མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝེ་ཐི་ནམ་གྱི་དམངས་གཙོ་དོན་གཉེར་བར་ཁྲིམས་ཆད་ལྕི་མོ་བཅད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཝེ་ཐི་ནམ་གྱི་ལས་འགུལ་བ་དྲུག་གིས་ཡུལ་དེའི་དམར་ཤོག་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་བདུན་ནས་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུགཁ་སང་དགོང་མོར་ཝེ་ཐི་ནམ་གྱི་རྒྱལ་ས་ཧཱ་ནོ་(Hanoi)ཡི་ཁྲིམས་ཁང་ཞིག་གིས། ཡུལ་དེའི་ལས་འགུལ་བ་གྲགས་ཅན་ངོ་ཡན་བན་ཊེཡ་(Nguyen Van Dai)ལགས་ལ་བཙོན་འཇུག་ལོ་ ༡༥ དང་། ཁོང་གིས་གསར་འཛུགས་གནང་བའི་ཚོགས་པ་དམངས་གཙོའི་སྤུན་ཟླ་ཡི་ལས་འགུལ་བ་ལྔ་ལ་ལོ་ ༧ ནས་ ༡༢ བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ཝེ་ཐི་ནམ་གྱི་མི་མང་གིས་ཧཱ་ནོ་ཁྲིམས་ཁང་གི་ཁྲོམ་གཞུང་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་ནས་གནད་དོན་དེར་དོ་འཁུར་གནང་བཞིན་ཡོད་འདུག

ལས་འགུལ་བ་གྲགས་ཅན་ངོ་ཡན་བན་ཊེཡ་ལགས་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་དམངས་གཙོའི་ལས་འགུལ་བ་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༦ལོར་ཁོང་གིས་ཝེ་ཐི་ནམ་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཙུགས་པར་བརྟེན་ཕྱི་ལོ་༢༠༠༨ལོར་འཛིན་བཟུང་བྱས་ནས་ལོ་བཞི་ལ་བཙོན་འཇུག་བྱས་དང་། ཕྱི་ལོ་ ༢༠༡༣ ལོར་དམངས་གཙོའི་སྤུན་ཟླ་(Brotherhood for Democracy)ཟེར་པ་ཞིག་གསར་འཛུགས་གནང་བར་བརྟེན། ཕྱི་ལོ་ ༢༠༡༥ ལོར་ཝེ་ཐི་ནམ་ཉེན་རྟོག་པས་ཁོང་དང་ཁོང་གི་ཕྱག་རོགས་གཅིག་བཅས་ལ་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་བཀག་ཉར་བྱས་ཡོད་པ་དང་། ཁ་སང་ཁོང་ལ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཊེཡ་ལགས་ཀྱི་བཟའ་ཟླས་ཁྲིམས་ཁང་ལ་ནག་ཉེས་ར་འཕྲོད་བྱུང་བའི་བདེན་དཔང་ཅི་ཡང་མེད་ཀྱང་། ཁོང་ཚོས་དེ་ལྟར་ཉེས་མིང་བཙན་འགེལ་གྱིས་ཁྲིམས་བཙོན་ཐག་བཅད་ཡོད་སྐོར་བྷི་བྷི་སིའི་གསར་འགོད་པར་བརྗོད་འདུག་ལ། ་ཐི་ནམ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཊེཡ་ལགས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་བཀག་སྡོམ་བྱེད་བཞིན་ཡོད་ཀྱང་། སྤྱི་ཚོགས་དྲ་ལམ་ཁག་དང་རྒྱལ་ཕྱིའི་བརྒྱུད་ལམ་ཁག་ཏུ་ཁོང་གི་གནད་དོན་ལ་དོ་ཁུར་བྱེད་མཁན་མང་པོ་ཡོང་གི་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་(Amnesty International)བདུན་འདིའི་ནང་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ། ཊེཡ་ནི་ཤར་ལྷོའི་ཨེ་ཤ་ཡའི་ཞི་བའི་ལས་འགུལ་བ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟའི་ཆར་ཝེ་ཐི་ནམ་ནང་ཉུང་མཐར་ཆབ་སྲིད་བཙོན་པ་༩༧ གྱིས་བཙོན་ཁང་དུ་ཁྲིམས་ཆད་མནར་གཅོད་མྱོང་བཞིན་ཡོད་སྐོར་བཀོད་འདུག

ཝེ་ཐི་ནམ་སྤྱི་མཐུན་རྒྱལ་ཁབ་ནི་ཕྱི་ལོ་ ༡༩༤༥ ལོར་ཧྥ་རན་སི་བཙན་རྒྱལ་འོག་ནས་རང་བཙན་ཐོབ་སྟེ་དབུ་བརྙེས་ཡོད་པ་དང་། རིམ་བཞིན་ཆབ་སྲིད་ཀྱི་ལྟ་གྲུབ་དབང་གིས་ཝེ་ཐི་ནམ་ལྷོ་ནུབ་གཉིས་སུ་གྱེས། ལྷོ་ནི་སྤྱི་ཚོགས་རིང་ལུགས་སྟེ་རྒྱ་ནག་སོགས་དམར་ཤོག་རྒྱལ་ཁབ་འགའི་རྒྱབ་སྐྱོར་འོག་ཡོད་པ་དང་། ནུབ་ནི་མ་རྩ་རིང་ལུགས་སྟེ་ཨ་རི་སོགས་ཀྱི་རྒྱབ་སྐྱོར་འོག་ཡོད་པར་བརྟེན། ཕྱི་ལོ་ ༡༩༦༥ ནས་གྲགས་ཆེ་བའི་ཝེ་ཐི་ནམ་དམག་འཁྲུག་བྱུང་བ་དང་ཕྱི་ལོ་༡༩༧༥ ལོར་དམག་འཁྲུག་མཇུག་སྒྲིལ་རྗེས། ནུབ་ཝེ་ཐི་ནམ་གྱིས་ལྷོ་ནུབ་གཉིས་ཀྱི་འཛིན་སྐྱོང་གཅིག་སྡུད་ཀྱིས་ད་བར་དམར་ཤོག་ཚོགས་པ་གཅིག་ཁོ་ནས་སྟངས་འཛིན་འོག་ཡོད་པ་རེད།

ཕྱི་ལོ་ ༢༠༠༠ བར་དུ་ཝེ་ཐི་ནམ་གྱིས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་གང་ལ་ཡང་ཐེ་གཏོགས་མ་བྱས་པར་གཟུར་གནས་སུ་བསྡད་པའི་སྐད་ཆ་ཡོད་ཀྱང་། རིམ་གྱིས་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་འགྲིབ་དང་ཆབ་སྲིད་ཐབས་ཇུས་ལ་ཁ་ཕྱོགས་དགོས་བྱུང་ཡོད་པ་དང་། རྒྱལ་ཁབ་དེའི་བྱང་ན་རྒྱ་ནག་དང་ནུབ་ན་ལའོ་སི་Laos་དང་། ཁམ་བྷོ་ཊེ་ཡ་(Cambodia)།  ཤར་དང་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོར་འབྲེལ་ཡོད་འདུག ཕྱི་ལོ་ ༢༠༡༦ ལོའི་ཞིབ་འཇུག་གྲངས་ཐོ་ལྟར་ན། རྒྱལ་ཁབ་དེར་མི་གྲངས་ས་ཡ་ ༩༥ ཙམ་དང་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༣༡,༢༣༠ ཙམ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese