མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གསོའི་ཞིབ་འཇུག་ཁྲོད་ཀྱི་ཤེས་བཞིན་དང་དྲན་པའི་སྐོར་གྱི་སྦྱོང་བརྡར།

བོད་ཀྱི་དུས་བབ།
༢༠༡༨/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་གསུམ་པའི་ཚན་པ་གཉིས་པ།

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གསུམ་པ་ནི། འབུམ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་རེད། ཁོང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་སྒྱུར་བ་རེད། ཁོང་གིས་དགེ་ལུགས་པའི་དགེ་བཤེས་ཀྱི་མཚན་གནས་བླངས་ཡོད་པར་མ་ཟད། དབྱིན་ཡུལ་གྱི་ཀེམ་བྷི་རི་ཇི་གཙུག་ལག་སློབ་གྲྭའི་འབུམ་རམས་པའི་མཚན་གནས་ཀྱང་བཞེས་འདུག ནང་ཆོས་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་མཁས་ཤིང་། བོད་སྐད་དང་དབྱིན་སྐད་ལའང་བྱང་ཆུབ་ཅིང་། ༧གོང་ས་ཏཱ་ལའི་བླ་མ་དང་ནུབ་ཕྱོགས་ཀྱི་ཚན་རིག་པའི་བར་གྱི་བགྲོ་གླེང་གི་ལས་རོགས་གཙོ་བོ་ཞིག་རེད། དེ་ནས། ཁོང་གིས་གསུང་སྒྱུར་གྱི་ཕྱག་ལས་རེ་ཞིག་བཞག་སྟེ། ཞབས་བཀྱག་ཚ་བོའི་སྟེང་ནས་ནང་པའི་གཞུང་གི་དྲན་ཤེས་ཀྱི་སྐོར་ལ་གསུང་བཤད་གནང་།

ཐོག་མར་ཁོང་གིས་ཤེེས་བཞིན(Meta-awareness)གྱི་ལྟ་ཚུལ་འདི་ནི། ནང་པའི་གཞུང་གི་ཁྲོད་དུ་སངས་རྒྱས་ཞལ་བཞུགས་པའི་སྐབས་དང་གཏུགས་ཆོག་པ་ཞིག་ཡིན།སྐབས་དེར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁོའི་བཤད་མཚམས་བཅད་དེ། གནའ་བོའི་རྒྱ་གར་ལ་ཕུན་སུམ་ཚོགས་པའི་རིག་གནས་ལྡན་ཞིང་། སངས་རྒྱས་ཀྱི་བསམ་བློ་དེའང་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ལས་བྱུང་བའི་འབྲས་བུ་ཞིག་རེད། བཅོམ་ལྡན་འདས་ཁོང་གིས་ལོ་ངོ་དྲུག་ལ་དཀའ་བ་སྤྱད་ཅིང་། དེའི་རིང་དུ་ཁོང་གིས་བསམ་བློ་ཅི་ཡང་མ་བཏང་བར་བསྡད་པ་ཞིག་མ་རེད། དེ་ཡང་བསམ་གཞིགས་མང་དུ་གནང་ཏེ། གནའ་བོའི་རྒྱ་གར་གྱི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་ནས་ད་གཟོད་ནང་པའི་ཆོས་འདི་བྱུང་བ་ཞིག་རེད། དེར་བརྟེན། ངོས་ཀྱིས་རང་ཉིད་ནི་གནའ་བོའི་རྒྱ་གར་གྱི་རིག་གནས་རྒྱུད་འཛིན་གནང་མཁན་ཞིག་ཏུ་འདོད་ཀྱི་ཡོད། ཡང་ན་འདི་ལྟར་ཡང་བཤད་ཆོག་སྟེ། ཤར་ཕྱོགས་རིག་གནས་ཁྲོད་ཀྱི་སེམས་དང་འབྲེལ་བའི་ལྟ་ཚུལ་རྣམས་ནི། སངས་རྒྱས་མ་བྱོན་གོང་གི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ལའང་གཏུགས་ཆོག་པ་ཞིག་རེད། ཅེས་གསུངས་སོང་།

ཡང་སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས། ང་ཚོར་ལོ་ངོ་སྟོང་ཕྲག་རིང་གི་སེམས་ལ་སྦྱོང་བརྡར་སྤྲོད་པའི་སྲོལ་རྒྱུན་ཡོད་ཅིང་། དྲན་པ་དང་ཤེས་བཞིན་ལྟ་བུའི་བསམ་བློ་འདི་ནི་ནང་པའི་གཞུང་དུ་འགྲེལ་བཤད་ཕུན་སུམ་ཚོགས་པ་ཞིག་ཡོད།ཅེས་བརྗོད་སོང་།

ང་ཚོ་ནི་བགྲོ་གླེང་གི་ཟུར་ཉན་པ་ཞིག་ཡིན་པའི་ཆ་ནས། དེའི་ཐད་ནས་གོ་བ་ལེན་པར་ཧ་ཅང་དཀའ་མོ་ཞིག་རེད། དེའི་རྒྱུ་མཚན་ནི། དེ་དག་གི་གོ་བ་ནི་ལེགས་སྦྱར་དང་བོད་སྐད་ཀྱི་བརྡ་ཆད་དང་འབྲེལ་འདུག་པས་རེད། ང་ཚོར་མཚོན་ན། འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ཀྱི་ཐད་ཀར་གསུང་སྒྱུར་གནང་བར་ཉན་ཡོད་པ་ལས་གཞན་གོ་ས་མ་རེད། དེ་བས་ན། ཕྱོགས་གཅིག་ནས་ཐུབ་བསྟན་སྦྱིན་པས་དབྱིན་སྐད་ནས་འགྲེལ་བཤད་སྐྱོན་པར་མི་ཉན་རང་ཉན་རེད། ཕྱོགས་གཅིག་ནས་རྣ་འཇུག་གོན་ནས་འཇམ་དབྱངས་རིན་ཆེན་ལགས་ཀྱི་གསུང་སྒྱུར་ལའང་ཉན་པ་ཡིན། ཁོང་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཕན་ཚུན་དུ་སྒྱུར་པའི་ནུས་པ་ལྡན་པས། ང་ཚོས་རྗེས་སུ་ཡི་རང་བྱས་པ་ཡིན།

སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས་བཤད་རྒྱུར། དཔེར་ན། དྲན་པ་ཉེར་བཞག་གི་མདོའི(Sattipatha Sutta)ནང་དུ། དྲན་པ་དང་ཤེས་བཞིན་གྱི་ཁྱད་པར་གསལ་བོ་ཡོད། དྲན་པ་ནི་ཡུལ་བྱེ་བྲག་པ་ཞིག་གི་སྟེང་ལ་བློ་རྩེ་གཅིག་ཏུ་འཇོག་པ་དེ་ཡིན་ཞིང་། ད་ལྟར་བརྗོད་པའི “Mindfulness” དང་འདྲ་ཞིང་། ཤེས་བཞིན་ནི་རང་བློ་དམིགས་པ་གཏོད་སའི་ཡུལ་གྱི་སྟེང་ནས་རྩེ་གཅིག་ཏུ་གནས་མིན་དེར་བྱ་ར་བྱེད་མཁན་གྱི་བློ་རིམ་པ་གཉིས་པ་ཞིག་ཡིན་ཞིང་། ད་ལྟ་བརྗོད་མ་ཐག་གི “Meta-awareness” དང་ཤིན་ཏུ་འདྲ།

སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་རྒྱལ་སྲས་ཞི་བ་ལྷའི་ལུང་ཚིག་ཅིག་དྲངས་ཏེ། ཤེས་བཞིན་ལ་རིགས་གཉིས་ཕྱེས། དེ་ཡང་བྱ་ར་བྱེད་པའི་ཤེས་བཞིན་གྱི་ཆ་དང་། རང་རྒྱུད་ལ་སྐྱེས་པའི་ཤེས་བཞིན་གྱི་ཆ་གཉིས་ཕྱེས། དྲན་པ་དང་ཤེས་བཞིན་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་གནས་ཡོད། ནང་ཆོས་ལ་དེ་ལྟ་བུའི་ཤེས་བྱའི་རྨང་གཞི་ཞིག་ཡོད་པའི་ཐོག་ནས། ཐུན་མོང་མ་ཡིན་པའི་སྤྱོད་ལམ་འགྱུར་བཅོས་ཀྱི་གོ་རིམ་ཞིག་ཀྱང་འདུག དེ་ཡང་། མི་ཞིག་གི་སྤྱོད་ལམ་འགྱུར་བཅོས་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་ནས། ཐོག་མར་ཤེས་བྱ་སྦྱངས་པ་དང་། དེ་ནས་སྤྲོ་སྣང་འཕེལ་ཏེ་དྲན་ཤེས་ཟུང་འབྲེལ་གྱི་ངང་ནས་བློ་རྩེ་གཅིག་ཏུ་འཇོག་པ། དེ་ནས་བརྩོན་འགྲུས་ཀྱི་ཀུན་སློང་དང་ལྡན་ཏེ་དགའ་ཞིང་སྤྲོ་བའི་ངང་ནས་ལས་སུ་འཇུག་པ། མཐའ་མར། ལས་དེ་རང་ཉིད་ཀྱི་གོམས་འདྲིས་སུ་འགྱུར་བ་དེའོ། །

༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ནང་པའི་དགེ་འདུན་པ་ཚོར་མཚོན་ན། སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས་འགྲེལ་བཤད་གནང་བའི་དྲན་པ་དང་ཤེས་བཞིན་གྱི་སྐོར་དེ་ཧ་ཅང་རྒྱུས་ཡོད་ཅིག་ཡིན་སྟབས། དེའི་ཐད་ལ་ཚ་ཚ་འུར་འུར་གྱིས་བགྲོ་གླེང་གནང་། མཇུག་མཐར། བསྐྱར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ང་ཚོས་བགྲོ་གླེང་གནང་གི་ཡོད་པ་འདི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་སླད་དུ་ཡིན་ན། ཆོས་ལུགས་དང་འབྲེལ་བའི་སྒོ་ནས་གནད་དོན་དེ་དག་གི་སྐོར་ལ་གླེང་སློང་བྱེད་མི་འོས་ཞིང་། འགྲོ་བ་མི་ཐུན་མོང་གི་ངོས་འཛིན་ཡོད་པ་གང་ཞིག་རྨང་གཞིར་བཟུང་སྟེ་གནང་དགོས་པར་མ་ཟད། ཚན་རིག་གི་ཞིབ་འཇུག་ལ་བརྟེན་ནས་གྲུབ་དོན་དེ་དག་བསྒྲུབ་དགོས་ཤིང་། ཚན་རིག་གིས་ཚོད་ལྟ་བྱེད་རུང་བ་ཞིག་བྱེད་དགོས། ཞེས་གསུངས་སོང་།

ཕྱི་དྲོའི་བགྲོ་གླེང་མ་གནང་བའི་གོང་དུ། རྒྱ་གར་གྱི་བུད་མེད་ན་གཞོན་དགེ་རྒན་ཆེན་མོ་ཞིག་གིས་རང་ཉིད་སློབ་གསོའི་ཐད་ཀྱི་ལས་གཞི་ཞིག་ཏུ་འཛུལ་ཞུགས་བྱས་པའི་སྐོར་གླེང་སོང་། མོས་ལོ་ཚོད་མི་འདྲ་བའི་བྱིས་པ་སྤྲང་བོ ༡༥༠ ལྷག་ལ “དང་ལེན་དང་སྙིང་སྟོབས།” ཞེས་པའི་སྦྱོང་བརྡར་སྤྲད་འདུག་ཅིང་། བྱེད་ཐབས་སྣ་ཚོགས་ཤིག་ལ་བརྟེན་ནས། བྱིས་པ་དེ་དག་ལ་རང་ཉིད་ཀྱི་གནས་སྟངས་དང་ལེན་བྱེད་པར་གྲོགས་བྱས་ཤིང་། རང་ཉིད་སྤྲང་བོ་ཞིག་ཡིན་ནའང་། ཚེ་གང་བོར་སྤྲང་བོ་ཞིག་ཡིན་པའི་ངེས་པ་མེད་པའི་གོ་རྟོགས་སྤེལ་བར་བྱས་ཏེ། རང་ཉིད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་བའི་སྙིང་སྟོབས་བསྐྱེད། རྒྱ་གར་ལ་ཕེབས་མྱོང་མཁན་ཞིག་ཡིན་ན། ག་ས་གང་ནས་བྱིས་པ་སྤྲང་བོ་མང་པོ་མཐོང་ཡོད་ཀྱི་རེད། ཡིན་ནའང་། ཐེངས་གཅིག་ཙམ་ལ་ཡུལ་སྐོར་དུ་ཕེབས་མཁན་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་ཚོས་ཕལ་ཆེར་བྱིས་པ་སྤྲང་བོ་དེ་དག་གི་མ་འོངས་འཚོ་བའི་སྐོར་ལ་བསམ་བློ་ཅི་བཏང་ཡོད་ཀྱི་མ་རེད་ལ། བྱིས་པ་དེ་ཚོ་ལྷན་གཅིག་ཏུ་བསྡུས་ཏེ་སེམས་ལ་སྦྱོང་བརྡར་སྤྲོད་པ་ལ་སོགས་བྱས་ཏེ། ཁོ་ཚོའི་འཚོ་བ་བཅོས་སྒྱུར་བྱེད་པའི་ཐད་ལ་དེ་བས་ཀྱང་བསམ་བློ་བཏང་ཡོད་ཀྱི་མ་རེད། མི་དཀྱུས་མ་ཞིག་གིས་བྱིས་པ་དེ་དག་གི་འཚོ་བའི་བརྒྱུད་རིམ་དེས་ཁོ་ཚོའི་སེམས་སུ་ཤུགས་རྐྱེན་ཅི་ཙམ་ཞིག་ཐེབས་ཀྱི་ཡོད་པ་དེ་ཤེས་ཁག་པོ་ཞིག་རེད། དེ་ནས་ཁོ་ཚོར་སེམས་ལ་སྦྱོང་བརྡར་སྤྲོད་པའི་ཆ་ནས་བཤད་ནའང་། རང་ཉིད་ཀྱི་གནས་སྟངས་དང་ལེན་བྱེད་དགོས་པའི་སློབ་གསོ་སྤྲོད་པ་ཙམ་ཞིག་མ་ཡིན་པར། ད་དུང་སྤྱི་ཚོགས་ཀྱི་བཟང་སྤྱོད་སོགས་དང་ལེན་བྱེད་པའི་སློབ་གསོའང་སྤྲོད་དགོས་པར་མ་ཟད། སྙིང་རྗེ་དང་གཞན་ཕན་གྱི་བློ་ལའང་སློབ་སྦྱོང་བྱེད་དུ་འཇུག་དགོས་ཀྱི་འདུག

བུད་མེད་དགེ་རྒན་ཆེན་མོ་དེས་དགའ་སྤྲོའི་ཉམས་དང་ལྡན་པའི་ངང་ནས་དེ་ལྟ་བུའི་སློབ་གསོར་བརྟེན་ནས་བྱིས་པར་འགྱུར་བ་ཐེབས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་། དུས་ཚོད་ཀྱི་རྐྱེན་པས་མོས་བྱེ་བྲག་གི་བྱེད་ཐབས་རྣམས་བསྡུས་ཏེ། ཐད་ཀར “དང་ལེན་དང་སྙིང་སྟོབས།” ཀྱི་སྦྱོང་བརྡར་ཀྱིས་བྱིས་པར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་སྐོར་བརྗོད་དོན། སྦྱོང་བརྡར་གནང་སྟེ་དུས་ཡུན་ངེས་ཅན་ཞིག་འགོར་རྗེས། བྱིས་པ་རྣམས་ཀྱི་སྤྱོད་པའི་ཐད་ལ་འགྱུར་བ་ཆེན་པོ་ཐེབས་ཏེ། རང་ཉིད་ཀྱི་འཚོ་བ་དང་ལས་དབང་ལ་བཅོས་སྒྱུར་བྱེད་ཐུབ་པའི་ངེས་ཤེས་རྙེད་དེ། བྱིས་པ་ཁ་ཤས་སློབ་གྲྭར་འགྲིམས་ཏེ་སློབ་འབྲིང་དུ་བསྐྱོད་པ་དང་། ད་དུང་སློབ་གྲྭ་ཆེན་མོར་འགྲོ་བཞིན་ཡོད་པའང་ཡོད། ཁོ་ཚོས་རང་ཉིད་ཀྱི་ལས་དབང་ལ་བཅོས་སྒྱུར་གཏོང་ཐུབ་ཡོད་པར་མ་ཟད། ད་དུང་གཞན་ལ་རོགས་བྱེད་པའང་ཤེས་ཡོད་ཅིང་། གཞན་ལ་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློའི་སྐོར་ཡང་འགྲེལ་བརྗོད་གནང་གི་ཡོད།

བགྲོ་གླེང་གནང་སྐབས། ཨ་རི་ནས་ཕེབས་པའི་ཟུར་ཉན་པ་ཞིག་གིས་དྲི་བ་ཞིག་དྲིས། བགྲོ་གླེང་འདི་དག་གི་དམིགས་ཡུལ་གཙོ་བོ་དེ་ཅི་ཞིག་རེད་དམ། སློབ་གསོའི་ཆེད་མཁས་པ་རྣམས་ཀྱིས་འདི་ལྟར་ལན་བསྐྱོན། དེའི་དམིགས་ཡུལ་གཙོ་བོ་ནི་སྙིང་རྗེའི་བསམ་བློ་དེ་ཡིན། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་བསླབ་གཞིའི་ཁྲོད་དུ། སློབ་ཚན་དང་པོ་ནི། བྱིས་པ་རྣམས་ལ་སྙིང་རྗེའི་བསམ་བློ་དེ་ངོ་སྤྲོད་གནང་གི་ཡོད། དེ་ནས་སྙིང་རྗེ་ནི་ཅི་ཞིག་ཡིན་ནམ་ཞེ་ན། སྙིང་རྗེའི་ལས་སུ་ཇི་ལྟར་ཞུགས་དགོས་སམ་ཞེ་ན། བློ་རྩེ་གཅིག་ཏུ་གནས་པར་བྱེད་པའི་སྤྱོང་བརྡར་སྤྲོད་པ་དང་། རང་ཉིད་ཀྱི་མྱོང་ཚོར་ངོས་འཛིན་བྱེད་པའི་སྦྱོང་བརྡར་སྤྲོད་པ་སོགས་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས། མཇུག་མཐར་བྱིས་པར་སྙིང་རྗེ་དང་ལྡན་པའི་སྒོ་ནས་རང་གཞན་ལ་འབྲེལ་བ་གནང་དགོས་པ་ཤེས་སུ་འཇུག་གི་ཡོད། ཕྱོགས་འདི་ནས་བཤད་ན། ནང་པའི་སེམས་ཀྱི་སྦྱོང་བརྡར་དང་། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་གཉིས་ཀྱི་ཁ་ཕྱོགས་སའི་དམིགས་ཡུལ་ནི་གཅིག་ཡིན།

ཚན་རིག་པར་མཚོན་ནས་བཤད་ན། དེ་རིང་གི་བརྗོད་གཞི་ནི་ད་དུང་དམའ་རིམ་གྱི་རིག་ཚན་ཞིག་རེད། ཡིན་ནའང་། ཚོགས་ཞུགས་དགེ་འདུན་པ་ཚོར་མཚོན་ན། བློ་རྩེ་གཅིག་གི་ནུས་པ་གོང་མཐོར་གཏོང་བ་དང་། སེམས་འདུལ་བ་ལ་སོགས་ཀྱི་བློ་སྦྱོང་གི་རྨང་གཞིའི་ཤེས་བྱའི་ཐད་ནས། རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ལ་ལོ་ངོ་སྟོང་ཕྲག་གི་ཉམས་མྱོང་དང་། ཕུན་སུམ་ཚོགས་པའི་ཤེས་བྱ་ལྡན་སྟབས། ཁོ་ཚོས་དེའི་ཐད་ཀྱི་བྱེད་ཐབས་རྣམས་ལྷུག་ལྷུག་ངང་བརྗོད་སོང་། དེར་བརྟེན། ཕྱི་དྲོའི་བགྲོ་གླེང་གི་ནང་དུ་དགེ་འདུན་པ་རྣམས་ཧུར་ཐག་གིས་ཞུགས་ཏེ། དྲི་བ་སྣ་ཚོགས་བཀོད་པར་མ་ཟད། ལྟ་ཚུལ་དང་དོགས་འདྲི་ཁ་ཤས་ཀྱང་གནང་སོང་། ཚོགས་ཞུགས་པ་ཡོངས་ལ་ཤེས་བཞིན(Meta-awareness)གྱི་གོ་དོན་ཐད་ནས། དྲི་བ་མང་པོ་ཞིག་བསླེབས་ཏེ། ཚན་རིག་པ་དང་དགེ་འདུན་པ་རྣམས་ཡང་ནས་བསྐྱར་དུ་དེའི་སྐོར་ལ་བགྲོ་གླེང་གནང་སྟེ། སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་དེའི་གོ་དོན་དེ་ཕན་ཚུན་ལ་འགྲེལ་བཤད་གནང་པར་འབད་རྩོལ་བྱས།

དེ་ནས། རྒྱ་གར་གྱི་ཤེས་ཡོན་པ་ཞིག་གིས་ཚན་རིག་པ་ཚོར་འདི་འདྲའི་དྲི་བ་ཞིག་དྲིས། དེ་རིང་ཚན་རིག་པ་རྣམས་ཀྱིས་བརྡ་ཆད་མང་པོ་ཞིག་བཀོལ་སོང་། བརྡ་ཆད་དེ་དག་མི་འདྲ་ན་ཡང་། དོན་ནི་མཚུངས་པར་སྣང་པས། དེ་དག་གཅིག་གྱུར་བཟོས་ན་འགྲིག་གམ། དེ་འདྲའི་དོན་དག་མཚུངས་པའི་བརྡ་ཆད་མང་པོ་ཞིག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་དག་ལ་དོན་དངོས་སུ་ཁྱད་པར་ཅི་ཞིག་ཡོད་དམ། ཁོས་རང་ཉིད་ནི་བརྡ་ཆད་དེ་དག་གི་ཐད་ནས་མགོ་འཐོམས་སོང་ཞེས་བརྗོད། དྲི་བ་འདི་ནི་ཟུར་ཉན་པ་མང་པོ་ཞིག་གིས་འདྲི་ན་འདོད་པའི་གནད་དོན་ཞིག་རེད། དེ་ནས། དབང་རྩའི་ཚན་རིག་པ་ཏ་ཝི་ཏ་སིན་ལགས་ཀྱིས་ཚན་རིག་པ་ཚོའི་ཚབ་བྱས་ཏེ་དྲི་བ་དེར་ལན་བསྐྱོན། དེང་གི་ཚན་རིག་པ་ཚོས་རང་བྱུང་ཁམས་ཀྱི་གསང་བ་དང་། མིའི་ཀླད་པ་དང་སེམས་ཀྱི་གསང་བའི་ཐད་ལ་ཞིབ་འཇུག་བྱེད་ཆེད། ངེས་པར་དུ་ཚོད་ལྟ་ཁང་ནས་ཞིབ་འཇུག་གི་ཡུལ་ལ་ཚོད་ལྟ་དང་བརྟག་དཔྱད་གནང་གི་ཡོད་ཅིང་། ཞིབ་འཇུག་བྱ་ཡུལ་གྱི་ཚོད་ལྟའི་ཚད་གཞི་གཏན་ལ་ཕབས་ཀྱི་ཡོད་པ་དང་། ཚད་གཞི་དེ་དག་གི་ཚད་ཡོད་ཀྱི་ཆ་རྐྱེན་ལའང་ཞིབ་ཚགས་པའི་སྒོ་ནས་ཚད་འཇལ་བྱེད་ཀྱི་ཡོད། ཚད་འཇལ་གནང་བ་དེ་དག་གི་ཚད་ཐིག་གི་མིང་བརྡ་དེ་དག་ནི། ཚན་རིག་གི་བརྡ་ཆད་ཡིན། ཚན་རིག་གི་བརྡ་ཆད་བར་གྱི་ཁྱད་པར་ནི། ཁ་ཤས་ཧ་ཅང་ཆུང་ཞིང་། ཁ་ཤས་ཧ་ཅང་ཆེན་པོ་ཞིག་ཡིན། ཡིན་ནའང་། དེ་དག་ལྷན་ཏུ་བསྲེས་མི་རུང་། ཚན་རིག་གི་ཚད་འཇལ་དང་། དོན་གང་ཞིག་ལ་བརྡ་ཆད་གང་ཞིག་འདོགས་པ་དེ་རང་ཡང་ཚན་རིག་འཚོལ་ཞིབ་ཀྱི་ཆ་ཤས་ཤིག་ཡིན། དེར་བརྟེན། ཚན་རིག་པ་རྣམས་ཀྱིས་བློ་རྣལ་མར་གནས་པའི་སྒོ་ནས་ཚན་རིག་གི་ཚད་འཇལ་དང་མཚན་ཉིད་བཅས་ལ་ལྟ་དགོས། ཞེས་བརྗོད་སོང་།

མ་རྩོམ་དྲ་ཐག http://xizang-zhiye.org/2018/03/%E7%AC%AC33%E5%B1%8A%E5%BF%83%E6%99%BA%E4%B8%8E%E7%
94%9F%E5%91%BD%E5%AF%B9%E8%AF%9D%E4%BC%9A%E7%AC%AC%E4%B8%89%E5%A
4%A9%E6%95%99%E8%82%B2%E7%A0%94%E7%A9%B6%E4%B8%AD%E7%9A%84%E5%85%83/

བོད་འགྱུར། 

བགྲོ་གླེང་ཉིན་དང་པོ། https://tibettimes.net/2018/03/17/167874/
ཉིན་གཉིས་པའི་ཚན་པ་དང་པོ། https://tibettimes.net/2018/03/22/167987
ཉིན་གཉིས་པའི་ཚན་པ་གཉིས་པ། https://tibettimes.net/2018/03/23/168018/
ཉིན་གསུམ་པའི་ཚན་པ་དང་པོ། https://tibettimes.net/2018/03/28/168129/

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese