ་ཞེས་པར་དང་ལེན་དང་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། འདས་པའི་ལོ་ཤས་ནང་པ་ཀི་སི་ཐན་གྱི་མི་ཚོར་རྒྱ་སྐད་སྦྱོང་བའི་རེ་འདོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། པ་ཀི་སི་ཐན་གྱི་འབྲིང་རིམ་སློབ་གྲྭ་ཞིག་ཏུ་རྒྱ་ཡིག་དགེ་རྒན་བྱེད་བཞིན་པའི་རྒྱ་རིགས་དགེ་རྒན་ཞིག་གིས། ང་ཚོའི་འདིར་རྒྱ་ཡིག་སྦྱོང་མཁན་སློབ་ཕྲུག་ ༨༠༠༠ དང་། དགེ་རྒན་ ༥༠ ཙམ་ཡོད། དགེ་རྒན་གྱིས་མ་འདང་བའི་དཀའ་ངལ་ཆེན་པོ་ཡོད་ཀྱང་གླེང་རྙོག་འདྲ་མིན་གྱིས་དགེ་རྒན་གྱི་ལས་ཀ་བྱེད་མཁན་རག་པར་དཀའ་ངལ་ཡོད་སྐོར་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་ནང་པ་ཀི་སི་ཐན་གྱི་སློབ་མ་ཁྲི་གཅིག་ལྷག་གིས་སློབ་གཉེར་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོའི་ལོ་འཁོར་བསྡོམས་རྩིས་ལྟར་ན། པ་ཀི་སི་ཐན་དང་རྒྱ་ནག་བར་་ཨ་སྒོར་ཐེར་འབུམ་༡༠།༥༣ གྱིས་ཐོན་ལས་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དང་། པ་ཀི་སི་ཐན་དེ་རྒྱ་ནག་གི་ཐོན་རྫས་འགྲེམས་འཚོང་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist