མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་མ་ཤི་བར་དུ་སྲིད་འཛིན་ཆགས་རྒྱུ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༨/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་སྲིད་གྲོས་ཀྱི་འཐུས་མི་ ༢༩༥༨ ཀྱིས་སྲིད་འཛིན་དང་སྲིད་བློན་གྱི་དུས་ཡུན་ངེས་མེད་བཟོ་བར་རྒྱབ་སྐྱོར་ཐོབ་སྟེ་མང་མོས་གཏན་འབེབས་བྱུང་ཡོད་སྐོར་བསྒྲགས་འདུགརྒྱ་ནག་གཞུང་ཕྱོགས་ཀྱི་དྲ་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༣ པའི་གྲོས་ཚོགས་ཐེངས་དང་པོའི་ཐོག འཐུས་མི་ ༢༩༦༤ ཡིས་རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་ཀྱིས་སྲིད་འཛིན་དང་། སྲིད་བློན་གྱི་དུས་ཡུན་ངེས་མེད་བཟོ་བར་འོས་བླུགས་སྐབས། འཐུས་མི་ ༢ ཀྱིས་རྩ་ཁྲིམས་བསྐྱར་བཅོས་ལ་མོས་མཐུན་བྱས་མེད་པ་དང་། འཐུས་མི ༣ གྱིས་འོས་བླུགས་མེད་པ། འཐུས་མི་ ༡ གི་འོས་ཤོག་རྩིས་མེད་དུ་ཕྱིན་ཡོད་པ་ལས་དེ་མིན་གྱི་འཐུས་མི་ ༢༩༥༨ ཀྱིས་རྒྱབ་སྐྱོར་བྱས་ཡོད་འདུག

ཐེངས་འདིར་བསྐྱར་བཅོས་བྱས་པའི་རྩ་ཁྲིམས་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་དང་སྲིད་བློན་དུས་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག་ཅེས་པ་ངེས་མེད་དུ་གཏན་འབེབས་བྱས་ཡོད་པ་དང་། ཞི་ཅིན་ཕིན་གྱི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་སྤྱི་ཚོགས་རིང་་ལུགས་ཞེས་པའི་ལྟ་གྲུབ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀོད་པ་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གསར་པ་ཞིག་བཙུག་སྟེ་དམར་ཤོག་ཚོགས་པ་ནང་ཁུལ་གྱི་དབང་ཆ་གཅིག་སྡུད་བྱེད་པ། དེ་བཞིན་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོ་རྒྱ་ནག་གི་རྩ་ཁྲིམས་ཀྱི་ལྟེ་བར་འཇོག་དགོས་པ་སོགས་བཟོས་ཡོད་འདུག་ལ། ད་རེས་ནི་ཏུན་ཞོ་ཕེན་གྱི་རྗེས་ནས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་བ་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་འདུག

རྩ་ཁྲིམས་བཟོ་བཅོས་སྐབས་རྒྱ་ནག་གི་མགོ་འཁྲིད་རིམ་པའི་རྐུབ་སྟེགས་གོ་ཐོབ་གཞིར་བཟུང་བསྒྲིགས་ཡོད་པའི་ཁྲོད། ན་ནིང་རྒས་ཡོལ་དུ་ཕྱིན་པའི་ཞི་ཅིན་ཕིན་གྱི་དཔུང་རོགས་ཝང་ཆི་ཧྲན་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མཐོ་རིམ་མི་སྣ་བདུན་གྱི་རྒྱབ་ཏུ་བསྡད་ཡོད་པ་དང་། ཆབ་སྲིད་དཔྱད་ཞིབ་པ་ཚོས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གྱི་ལས་ཐོག་དུས་ཡུན་ཕར་འགྱངས་བྱས་པར་བརྟེན། ཝང་ཆི་ཧྲན་གང་མགྱོགས་སྲིད་འཛིན་གཞོན་པར་བསྐོ་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

ཨོག་སི་ཧྥོ་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཆབ་སྲིད་དབྱེ་ཞིབ་པ་སྐུ་ཞབས་པེ་ཊིར་ཁ་ཐོ་རོ་ཊོན་(Patrica Thornton)ལགས་ཀྱིས། ཁོང་ད་རེས་ཀྱི་རྩ་ཁྲིམས་བསྐྱར་བཅོས་དེར་མོས་མཐུན་མེད་པ་དང་། འོས་བླུག་མཁན་གྱི་ཁ་གྲངས་ཧ་ཅང་ཉུང་ཉུང་ཡིན་པས་མི་མང་ཚོགས་ཁང་ཆེན་མོའི་ནང་བགྲོ་གླེང་བྱེད་མི་ཆོག་པ་ཙམ་མ་ཟད། འཐུས་མི་སྤྱིའི་བསམ་ཚུལ་གསལ་འདོན་བྱེད་པར་དྲག་གནོན་བྱས་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་དང་། ཡང་ཨོག་སི་ཧྥོ་ཌིའི་རྒྱ་ནག་གི་དེང་རབས་ཆབ་སྲིད་ལམ་ལུགས་ཞིབ་འཇུག་པ་སྐུ་ཞབས་ར་ན་མེ་ཊར་(Rana Mitter)ལགས་ཀྱིས་ཐེངས་འདིའི་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་སྐབས་མི་གསུམ་གྱིས་འོས་བླུགས་མེད་པ་དང་། མི་གཉིས་ནས་རྒྱབ་སྐྱོར་བྱས་མེད་པ་དེས་ཁོ་རང་ལ་སེམས་ཚོར་ཆེན་པོ་སྤྲད་སྐོར་བརྗོད་འདུག

རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཆེད་རྒྱ་ནག་དམར་ཤོག་སྲིད་གྲོས་ཀྱི་ལས་བྱེད་ཧྲན་ཁྲའོ་ཡོ་ཟེར་བ་ཞིག་གིས། འདི་ནི་རྒྱ་ནག་གི་མགོ་འཁྲིད་ལམ་ལུགས་ཇེ་ལེགས་སུ་གཏོང་ཐབས་ཀྱི་ལམ་ཁ་གལ་ཆེན་ཞིག་ཆགས་ཡོད་ཅེས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་བརྒྱབས་པ་དེས་ཞི་ཅིན་ཕིན་ཚེ་གང་རྒྱ་ནག་གི་སྲིད་འཛིན་དུ་འདུག་རྒྱུར་ལམ་ཀ་ཆ་ཚང་ཞིག་བཟོས་པ་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

མཆན། 2

  1. མིག་མ says:
    ལོ་ 5 སྔོན།

    སྲིད་འཛིན་དང་སྲིད་འཛིན་གཞོན་པའི་དུས་ཡུན་རེད། སྲིད་བློན་གྱི་སྐོར་བཤད་མི་འདུག

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་ཕྱིན་པ་འདི་སྲིད་འཛིན་ཞེ་ཅིན་ཕི་ལ་བལྟས་ནས་བཟོས་པར་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་ལ་རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་ཕྱིན་པ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇག་དང་ཆབ་དཔལ་རིག་གསུམ་ལ་བརྟན་ལྷིང་ཆེད་བསྐྱར་བཅོས་སོང་བར་ངོས་འཛིན་ཞུ་གི་ཡོད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པའི་དོན་ཚན་མང་པོ་ཡོད་པ་མཐོང་གི་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist