མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སལ་མན་ཁན་ལ་སླར་ཡང་ལོ་ལྔའི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

སལ་མན་ཁན་ལ་བཙོན་འཇུག་ཁྲིམས་ཐག་ལོ་ལྔ་བཅད་ཡོད་སྟབས་ཁོའི་ཁྲིམས་རྩོད་པས་བཙོན་འཇུག་ཕྱིར་འགྱངས་བྱེད་པར་ཞུ་གཏུགས་བྱེད་ཀྱི་ཡིན་སྐོར་བརྗོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཁ་སང་རྒྱ་གར་གྱི་(Bollywood)་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སལ་མན་ཁན་ལ་སླར་ཡང་ཕྱི་ལོ་ ༡༩༩༨ ལོར་གློག་བརྙན་འཁྲབ་སྟོན་བྱེད་སྐབས་རིགས་རྒྱུད་ཆད་ལ་ཉེ་བའི་གཙོད་གཉིས་བསད་པའི་ནག་ཉེས་འོག  རྒྱ་གར་བྱང་ཤར་མངའ་སྡེ་ར་ཇི་སི་ཐན་གྱི་གྲོང་ཁྱེར་ཇོ་ཌི་པོར་ས་གནས་ཁྲིམས་ཁང་ནས་བཙོན་འཇུག་ལོ་ལྔ་དང་། ཉེས་ཆད་ཧིན་སྒོར་ཆིག་ཁྲི་བཅས་བཅད་ཡོད་པ་དང་། ཉེས་དོན་དེ་དང་འབྲེལ་བའི་གློག་བརྙན་འཁྲབ་སྟོན་པ་གཞན་བཞི་ཡི་ནག་ཉེས་གཙང་སེལ་ཆགས་ཡོད་འདུག

 སལ་མན་ཁན་གྱི་ཁྲིམས་རྩོད་པ་ཨེ་ནེན་ཌི་ཌེ་སའེ་(Anand Desai)ལགས་ཀྱིས།  ང་ཚོས་ཁྲིམས་ཁང་གི་ཐག་གཅོད་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ཀྱང་།  ཉེས་དོན་འདིའི་མགོ་མཇུག་བར་གསུམ་ལ་བསམ་ཞིབ་བྱེད་སྐབས། གཙོད་གསོད་སྐབས་སལ་མན་ཁན་གཅིག་པོ་ཡིན་པའི་ངོས་འཛིན་བྱུང་ཡོད་སྟབས། ཁོའི་གློག་བརྙན་འཁྲབ་རོགས་མི་བཞི་ཡི་ནག་ཉེས་གཙང་སེལ་བྱུང་པ་ལྟར་སལ་མན་ཁན་གྱི་ནག་ཉེས་ཀྱང་གཙང་སེལ་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན། སང་ཉིན་ང་ཚོས་ཁྲིམས་ཁང་ལ་ཁོའི་བཙོན་འཇུག་ཕར་འགྱངས་བྱེད་པར་ཞུ་གཏུགས་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཁྲིམས་རྩོད་པ་ཨེ་ནེན་ཌིས་ཁྲིམས་ཁང་དུ་ཕྱི་ལོ་ ༡༩༩༨ ལོའི་གཙོད་གཉིས་དེ་མིས་བསད་པ་མ་ཡིན་པར་འབྱུང་ཁམས་ཀྱི་རྒྱུ་རྐྱེན་འོག་ཤི་ཡོད་སྐོར་བརྗོད་ཀྱི་ཡོད་འདུག

རྒྱ་གར་གྱི་དེ་རིང་ཚོང་ལས་གསར་ཁང་(Business Today)གི་གསར་འགྱུར་ནང་། ད་ལྟའི་ཆར་སལ་མན་ཁན་གྱིས་འགྲན་རྩལ་ཐེངས་གསུམ་པ་(Race 3)ཞེས་པའི་གློག་བརྙན་ཞིག་ཕབ་བསྐྲུན་བྱས་ཏེ་ཁྲོམ་རར་འཐོན་ལ་ཉེ་སྟབས།  བཙོན་འཇུག་ཁྲིམས་ཐག་བཅད་པ་དེས་ཁོ་ལ་ཨ་སྒོར་ས་ཡ་ ༧༧།༤༨ ཀྱིས་གྱོང་གུད་ཐེབས་ཀྱི་ཡོད་པ་མ་ཟད། ཁོའི་གློག་བརྙན་ལ་དགའ་མོས་བྱེད་མཁན་མང་པོ་ཞིག་ཀྱང་བློ་ཕམ་བྱུང་ཡོད་སྐོར་སོགས་བརྗོད་འདུག

རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་ཇ་ཡ་བྷ་ཆན་(Jaya Bachchan)ལགས་ཀྱིས། སལ་མན་ཁན་གྱིས་ད་བར་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་པོ་ཞིག་བསྒྲུབ་མྱོང་ཡོད་སྟབས། ཁོའི་ཉེས་ཆད་གུ་ཡངས་བཏང་ན་འགྲིག་གི་ཡོད་ཀྱང་། ཐེངས་འདིའི་ཁྲིམས་ཆད་ཐད་ང་རང་དགའ་པོ་བྱུང་མ་སོང་།  ཞེས་བརྗོད་ཡོད་པ་དང་། ད་རེས་ཁྲིམས་ཁང་གི་ཐག་གཅོད་དེ་ནི་སལ་མན་ཁན་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་ཐེངས་བཞི་པ་ཡིན་པ་དང་།  ཕྱི་ལོ་ ༢༠༠༦ ལོར་ར་ཇི་སི་ཐན་ཁྲིམས་ཁང་གིས་སལ་མན་ཁན་ལ་རི་དྭགས་རྔོན་པའི་ཉེས་དོན་གཉིས་བཙུགས་ཏེ། ཉེས་དོན་གཅིག་ལ་ལོ་ལྔ་དང་གཅིག་ལ་ལོ་གཅིག་བཅས་ཁྱོན་བསྡོམས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་གཙོད་བསད་པའི་ཉེས་དོན་དང་འབྲེལ་ནས་སལ་མན་ཁན་ལ་ཡིག་ཆ་གང་ཡང་མེད་པར་མེ་མདའ་ཉར་ཡོད་པའི་ཉེས་གཞི་གསར་པ་ཞིག་བཙུགས་ཡོད་པ་དང་།  ཕྱི་ལོ་ ༡༩༩༨ ལོར་སལ་མན་ཁན་གྱིས་གཙོད་གཉིས་བསད་པར་ཁྲིམས་གཏུགས་བྱེད་མཁན་གཙོ་བོ་ནི་བྷེ་ཤི་ནོ་(Bishnoi)ས་གནས་ཡུལ་མི་ཡིན་པ་དང་།  ས་གནས་དེའི་ཡུལ་མི་ཚོས་གཙོད་ནི་ལྷ་བཞིན་བཀུར་ཏེ་ཆོས་སྒྲུབ་ཀྱིན་ཡོད་འདུག

ཡང་ཕྱི་ལོ་ ༢༠༠༢ ལོར་སལ་མན་ཁན་གྱིས་མི་ཞིག་ལ་སྲང་ལམ་ནས་རླངས་འཁོར་གྱིས་བརྡུངས་ནས་གྲོངས་ཡོད་པ་དང་། ཉེས་དོན་དེར་ཁྲིམས་གཏུགས་བསྟུད་མར་བྱས་རྗེས་ཕྱི་ལོ་ ༢༠༡༥ ལོར་ཉེས་དོན་གཙང་སེལ་བྱུང་ཡོད་འདུག

སལ་མན་ཁན་ནི་ད་ལྟ་རང་ལོ་ ༥༢ དང་། རྒྱ་གར་གྱི་གློག་བརྙན་བཟོ་གྲྭ་བྷོ་ལི་ཝོ་ཌའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཁོས་ད་ལྟའི་བར་གློག་བརྙན་མི་འདྲ་བ་ ༡༠༠ ལྷག་འཁྲབ་སྟེ་ད་ལྟ་མ་དངུལ་ཨ་སྒོར་ས་ཡ་ ༣༧ ཙམ་ཡོད་པ་དང་། ངོ་དེབ་གཙོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོ་ལ་དགའ་མོས་བྱེད་མཁན་མི་གྲངས་ས་ཡ་༣༦ ལྷག་དང་། རྒྱ་གར་གྱི་གློག་བརྙན་གཟེངས་རྟགས་སོགས་མང་པོ་ཐོབ་མྱོང་འདུག ད་ལྟ་ཁོ་ལ་བཟའ་ཟླ་མེད་པ་དང་། ཁོས་ད་བར་གོ་ལའི་མཛངས་མ་ཨ་ཤོ་ཡ་བ་རེ་གཙོས་རྒྱ་གར་ནང་མིང་གྲགས་ཡོད་པའི་བུ་མོ་མང་པོའི་ལྷན་དུ་དགའ་རོགས་སོགས་སྒྲིག་མྱོང་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 9 སྔོན།

    ངན་པ་ཚར་མ་བཅད་ན་བཟང་པོ་རྒྱུད་ལ་མི་སྐྱེས་།
    བཟང་ངན་དབྱེ་བ་མ་ཆོད་ན་ཚ་ཁའི་ཁྱི་རོ་མཐའ་མ་ཚ་འགྱུར་།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 9 སྔོན།

    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་།
    བྱེད་པོ་ཐམས་བཅས་ཉེས་པའི་རྒྱུ་ལ་འགྲོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese