མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཱ་ལཱ་ལཱ་ཕ་ཡུལ་དུ་ལོག

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་བུད་མེད་སློབ་གསོའི་ལས་འགུལ་བ་མྰ་ལྰ་ལྰ་ལགས་རང་དབང་ལུང་པ་ནས་ལོ་ངོ་ ༦ ལྷག་བསྡད་རྗེས་ཕྱིར་ཕ་ཡུལ་དུ་ལོག་འདུག་ཟེར། དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས ༢༧ ཉིན་པཱ་ཀི་སི་ཐན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མྰ་ལྰ་ལྰ་ལགས་ཕྱིར་པཱ་ཀི་སི་ཐན་ནང་ལོག་ཡོད་པ་དང་། མོ་ཕྱིར་ལོག་པའི་གནས་ཚུལ་ལ་གསང་རྒྱ་ཆེན་པོ་བྱས་ཡོད་ཀྱང་། པཱ་ཀི་སི་ཐན་གྱི་(Geo TV)གསར་ཁང་གིས་མོ་པཱ་ཀི་སི་ཐན་གྱི་རྒྱལ་ས་(Islamabad)རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཏེ། བདེ་སྲུང་མི་སྣའི་སྲུང་སྐྱོབ་འོག་རླངས་འཁོར་ནང་དུ་འདུག་བཞིན་པའི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་པཱ་ཀི་སི་ཐན་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོར། མཱ་ལཱ་ལཱ་ཡིས་མོ་རང་སྒེར་གྱི་ཊེ་ཊིར་སྤྱི་ཚོགས་དྲ་ལམ་དུ། ཉིན་འདི་ཚོར་ངས་ང་རང་ཕ་ཡུལ་དུ་ཡོད་སྐབས་ལ་ཕྱིར་དྲན་བྱེད་བཞིན་ཡོད། སྐབས་དེར་ང་ཁང་ཐོག་ཏུ་བུད་ནས་དབྱུག་རྩེད་སྤོ་ལོ་(cricket)རྩེ་བ་དང་སློབ་གྲྭའི་ནང་དུ་རྒྱལ་གླུ་གཏོང་བ་སོགས་བྱེད་བཞིན་ཡོད། རྒྱལ་སྟོན་དུས་ཆེན་ལ་སྐྱིད་པོ་ཡོང་བར་ཤོག ཅེས་བྲིས་ཡོད་འདུག

ཨ་རིའི་སི་ཨན་ཨན་གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་། པཱ་ཀི་སི་ཐན་གྱི་ཡུལ་མི་ཚོས་མྰ་ལྰ་ལྰ་ཕྱིར་ཕ་ཡུལ་ལ་ལྟ་སྐོར་དུ་ལོག་རྒྱུར་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མྰ་ལྰ་ལྰ་ཡི་ཨ་ཕའི་གྲོགས་པོ་ནེ་ཡ་རྫི་ཨ་མིད་(Niaz Ahmed)ཞེས་པ་ཞིག་གིས། མོ་དེ་རིང་སྔ་བོ་ནས་ལོག་ཡོང་གི་ཡོད་པ་རེད། ང་ཚོས་མོ་ལ་ཕེབས་བསུ་བྱེད་དགོས་ཀྱི་ཡོད་པ་རེད་ལ། མོ་ནི་འཛམ་གླིང་གི་སྤོབས་པ་སྐྱེས་ཡུལ་དུ་གྱུར་ཡོད་པས་ང་ཚོར་ཅི་ལ་མིན། མོའི་སྙིང་སྟོབས་ནི་ང་ཚོ་སི་ཝྰ་ཐི་(Swat)་གྲོང་སྡེའི་ཤེས་ཡོན་སློབ་གསོའི་མིག་དཔེ་ཡིན་པ་རེད། ཅེས་བརྗོད་ཡོད་འདུག

བུ་མོ་མཱ་ལཱ་ལཱ་ད་ལོར་ལོ་ན་༢༠ སོན་ཡོད་པ་དང་། དབྱིན་ཇིའི་ཨོག་སི་ཧྥོལ་ཊི་གཙུག་ལག་སློབ་ཆེན་དུ་ཆབ་སྲིད་རིག་པ་དང་དཔལ་འབྱོར་རིག་པའི་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༡༢ ལོར་མཱ་ལཱ་ལཱ་དང་སློབ་གྲོགས་ཚོ་སློབ་གྲྭའི་རླངས་འཁོར་ནང་བསྡད་དེ་ནང་དུ་ལོག་སྐབས། གློ་བུར་དུ་དྲག་སྤྱོད་པ་ཁག་ཅིག་གིས་མེ་མདའ་བཟུང་སྟེ་རླངས་འཁོར་ནང་འཛུལ་བ་མ་ཟད། མཱ་ལཱ་ལཱ་སུ་རེད་ཅེས་འདྲི་བརྩད་བྱས་རྗེས་མོའི་མགོ་ལ་མེ་མདས་བརྒྱབས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་པར་བརྟེན། ཛ་དྲག་ངང་དབྱིན་ཡུལ་དུ་སོང་ནས་སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་བྱུང་ཡོད་པ་དང་། དེ་ནས་བཟུང་འདས་པའི་ལོ་ངོ་ ༦ ལྷག་རིང་མོ་རང་ཕྱིར་ཕ་ཡུལ་དུ་ལོག་ཐུབ་མེད་པ་རེད།

ཕྱི་ལོ་༢༠༡༤ སྟེ་མཱ་ལཱ་ལཱ་རང་ལོ་༡༧ སྟེང་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་སྟེ། འཛམ་གླིང་གི་ལོ་ན་ཆེས་ཆུང་བའི་ནོ་བྷེལ་ཞི་བདེའི་གཟེངས་ཐོབ་མཁན་དེ་ཆགས་ཡོད་པ་དང་། འདས་པའི་ལོ་ངོ་ ༦ ནང་མོས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྡིངས་ཆ་གང་མང་ཐོག་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་སྐོར་དང་། ཆོས་ལུགས་ཀྱི་དར་ཆའི་འོག་དྲག་སྤྱོད་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་བྱས་ཉེས་མང་པོ་ཐེར་འདོན་བྱས་ཏེ་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist