མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅོམ་ལྡན་འདས་ཀྱི་བྲག་བརྐོས་རི་མོ་གསར་དུ་རྙེད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཨ་ཚུར་ཡུལ་ཚོ་ནས་ལོ་ངོ་ ༡༢༠༠ ལྷག་གི་ལོ་རྒྱུས་ལྡན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད་ཡོད་འདུག

ཁ་སང་ཕྱི་ཚེས ༡༠ ཉིན། རྒྱ་གར་(Business Standard)ཞེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཨ་ཚུར་ཡུལ་ཚོའི་ལེ་ཆུ་དང་གསེར་ཆུ་འདྲེས་མཚམས་ཀྱི་ཨ་ཅོག་བྲག་སྣའི་རི་ངོས་ཤིག་ཏུ། དུས་རབས་༩ པ་སྟེ་བོད་བཙན་པོའི་དུས་སྐབས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་ཡོད་འདུག

རི་མོ་དེ་ཐོག་མར་ཡུལ་དེའི་ལམ་བཟོ་བ་ཚོས་རི་ངོས་ཀྱི་རྡོ་གཏོར་སྐབས་རྙེད་ཡོད་པ་དང་།  ཞིབ་འཇུག་པ་ཚོས་སྐུ་བརྙན་དེ་ཕལ་ཆེར་ལོ་ངོ ༡༢༠༠ ལྷག་གི་ཡར་སྔོན་དུ་བྱུང་བ་དང་། སྐུ་བརྙན་དེའི་སྤྱིའི་ཆེ་ཆུང་ལ་བྲག་ངོས་ལས་རིང་ཚད་མི་ཊར་ ༡༠ དང་། བཟོ་བཀོད་ཀྱི་དབྱིབས་སོགས་ལས་རི་མོ་དེ་བོད་བཙན་པོའི་སྐབས་ཀྱི་དུས་རབས་༩ པའི་ནང་བྱུང་སྐོར་བརྗོད་འདུག

བོད་ཀྱི་གནའ་རྫས་རིག་དཔྱད་པ་དང་ལྷ་ས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་གླིང་གི་ཤར་རྒན་དབང་འདུས་ལགས་ཀྱིས། བྲག་བརྐོས་འདི་ལས་བྲག་གཡབ་རྫོང་གི་ལྷོ་རྒྱུད་དང་སྨར་ཁམས་རྫོང་གི་བྱང་རྒྱུད་ཁུལ་གྱི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱི་སྦྲེལ་ཐག་ལྟ་བུ་རྙེད་པ་དང་ཆབས་ཅིག ས་བབ་མཐོ་ཁུལ་དུ་གནས་པའི་ཨ་ཅོག་བྲག་སྣའི་བརྐོས་རིས་འདི་ནི་ལྷོ་བྱང་གི་འགྲིམ་འགྲུལ་མཐུད་མཚམས་ཚིགས་ལྟ་བུ་ཡིན་པས། བོད་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་ནས་ཐུ་བྷོད་ཀྱི་ནང་བསྟན་སྒྱུ་རྩལ་དང་། བོད་ཤར་གྱི་ས་གནས་ལོ་རྒྱུས། ཐུ་བྷོད་ཀྱི་འགྲིམ་འགྲུལ་ལོ་རྒྱུས་སོགས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་རྒྱུར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་ཤིན་ཧྭ་དྲ་བའི་གནས་ཚུལ་ནང་། བྲག་བརྐོས་རི་མོ་གསར་རྙེད་བྱུང་ས་དེ་ད་ལྟ་རྒྱ་ནག་གཞུང་གིས་སྲུང་སྐྱོབ་འོག་བདག་ཉར་བྱེད་མགོ་བརྩམས་ཡོད་པ་དང་། བྲག་བརྐོས་སྐུ་བརྙན་དེས་སྐབས་དེའི་རིག་གནས་དང་སྒྱུ་རྩལ་ཞིབ་འཇུག་ལ་ཕན་ཐོགས་ཆེན་པོ་བྱུང་བ་ཙམ་མ་ཟད་གནའ་བོའི་བྱ་དངོས་སྐྱེལ་འདྲེན་ལ་ཡང་ཕན་ཐོགས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༠༤ ལོ་ནས་གནའ་རྫས་དང་ས་འོག་ཅ་དངོས་རྟོག་ཞིབ་པ་ཚོས་བོད་ནང་གི་ས་ཆ་འདྲ་མིན་དུ་གནའ་རབས་ཀྱི་བྱ་དངོས་ཁྱོན་༥༠༠༠ ལྷག་གསར་རྙེད་བྱུང་ཡོད་པ་དང་། ཅ་དངོས་དེ་དག་གི་གཟུགས་དབྱིབས་དང་བཟོ་བཀོད། བརྐོས་རིས་ཁྱད་ཆོས་འདྲ་མིན་རིགས་དང་དུས་རབས་དང་ལོ་ཚད་རིགས་འདྲ་མིན་བྱུང་ཡོད་པ་རེད། ཆེས་གྲགས་ཆེ་བའི་གནའ་རྫས་གཅིག་ནི་ལྕགས་པོ་རི་ནས་བྲག་བརྐོས་རི་མོ་ཞིག་ཡིན་པ་དང་། ཞིབ་འཇུག་པ་ཚོས་རི་མོ་དེ་དུས་རབས་ ༧ པའི་ནང་བྱུང་བར་བརྗོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    ཧཧསྟོན་པ་བཅོམ་ལྡན་འདས་ཀྱི་བྲག་བསྐོས་རི་མོ་ཟེར་ན་ཅི་རེད་སྟོན་པའི་འདྲ་སྐུ་བྲག་བསྐོས་ཡིན་སྲིད་སྟོན་པ་བཅོམ་ལྡན་འདསཀྱི་བྲག་བསྐོས་རི་མོ་ཟེར་དུས་བཅོམ་ལྡན་འདས་ཀྱི་བྲག་ལ་རི་མོ་བསྐོས་པ་ལ་གོ་ནོར་ཐེབ་སྲིད་པ་མ་རེད་དམ་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese