མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་གྲྭའི་ནང་གི་སྤྱི་ཚོགས་སེམས་སྦྱོང་གི་སློབ་གསོ།

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་གཉིས་པའི་ཚན་པ་གཉིས་པ།

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གསུམ་པ་ནི། ཇེ་ནི་ཧྥེར-ནོ་ཁུ་སི(Jennifer Knox)་རེད། མོ་ནི་སློབ་གསོའི་ཐད་ལ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ལས་ཀ་གནང་མྱོང་བའི་ཉམས་མྱོང་ཅན་གྱི་དགེ་རྒན་ཞིག་ཡིན་པར་མ་ཟད། ཨ་རི། ཡུ་རོབ། ཨེ་ཤི་ཡ་བཅས་ནས་སློབ་ཁྲིད་ཀྱང་གནང་མྱོང་འདུག གྷོར་གྷི་ཡ་མངའ་སྡེ་མཐོ་སློབ(Georgia State University)ནས་སྤྱི་ཚོགས་རང་བཞིན་ཅན་དང་། སེམས་སྦྱོང་ཀུན་སྤྱོད་སློབ་གསོའི(Social Emotional Ethical Learning )ལས་གཞིའི་ཚོགས་མི་ཞིག་རེད། ད་དུང་། ལས་གཞི་དེའི་བསླབ་གཞི་རྩོམ་སྒྲིག་གནང་མཁན་གཙོ་བོ་ཞིག་ཀྱང་རེད།

ཇེ་ནི་ཧྥེར-ནོ་ཁུ་སི་ཡིས་ཨ་རི་ལྷོ་ཕྱོགས་གྷོར་གྷི་ཡ་མངའ་སྡེ་རུ་ཡོད་ཅིང་། སློབ་མ་༢༦༠༠ ཡོད་པའི་སློབ་གྲྭ་ཞིག་གི་ནང་དུ་སྤེལ་བའི་སྤྱི་ཚོགས་རང་བཞིན་ཅན་དང་། སེམས་སྦྱོང་ཀུན་སྤྱོད་སློབ་གསོའི་ལས་གཞི་ཞིག་ངོ་སྤྲོད་གནང་། མོ་ནི་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན་པ་ཞིག་རེད། མོས་རང་ཉིད་ཀྱིས་བསྒྲུབས་པའི་སློབ་གསོའི་ལས་གཞི་འདི་ནི། ཏཱ་ལའི་བླ་མ་མཆོག་གི་ལྗགས་རྩོམ<< ཆོས་ལུགས་ཀྱི་ས་མཚམས་ལས་འདས་པ། -འཇིག་རྟེན་སྤྱི་ཡོངས་ཀྱི་ཀུན་སྤྱོད། >> ཅེས་པ་དེའི་ཤུགས་རྐྱེན་དང་སྐུལ་ལྕག་ཐེབས་པ་ཞིག་ཡིན། སྤྱི་ཚོགས་རང་བཞིན་དང་། སེམས་སྦྱོང་ཀུན་སྤྱོད་སློབ་གསོའི་ལས་གཞི་དེ་ནི། བྱིས་པ་རྣམས་ལ་ཆུང་དུས་ནས་བཟུང་སྟེ་རང་ངོ་ཟིན་པ་དང་། གཞན་ལ་རྒྱུས་ལོན། རང་གཞན་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་ཡིན་པའི་ངོས་འཛིན། སྙིང་རྗེའི་བསམ་བློ་སྐྱེད་སྲིང་། མིའི་འབྲེལ་བའི་ཐད་ཀྱི་དཀའ་ངལ་སེལ་ཐབས་དང་སྙོམ་ཐབས་བཅས་ཀྱི་སྐོར་ལ་སློབ་སྦྱོང་དང་སྦྱོང་བརྡར་སྤྲོད་པ་ཞིག་ཡིན། སློབ་མ་སྒེར་གྱི་སྙིང་རྗེའི་བསམ་བློ་དེ་སྐྱེད་སྲིང་བྱས་ཏེ། ཚོགས་སྡེ་རུ་རྒྱ་སྐྱེད་པ་དང་། དེ་ནས། ངོས་ཟིན་དང་། སྙིང་རྗེ། ལག་ལེན་བཅས་སྤྱི་ཚོགས་བྱིངས་ལ་རྒྱ་སྐྱེད་དགོས་པ་བརྗོད་སོང་།

སྐབས་དེར། ༧གོང་ས་ཏཱ་ལའི་བླ་མཆོག་གིས་མོའི་བཤད་མཚམས་བཅད་དེ། སྙིང་རྗེ་ནི་ཅི་ཞིག་རེད་དམ། སྙིང་རྗེ་ནི་རང་ཉིད་ཡོངས་སུ་བློས་གཏོང་བྱེད་པ་དེ་ཡིན་ནམ། སྙིང་རྗེའི་བསམ་བློ་དེར་རང་ཉིད་ལ་དགའ་ཞིང་། རང་ཉིད་ལ་བདག་སྐྱོང་བྱེད་པའི་བློ་དེའང་འདུས་ཡོད། དེར་བརྟེན། སྙིང་རྗེ་ནི། རང་དོན་མཐའ་གཅིག་ཏུ་དོར་བའི་ལས་དང་བསམ་བློ་ཞིག་མིན། རང་དོན་ནི་སྐྱེ་དངོས་གང་ཞིག་ཡིན་ཡང་འཚོ་ཐབས་ཀྱི་དགོས་ངེས་རང་བཞིན་ཞིག་ཡིན། ཡིན་ནའང་། རང་དོན་གཉེར་བ་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི། གཞན་ནི་རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་དང་། གཞན་ལ་གྲོགས་བྱེད་པར་བརྟེན་ནས་རང་ཉིད་ལ་ཕན་ཐོགས་ཀྱི་ཡོད་པར་ངོས་ཟིན་འཐོབ་པ་དེ་ཡིན་ཞིང་། འདི་ལ་རྣམ་དཔྱོད་དང་ལྡན་པའི་རང་དོན་གཉེར་སྟངས་ཞེས་བྱ། རིགས་ཅིག་ཤོས་དེ་ནི། རང་དོན་ཁོ་ནར་བསམ་པ་ལས་གཞན་མི་བསམ་པ་དང་། ལས་དེའི་བརྒྱུད་རིམ་གྱི་ཁྲོད་ནས། རང་ཉིད་ལ་ཁོང་ཁྲོ་དང་ཞེ་སྡང་སོགས་ཀྱི་མི་དགེ་བའི་བློ་སྐྱེས་ཏེ་རང་སེམས་ལ་གནོད་ཀྱི་ཡོད། འདི་ནི་བླུན་པོའི་རང་དོན་གཉེར་སྟངས་ཤིག་ཡིན། ང་ཚོར་མཁོ་བ་ནི་རང་གཞན་གཉིས་ཀར་གཅེས་ཤིང་དུངས་པའི་རྣམ་དཔྱོད་དང་ལྡན་པའི་རང་དོན་གཉེར་ཚུལ་དེ་ཡིན།

སྤྱི་ཚོགས་རང་བཞིན་ཅན་དང་། སེམས་སྦྱོང་སློབ་གསོ་འདིའི་ཐད་ཀྱི་གསུང་བཤད་གནང་པ་རྣམས་ནི་གཏིང་ཟབ་ཅིང་། བློ་སྒོ་འབྱེད་ནུས་པའི་རང་བཞིན་ལྡན་ཞིང་། ཁྱད་པར་དུ་སེམས་སྦྱོང་སློབ་གསོ་འདི་ལྟ་བུ་མྱངས་མེད་མཁན་གྱི་མི་རྣམས་ལ་མཚོན་ནས་བཤད་ན། “སེམས་སྦྱོང་སློབ་གསོ།” “སེམས་སྦྱོང་སློབ་སྦྱོང་།” “མྱོང་ཚོར་སྙོམ་པ།” “མྱོང་ཚོར་ངོས་འཛིན།” “མྱོང་ཚོར་བདག་སྐྱོང་།” བཅས་པའི་མིང་བརྡ་འདི་དག་གི་གོ་བ་ནི་གསར་པ་ཞིག་རེད། དྲང་མོར་བཤད་ན། བྱིས་པ་དང་ན་གཞོན་གྱི “སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ” ཞེས་པའི་ལས་གཞི་འདི་ནི། ནུབ་ཕྱོགས་ཀྱི་སློབ་གསོའི་སྒྲོམ་གཞིའི་ཁྲོད་དུའང་རྣམ་པ་གསར་པ་ཞིག་ཡིན་ཞིང་། ད་སྔ་ད་དུང་ཞིབ་འཇུག་དང་ཚོད་ལྟའི་གནས་རིམ་ཞིག་ཏུ་ཡོད་ཅིང་། ཁྱབ་ཁོངས་མང་པོ་ཞིག་གི་ཁྲོད་ན་ད་དུང་ཞིབ་འཇུག་དང་ཚོད་ལྟ་གནང་གི་མེད་པ་འདྲ་ལ། དེའི་ལེགས་ཉེས་ཀྱི་གྲུབ་འབྲས་ཐད་ལའང་ཞིབ་འཇུག་མང་པོ་ཞིག་གནང་མེད་ཚོད་མཆིས་ཞེས་དགོངས་འཆར་ཞིག་གསུངས་སོང།

ཕྱི་དྲོར་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་བསླབ་གཞི་ངོ་སྤྲོད་གནང་རྗེས། རང་དབང་མེད་པར་དྲི་བ་ཁ་ཤས་ཤིག་སེམས་སུ་འཁོར་བྱུང་། དེང་གི་དངོས་ཡོད་ཀྱི་འཛམ་གླིང་འདི་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་མིན་པ་ནི། ང་ཚོས་ངེས་པར་དུ་ཁས་ལེན་དགོས་ཤིང་། དེ་ནས། སློབ་གྲྭའི་ཕྱི་རོལ་གྱི་སྤྱི་ཚོགས་དེའི་ངོས་ཐད་ནས་བཤད་ནའང་། སྤྱི་ཚོགས་རང་བཞིན་ཅན་དང་། སེམས་སྦྱོང་སློབ་གསོ་འདི་ནི་ཅུང་ཙམ “ཕུགས་བསམ་རང་བཞིན་ཅན” ཞིག་རེད་དམ། བྱིས་པ་དེ་དག་ནར་སོན་རྗེས། རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཉམས་འགྲོའམ།

དྲི་བ་དེ་དག་ནི་ང་ཁོ་ནས་དྲན་བཞིན་པ་ཞིག་ཀྱང་མིན་པར། མི་ཞིག་གིས་མགྱོགས་པོར་འདི་ལྟར་དྲི་བ་དྲིས་སོང་སྟེ། བྱིས་པའི་ལོ་ཚོད་དང་བསྟུན་ཏེ་བསྒྲིགས་ཡོད་པའི་སྤྱི་ཚོགས་རང་བཞིན་ཅན་དང་། སེམས་སྦྱོང་སློབ་གསོའི་ལས་གཞི་འདི་ནི། སློབ་མའི་ཕྱིར་དུ་དགེ་རྒན་ཚོར་ཟབ་སྦྱོང་སྤྲད་དེ། སློབ་གྲྭ་ཁོ་ནའི་ནང་དུ་སྒྲུབ་བཞིན་པ་ཞིག་རེད། ཡིན་ནའང་། སློབ་གྲྭའི་ཁོར་ཡུག་དང་སློབ་གྲྭའི་ཕྱི་རོལ་གྱི་ཁོར་ཡུག་གཉིས་ནི་ཁྱད་པར་ཆེ་སྟབས། ཁོ་ཚོ་དངོས་སུ་སྤྱི་ཚོགས་སུ་ཞུགས་ཏེ་དངོས་ཡོད་སྤྱི་ཚོགས་སྟེང་གི་དཀའ་ངལ་སྣ་ཚོགས་ལ་འཕྲད་སྐབས། འཛིན་གྲྭ་ནས་སྦྱངས་པའི་ཐབས་རྩལ་དེ་དག་གིས་ཕན་ཐོགས་ཐུབ་བམ། ཡང་ན། བྱིས་པ་ཚོར་སེམས་སྦྱོང་སློབ་གསོ་སྤྲོད་པ་དང་ལྷན་དུ་ཕ་མ་རྣམས་ལའང་དེའི་སློབ་གསོ་སྤྲོད་དགོས་སམ།

དགེ་རྒན་ཆེན་མོ་ཚོས་སློབ་གྲྭའི་ཁོར་ཡུག་དང་ཁྱིམ་ཚང་གི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་མི་འདྲ་བ་ནི་ཁས་ལེན་བྱེད་ཅིང་། ཁོང་རྣམ་གཉིས་ཀྱིས་ཀྱང་གནད་དོན་དེ་དག་གི་སྐོར་ལ་བསམ་བློ་བཏང་མྱོང་འདུག་པར་མ་ཟད། དེའི་ཐད་ལ་འབད་བརྩོན་ཡང་གནང་འདུག དཔེར་ན། ཁྱིམ་བདག་དང་ལྷན་དུ་ཚོགས་འདུའང་འཚོགས་འདུག ཡིད་ཕངས་པ་ཞིག་ལ། ཁྱིམ་བདག་ཚོས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ལ་སྤྲོ་སྣང་ཆེན་པོ་ཞིག་མེད་པས་མཉམ་འབྲེལ་དང་རྒྱབ་སྐྱོར་འཐོབ་རྒྱུ་ཁག་པོ་ཆགས་འདུག དེ་ཡང་ལོས་ཡིན་ཏེ། ཁྱིམ་བདག་རྣམས་ལས་ཀ་དང་ཁྱིམ་ཚང་གི་གནོན་ཤུགས་ཀྱི་རྐྱེན་པས། སེམས་སྦྱོང་སློབ་གསོའི་སྦྱོང་བརྡར་ཁྲོད་ཞུགས་ཐུབ་ཀྱི་མེད། དེར་བརྟེན། ཁོང་རྣམ་གཉིས་ཀྱིས་ཉིན་གུང་གི་དུས་ཚོད་སྤྱད་དེ། ཁྱིམ་བདག་རྣམས་ལའང་སེམས་སྦྱོང་སློབ་གསོའི་ཐད་ལ་སྦྱོང་བརྡར་སྤྲོད་པའི་འཆར་གཞི་སྒྲིག་གིན་འདུག་ཅིང་། ད་དུང་ལག་ལེན་དུ་བསྟར་མི་འདུག ཡིན་ནའང་། དགེ་རྒན་ཞིག་གིས་བྱིས་པ་ཁ་ཤས་ཀྱིས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ནས་གང་སྦྱངས་པ་རྣམས་ཕ་མ་རྣམས་ལ་བཤད་ཀྱི་ཡོད་པ་དང་། ཡང་། བྱིས་པ་ཁ་ཤས་ཀྱིས་འཛིན་གྲྭའི་ནང་ནས་སྦྱངས་པའི་མྱོང་ཚོར་ལ་བདག་སྐྱོང་བྱེད་ཐབས་དང་། དེའི་ཤེས་བྱ་སྤྱད་དེ་རང་ཉིད་དང་ཁྱིམ་མིའི་བར་གྱི་དཀའ་རྙོག་སེལ་གྱི་ཡོད་ཀྱི་ཡོད་པ་བཤད་སོང་།

སྐད་ཆ་དེས་ང་རང་ལ ༸སྐུ་མདུན་གྱིས་ཡང་ནས་ཡང་དུ་ནན་ཏན་གྱིས་གསུངས་པའི་དགོངས་འཆར་ཞིག་དྲན་དུ་བཅུག་སོང་། དེ་ནི། བདེ་སྐྱིད་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ནི། མི་སྒེར་ངོས་ནས་འགོ་རྩོམ་དགོས། ཞེས་པ་དེ་རེད། བདེ་སྐྱིད་དང་ལྡན་པའི་མི་ཞིག་བྱུང་ན། ད་གཟོད་བདེ་སྐྱིད་དང་ལྡན་པའི་ཁྱིམ་ཚང་ཞིག་ཡོད་ཅིང་། དེ་ནས་བདེ་སྐྱིད་དང་ལྡན་པའི་ཚོགས་སྡེ་ཞིག་ཡོད། དེ་ནས་བདེ་སྐྱིད་དང་ལྡན་པའི་སྤྱི་ཚོགས་ཤིག་ཡོང་གི་ཡོད། དེ་དག་ཚང་མ་མི་སྒེར་རེ་རེར་སློབ་གསོ་ལེགས་པོ་ཞིག་འཐོབ་པར་བརྟེན་ནས་འགོ་རྩོམ་དགོས་པ་ཞིག་ཡིན།

ཕྱི་དྲོའི་བགྲོ་གླེང་གི་སྐབས་སུ། སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས་སྤྲོ་སྣང་ལྡན་པའི་མཐོང་ཚུལ་ཞིག་གླེང་། ཁོ་རང་གིས་མཐོང་ཚུལ་ལ་རྒྱ་གར་གྱི་སེམས་སྦྱོང་སློབ་གསོའི་ལས་གཞི་དང་། ཨ་རིའི་སེམས་སྦྱོང་སློབ་གསོའི་ལས་གཞིའི་ཐད་ནས། གོ་དོན་དང་མིང་བརྡ་སྤྱོད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་དེ་རེད། དེ་ཡང་། རྒྱ་གར་ནང་ ཀུན་སྤྱོད་དང་འབྲེལ་བའི་གོ་དོན་ཞིག་གླེང་སྐབས། ནམ་རྒྱུན་ཀུན་སྤྱོད་དང་། བཟང་སྤྱོད། གཞན་ཕན་སོགས་ཀྱི་ཐ་སྙད་སྤྱོད་ཀྱི་འདུག་ཅིང་། ཨ་རི་དང་ཁ་ན་ཏ་རུ་མིང་བརྡ་དེ་དག་སྣང་མེད་དུ་བཞག་སྟེ། འཛིན་གྲྭའི་ནང་དུ་བདེ་དོན་(well being)དང་། སེམས་བཟང་པོ་ལ་སོགས་སྤྱོད་ཀྱི་འདུག་སྟབས། ཕལ་ཆེར་རྐང་བཙུགས་ཏེ་མིང་བརྡ་དེ་དག་ལ་གཡོལ་ཐབས་བྱེད་པ་དང་འདྲ། གཅིག་བཤད་ན། དེང་གི་མི་རྣམས་ཀྱིས་ཀུན་སྤྱོད་ཅེས་པའི་གོ་དོན་ལ་བསྐྱར་དུ་བགྲོ་གླེང་བྱེད་དགོས་ཀྱི་ཡོད་སྲིད། དེ་ནས། ཁོས་ཚན་རིག་པ་དང་དགེ་རྒན་ཆེན་མོ་བ་ཚོར་འདི་ལྟར་དྲིས། ད་ལྟ་ང་ཚོས་ཀུན་སྤྱོད་ཀྱི་ཐད་ལ་ཡོངས་གྲགས་ཀྱི་སྒོ་ནས་བགྲོ་གླེང་བྱེད་ཆོག་པའི་སྐབས་ཤིག་རེད་དམ་མ་རེད། ཡིན་ནའང་། དགེ་རྒན་ཆེན་མོ་བ་རྣམས་ཀྱི་ལན་ནི་གསལ་ལ་མི་གསལ་བ་ཞིག་རེད།

སློབ་གསོའི་གནད་དོན་ནི་དེང་གི་འཛམ་གླིང་གི་གནད་དོན་ཆེན་པོ་ཞིག་ཡིན། ཇི་ལྟ་བུའི་སློབ་གསོ་ནི་སློབ་གསོ་ལེགས་པོ་ཞིག་ཡིན་ནམ། སློབ་གསོ་གང་ཞིག་འཐོབ་པ་དང་། གང་སྦྱངས་པ། མི་ཇི་ལྟ་བུ་ཞིག་ཏུ་གྱུར་བ་ནི། དོན་གོ་ཆོད་པའི་སློབ་གསོ་ཞིག་ཡིན་ནམ། མངོན་གསལ་ལྟར། སློབ་གསོ་ནི་ཤེས་བྱ་ཁྱབ་སྤེལ་གཏོང་བ་ཙམ་ཞིག་མིན། འོ་ན། སློབ་གསོ་ནི་དེ་ལས་ལྷག་པའི་གཞན་ཅི་ཞིག་ཡིན་ནམ། སློབ་གསོའི་རྩ་བའི་དམིགས་བྱ་ཅི་ཞིག་ཡིན་ནམ། གནད་དོན་འདི་དག་ནི་འཛམ་བུ་གླིང་ཡོངས་ལ་འཕྲད་ཡོད་པ་ཞིག་ཡིན། དེར་བརྟེན། དེ་རིང་གི་ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པ། སློབ་གསོ་ཆེད་མཁས་པ་བཅས་ཀྱི་བགྲོ་གླེང་འདི་ནི། གནད་དོན་དེ་དག་གི་ཐད་ལ་བསམ་གཞིག་བྱེད་པར་ཕན་ཐོགས་ངེས་ཤིག་རེད།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་དང་པོ།https://tibettimes.net/2018/03/17/167874/
“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་གཉིས་པའི་ཚན་པ་དང་པོ།https://tibettimes.net/2018/03/22/167987/

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese