མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པར་གནས་ཚུལ་ག་རེ་བྱུང་ཡང་བཀའ་སྤྱི་གཉིས་ནས་འགན་འཁུར་དགོས་ཡོད།

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དང་བསྟུན་ཉིན་གྲངས་ ༧ རིང་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ཞི་རྒོལ་བྱེད་མཁན་རྣམས་ལ་སྤྱི་འཐུས་ཁག་ཅིག་ནས་དངོས་སུ་མཇལ་འཕྲད་གནང་སྟེ་བཀའ་ཤག་ལ་བཟང་ཕྱོགས་ནས་རེ་བ་རྒྱག་དགོས་པའི་ལམ་སྟོན་གསུང་བཤད་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ མ་ཟིན་ཞིག་ལ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། བདེན་རྒྱབ་དང་བླངས་མི་མང་གིས་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མ་དང་བསྟུན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་ལས་འགུལ་སྣེ་འཁྲིད་པ་འཕྲིན་ལས་སྐལ་བཟང་ལགས་ཀྱིས། ང་ཚོས་ད་བར་སྤྱི་ཚོགས་ལ་འགན་འཁུར་དང་བཅའ་ཁྲིམས་རིན་པོ་ཆེར་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་གནས་ལུགས་དང་རྒྱུ་མཚན་མང་པོའི་ཐོག་ནས་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པའི་སྙན་ཞུ་བསྟུད་མར་ཕུལ་ཡོད། ང་ཚོའི་བསམ་ཚུལ་ནི་སྤྱི་ཚོགས་ནང་གི་དཀའ་རྙོག་སེལ་ཐབས་སུ་འདས་པའི་ལོ་རྒྱུས་ནང་ལའང་མཁས་པ་མང་པོ་ཞིག་གིས་སྤྱི་ཚོགས་ཞི་འཇམ་ཡོང་ཐབས་སུ་དོ་བདག་རང་ཉིད་ལས་གནས་ནས་དགོངས་པ་ཞུས་ཏེ་འགྲོ་ཡི་ཡོད་སྟབས། ང་ཚོས་ཀྱང་རེ་སྐུལ་དེ་ག་རང་ཞུ་ཡི་ཡོད་ལ། ད་རེས་གྲོས་ཚོགས་ནང་ལའང་སུ་བདེན་པ་ཡིན་མིན་ལ་མ་ལྟོས་པར་སྤྱི་འཐུས་གྲོས་ཚོགས་ཀྱིས་འགན་འཁུར་བའི་ཐོག་དམིགས་བསལ་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། ད་ལྟའི་ཆར་མི་མང་གིས་མཁྱེན་གསལ་ལྟར། ང་ཚོའི་འབོད་སྐུལ་ལ་རེ་བ་མེད་པ་འདྲ་བོ་ཆགས་བསྡད་ཡོད་པ་རེད། འོན་ཀྱང་། ང་ཚོས་ལས་འགུལ་སྤེལ་ཏེ་ད་ལྟ་གསལ་པོ་ཞུ་རྒྱུ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་གི་རྙོག་དྲ་དང་དཀའ་ངལ་ཅན་གྱི་གནས་སྟངས་མང་པོ་ཞིག་གི་ཐོག་སྙན་གསེང་ཞུ་ཡོད། ང་ཚོའི་ལས་འགུལ་འདི་དེ་རིང་མཚམས་འཇོག་གི་ཡོད་ཀྱང་། མ་འོངས་པར་གནས་ཚུལ་ག་རེ་འབྱུང་མིན་ང་ཚོས་ཚོད་དཔག་བྱེད་མི་ཐུབ་སྟབས། ད་ལྟའི་སྤྱི་ཚོགས་ནང་གི་དཀའ་རྙོག་དང་མ་འོངས་པར་གནས་ཚུལ་ག་རེ་བྱུང་བ་ཡིན་ན་དེའི་འགན་དེ་བཀའ་སྤྱི་གཉིས་ནས་འཁུར་དགོས་ཡོད། དེ་སྔ་དྷ་རམ་ས་ལར་གནས་ཚུལ་བྱུང་མྱོང་ཡོད་ལ། ཉེ་ཆར་རང་གྲྭ་བ་ཞིག་གིས་ཀྱང་གནས་ལུགས་རྒྱུ་མཚན་མང་པོའི་ཐོག་ནས་རང་ལུས་མེར་མཆོད་ཀྱི་ལས་འགུལ་སྤེལ་རྒྱུའི་བརྡ་ཞིག་བསྟན་ཡོད། དེ་བཞིན། གསལ་པོ་ཞུ་རྒྱུ་ཞིག་ལ་ད་ལྟ་མི་མང་གི་ཚོར་བ་དེ་ཧ་ཅང་ཤུགས་ཆེན་རེད་འདུག་ལ། དེ་མི་སྒེར་གྱི་ཆེད་མ་ཡིན་པར་བོད་སྤྱིའི་དོན་དུ་རེད་འདུག དེར་བརྟེན་མ་འོངས་པར་གནས་སྟངས་ཡག་པོ་དང་སྡུག་པོ་ག་རེ་བྱུང་བ་ཡིན་ན་དེའི་འགན་དེ་སྲིད་སྐྱོང་གཙོས་པའི་བཀའ་ཤག་དང་གྲོས་ཚོགས་ལ་ཡོད་ཅེས་མཐའ་ཚིག་བསྒྲགས་རྒྱུ་ཡིན་ཞེས་དང་། དམངས་གཙོའི་སྤྱི་ཚོགས་ནང་མི་མང་གིས་བཟང་སྤྱོད་ལྡན་པའི་ཐོག་ནས་འགན་འཁུར་ཏེ། ད་ལན་སྤེལ་བའི་ཉིན་གྲངས་ ༧ རིང་གི་ལས་འགུལ་གྱི་ཉམས་མྱོང་ཁྲོད་བཀའ་ཤག་ནས་ཁོང་ཚོར་ཐུག་འཕྲད་གནང་བའི་རེ་བ་མཐོང་མེད་ཀྱང་མུ་མཐུད་རེ་བ་རྒྱག་གི་ཡོད་སྐོར་སོགས་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༥ ཙམ་ལ་གྲོས་ཚོགས་ཚོགས་དུས་ལྔ་པ་གྲོལ་རྗེས། བོད་མི་མང་སྤྱི་འཐུས་ཁག་ཅིག་སིལ་སྤོལ་རྩེད་ཐང་དུ་དངོས་སུ་ཕེབས་ཏེ་ཞི་རྒོལ་བ་རྣམས་ལ་ཐུག་འཕྲད་གནང་བ་མ་ཟད། བཀའ་ཤག་ནས་ལས་འགུལ་བ་རྣམས་ལ་མཇལ་འཕྲད་ཀྱི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་སྟབས། བཀའ་ཤག་ལ་རེ་བ་མེད་ཅེས་ཐག་མ་བཅད་པར་བཟང་ཕྱོགས་ནས་རེ་བ་རྒྱག་དགོས་པ་དང་། ཞི་འཇམ་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞེ་དྲག་ཡག་པོ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 11

  1. བོད་ཞེན་ says:
    ལོ་ 8 སྔོན།

    ཁྱི་སྤྱང་ངན་འབྲེལ་དང་རྐུན་རྒྱབ་ཇག་ལང་ཟེར་བ་མི་ངན་འདི་ཚོའི་གྲལ་མིན་ནམ། མི་ངན་འདི་ཚོའི་གྲལ་ལ་ཞེན་པ་གཏིང་ནས་ལོག་སོང་ངོ་།

    Reply
  2. འདམ་སྐྱེས། says:
    ལོ་ 8 སྔོན།

    ད་ལམ་རྡ་ས་གངས་སྐྱིད་དུ་ངོ་བརྒོལ་བྱེད་མཁན་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུགས་མོལ་ལྷན་ཚོགས་ཐོག་ཐག་གཅོད་ལྟར་གཞུང་འབྲེལ་ངོ་ཐུག་མ་གནང་ནའང་སྤྱི་འཐུས་སྒེར་ཁག་གཅིག་ཐུག་པ་རེད། བཀའ་ཤག་ནས་གཞུང་འབྲེལ་གྱིས་ཆེད་འབོད་ལྟར་མ་བཅར་བར་གཡས་ཁག་གཡོན་དཀྲི་བྱས་ཏེ་བཅར་མ་ནུས་པ་ནི་ངོ་བློ་ཕམ་བྱུང་། སླད་དོན་མེད་མང་ཚོགས་ནང་དགྲ་དགའ་གཉེན་སྡུག་མ་གནང་ན་ཡག་པོ་རེད།།

    Reply
  3. དགེ་འདུན says:
    ལོ་ 8 སྔོན།

    བློ་སེང་ཕྱོགས་གཏོགས་ཀྱིས་གསལ་འགྱུར་ཚང་མ་བློ་སེང་ཕྱོགས་གཏོགས་ཀྱི་འདོད་པ་ལྟར་སྤེལ་དགོས་པར་འདོད།
    དེ་ལྟར་མིན་ན་གསལ་འགྱུར་དྲང་བདེན་མིན་པར་བཤད།
    སྤེན་ཚེ་ཕྱོགས་གཏོགས་ཀྱིས་གསལ་འགྱུར་ཚང་མ་སྤེན་ཚེའི་ཕྱོགས་གཏོགས་ཀྱིས་འདོད་པ་ལྟར་སྤེལ་དགོས་པར་འདོད།
    དེ་མིན་ཚེ་དྲན་བདེན་མིན་པར་འདོད།
    དོན་ལ་ཕྱོགས་སུ་ལྷུང་བ་འདི་གཉིས་ཀྱིས་གསར་འགོད་པ་ཞིག་གིས་སྒྲུབ་འོས་པའི་ལས་དོན་ཆེས་ཕྲ་ཆུང་གསུམ་ཅི་ཡིན་ཤེས་མེད་ལ། ཤེས་འདོད་ཀྱང་མེད་པ་གསལ་བོ་རེད། 
    ངས་བསམ་ན་གསལ་འགྱུར་ནི་པར་ཆས་ལྟ་བུ་རེད། དེའི་ནང་དུ་པར་ཇི་ཞིག་སླེབས་མིན་དེ་པར་ཆས་ལ་དབང་ཚད་མེད། པར་ཆས་ཀྱི་མདུན་ན་ཅི་ཞིག་ལང་ཡོད་པ་དེ་འགན་ཁུར་རེད། པར་ཆས་ཀྱི་ནང་དུ་པར་ཡག་པོ་ཞིག་འཐེབ་དགོས་ན་མི་རང་ཉིད་ཀྱིས་གཟོ་ལྟ་དང་རྣམ་འགྱུར་སོགས་ཡག་པོ་བཏོན་དགོས་པ་དེ་རེད་སྙམ། བསམ་ཚུལ་ཡིན། 
    བདེ་མོ་བྱོས་ཨ།

    Reply
  4. སྐལ་བཟང says:
    ལོ་ 8 སྔོན།

    སྤྱི་ཟླ་དགུ་བའི་གྲོས་ཚོགས་སྐབས་སུ་བློ་བཟང་སངས་རྒྱས་དང་བསྟན་པ་ཡར་འཕེལ་གཉིས་ལ་ངོ་རྒོལ་ཡོད་མཁན་ཚང་མས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
    ཚད་འཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    མི་མང་གི་སྐུ་ཚབ་མི་མང་ལ་ཐུགས་འཕྲད་གནང་བ་ཡག་པོ་རེད་

    Reply
  7. དགེ་འདུན says:
    ལོ་ 8 སྔོན།

    དེ་རིང་གི་གསལ་འགྱུར་འདི་ཀློག་དུས་ཡིད་སྤྲོ་བས་བརྟས།
    གང་ཡིན་ཟེར་ན་བཙན་བྱོལ་ནང་དམངས་གཙོའི་ངོ་བོ་ཞིག་གསལ་བོར་མཐོང་ཡོང་བས་ཡིན།

    Reply
  8. འབའ་ཚང་ཟླ་བ། says:
    ལོ་ 8 སྔོན།

    དུས་བབ་འདི་གསར་ཁང་རྙིང་གྲས་ཤིག་ཡིན་ཙང་། དེ་སྔོན་སྤྱི་ཚོགས་ནང་མཐོང་གང་ཙམ་ཡོད། དེ་འདྲ་སོང་ཙང་། གསར་འགྱུར་འགོད་དུས་གཟབ་གཟབ་་གནང་དགོས་འདུག དཔེར་ན། (བདེན་རྒྱབ་དང་བླངས་) ཞེས་པའི་ཐ་སྙད་འདི་རྩོད་བཞིན་པ་ཡིན་ཙང་། བཀའ་ཤག་བདེན་དང་། ངོ་རྒོལ་བྱེད་མཁན་མི་བུ་བཅུ་གྲངས་འདི་བདེན། ད་དུང་རྩད་ཞིབ་གནང་དགོས་པ་ཞིག་རེད་མ་གཏོགས། བདེན་རྒྱབ་དང་བླངས་ཞེས་བརྗོད་དུས་བཀའ་ཤག་ནི་རྫུན་མ་ཡིན་པ་སུས་ཐག་བཅད་པ་རེད་དམ། གསར་ཁང་ནི་དྲང་བདེན་གྱི་སྲོང་ཤིང་ཡིན་ཙང་ཆབ་སྲིད་པ་ཚོའི་འདོད་ཕྱོགས་དང་མཐུན་པའི་གསར་འགྱུར་འགོད་མི་ཉན།

    Reply
    • གུ་རུ་བསོད་ནམས། says:
      ལོ་ 8 སྔོན།

      ཚང་མ་སོར་སྐྱེས་ཁྱོད་དང་ང་འདྲ་ཡིན་ཙང་སོ་སོའི་ལྟ་བ་དང་ལངས་ཕྱོགས་སྒང་ལ་ཏོག་ཙམ་མི་འགྲོ་མཁན་གླིང་འདི་ན་ཡོད་མ་རེད།

      Reply
  9. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    བཀུར་འོས་སྤྱི་འཐུས་རྣམ་པ་མི་མང་གི་ངག་བཅད་ངོ་རྒོལ་ལས་འགུལ་བ་རྣམ་པར་ཐུག་འཕྲད་གནང་བར་སྙིང་དབུས་བཀའ་དྲིན་ཆེ་ཞུ།དེ་ནི་ཁྱེད་རྣམ་པའི་གཟི་བརྗིད་ཅིག་རེད་ཅེས་བསྔགས་བརྗོད་ཞུ་ཡི་ཡོད།

    Reply
    • དབང་ཕྱུག་རྒྱལ་མཚན། says:
      ལོ་ 8 སྔོན།

      དེང་སང་དུས་བབ་ཀྱི་གསར་འགྱུར་དེ་ཚོ་བློ་གཏོད་དང་ཡིད་ཆེས་ཆོག་པ་ཞིག་མཐོང་བཞིན་མེད།
      ཕྱོགས་རིས་འབའ་ཞིག་གི་གསར་འགྱིར་མ་གཏོགས།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese