མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ལས་འགུལ་ནང་ཞུགས་པ་རྒྱ་ནག་གཞུང་གིས་ཧ་གོ་ན་དཔེ་བསགས་རེད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་དང་རྒྱ་ནག་བར་འབྲེལ་ལམ་ལོ་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན་བལ་ཡུལ་ནང་གི་སྐྱབས་བཅོལ་ལག་འཁྱེར་མེད་པའི་བོད་མི་རྣམས་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་འདུག

ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་དང་། རྔམ་སྟོན་ཁྲོམ་སྐོར་ཐེངས་མང་བྱས་པར་བརྟེན། བལ་གཞུང་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་རྣམས་ལ་གང་བྱུང་གཅར་རྡུང་དང་སེར་སྐྱ་ཕོ་མོ་མང་པོ་སྔ་གཞུག་ཏུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། སྐབས་དེ་ཙམ་ནས་བཟུང་རྒྱ་གཞུང་གིས་བལ་ཡུལ་གཞུང་ལ་དཔལ་འབྱོར་རོགས་རམ་གྱི་མིང་ཐོག་ནས་ཡུལ་གཉིས་ཀྱི་དཔོན་རིགས་བར་འབྲེལ་ལམ་ཇེ་ཟབ་ཏུ་བཏང་བ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་ཡུན་གནས་ཡོང་བར་ཐོག་དང་པོ་ཕན་ཚུན་གུས་གཙི་ལྡན་ཞིང་ལྷིང་འཇགས་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་དགོས་འདུན་བཏོན་པ་ལྟར། བལ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་རེ་སྐུལ་ལ་ལྟོས་མེད་ཀྱིས་བལ་ཡུལ་བོད་མིར་དམ་དྲག་གི་སྲིད་བྱུས་ཇེ་བཙན་དུ་བཏང་བ་མ་ཟད། ཉེ་བའི་ལོ་ཁ་ཤས་རིང་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་དང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་བོད་མིའི་གཞུང་འབྲེལ་མཛད་སྒོ་ཁག་ཚོགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་མ་ཟད། དམག་མི་མང་པོ་ཆེད་གཏོང་གིས་མཆོད་རྟེན་ཁུལ་དང་སྣེ་ལེན་ཁང་། གཞིས་ཆགས་སོགས་ཀྱི་ནང་དམིགས་བསལ་དམ་དྲག་དང་ལྟ་སྲུང་གི་འགུལ་སྐྱོད་ཤུགས་ཆེ་རུ་བཏང་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན། འདས་ལོར་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་ཡོད་པའི་ཉིན་ཤིང་དགོན་པའི་ནང་དུ་དུས་དྲན་མཛད་སྒོ་ཚོགས་སྐབས་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་པ།ད་དུང་གསང་བའི་ལས་ཁུངས་ཀྱི་མི་སྣ་བསླེབས་ཏེ། སྒྲིག་བཤོམ་བྱས་པའི་༧རྒྱལ་བའི་སྐུ་པར་བཙན་དབང་གིས་བཀོག་པ་དང་མི་མང་ཁ་འཐོར་དུ་བཏང་ཡོད་པ་ནི། ད་ལྟའི་བལ་ཡུལ་བོད་མིའི་རང་དབང་གི་གནས་སྟངས་ག་འདྲ་ཞིག་ཏུ་ལྷུང་ཡོད་མེད་ཀྱི་གསལ་བཤད་ཅིག་ཆགས་པ་རེད།

བལ་ཡུལ་མཆོད་འཇོར་ས་གནས་གཞིས་མགོ་སྐལ་བཟང་དོན་འགྲུབ་ལགས་སུ། བལ་ཡུལ་དང་རྒྱ་ནག་གཞུང་བར་འབྲེལ་ལམ་ཇེ་ཟབ་དུ་སོང་བ་ལ་བརྟེན་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་གང་འདྲ་འཕྲད་ཀྱིན་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་ན་རྒྱ་ནག་དང་བལ་ཡུལ་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ལྷག་པར་དུ་བལ་ཡུལ་ནང་ཆུ་དང་གློག གཞུང་ལམ་འགྲིམས་འགྲུལ། རང་བྱུང་གི་ཐོན་ཁུངས་སོགས་ཀྱི་ཐོག་ནས་རང་ཁ་རང་གསོ་ཐུབ་པའི་ཆ་རྐྱེན་མེད་པར་བརྟེན། ཕྱོགས་གཅིག་ནས་རྒྱ་ནག་དང་ཕྱོགས་གཉིས་ནས་རྒྱ་གར་ལ་བསྟུན་དགོས་ཀྱི་ཡོད་སྟབས། བོད་མི་སྐྱབས་བཅོལ་བའི་སྟེང་བལ་ཡུལ་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ལ་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་གསལ་བོ་རེད། ལྷག་པར་དུ་རྒྱ་ནག་གཞུང་དང་བལ་གཞུང་གསར་པའི་དཔོན་རིགས་བར་ཐུག་འཕྲད་བྱུང་སྐབས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བལ་ཡུལ་ནང་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་སྤེལ་རྒྱུ་དང་། དཔལ་འབྱོར་གྱིས་རོགས་རམ་བྱ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་། བལ་གཞུང་གསར་པའི་དཔོན་རིགས་ ཚོས་ཀྱང་རེ་འདོད་ཆེ་བའི་རྣམ་འགྱུར་སྟོན་གྱི་ཡོད་པར་གཞིགས་ན། མ་འོངས་པར་བལ་ཡུལ་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་བར་རྒྱ་ནག་གིས་ནུས་ཤུགས་ཆེན་པོ་འདོན་འཆར་ཡོད་ཚོད་འདུག ཡིན་ནའང་། དུས་ལ་མ་བབ་ན་བཤད་ཐུབ་ཀྱི་མིན་འདུག ཅེས་བརྗོད་བྱུང་།

བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་དཀའ་ངལ་སྐོར་ལ་ཁོང་གིས། སྤྱིར་ན་བལ་ཡུལ་ནང་བོད་མི་སྟོང་ཕྲག་ཁ་ཤས་ཡོད་པ་དང་དེའི་ནང་ནས་བོད་མི་ཉུང་ཤས་ཤིག་ལ་དེ་སྔ་བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་ཁྱེར་སྤྲད་ཡོད་པ་རེད། ལག་ཁྱེར་ཡི་གེ་དེ་ཡང་ལོ་རེར་བཞིན་ཐོ་འགོད་ཞིབ་གཤེར་གྱིས་མུ་མཐུད་ས་རྟགས་བཀོད་བཞིན་ཡོད་པ་རེད། ད་དུང་བོད་མི་མང་ཆེ་ཤོས་ཤིག་ལ་ལག་ཁྱེར་ཡི་གེ་ཅི་ཡང་མེད་པར་ལྷག་བསྡད་ཡོད་སྟབས། ད་བར་དུ་སྔ་ཕྱི་བར་གསུམ་དུ་ས་གནས་གཞིས་མགོ་དང་དོན་གཅོད་བཅས་ཀྱིས་བལ་ཡུལ་གཞུང་དང་འགྲོ་བ་མིའི་ཐོང་ཐང་ཚོགས་པ་སོགས་སུ་འབྲེལ་ལམ་ཞུས་ཏེ། སྐྱབས་བཅོལ་བོད་མི་ཡིག་ཆ་མེད་མཁན་ཚོར་བལ་ཡུལ་གཞུང་ནས་གནས་སྡོད་ཆོག་པའི་ཡི་གེ་ཞིག་གནང་སྐྱོང་ཡོང་བའི་རེ་བ་ཞུས་ཡོད་ཀྱང་། ད་དུང་ལག་ལེན་དུ་ཁེལ་མེད་སྟབས་མང་ཚོགས་གི་དཀའ་ངལ་ཆེ་ཤོས་ནི་ལག་ཁྱེར་ཡི་གེ་གང་ཡང་མེད་པ་དེ་རེད། ཅེས་བརྗོད་བྱུང་།

མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་རུ་ཡོད་པའི་བོད་རིགས་ཚོང་བ་ཁག་ཅིག་ལ་ཚོང་ལས་དང་འབྲེལ་བའི་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་དྲིས་པར། བལ་ཡུལ་ནང་ཚོང་ལས་གཉེར་བཞིན་པའི་བོད་རིགས་ཚོང་བ་མང་པོ་ཞིག་ལ་རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག་ཡོད་པར་བརྟེན། བལ་བོད་གཉིས་བར་ཚོང་རྫས་སྐྱེལ་འདྲེན་བྱེད་རྒྱུར་དཀའ་ངལ་ཆེན་པོ་མེད་ཀྱང་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་རིགས་ལ་ཁོང་ཚོ་མཉམ་ཞུགས་བྱེད་ཐུབ་ཀྱིན་མིན་འདུག གལ་ཏེ་ཆབ་སྲིད་དང་འབྲེལ་བའི་ལས་རིགས་སྣ་གཅིག་གི་ནང་དུ་འཛུལ་བ་རྒྱ་ནག་གིས་ཤེས་རྟོགས་བྱུང་ཚེ། ཚོང་ལས་གཉེར་རྒྱུར་བཀག་རྒྱ་ཐེབས་ཀྱི་རེད། དེ་ནས་སོ་སོའི་ཁྱིམ་ཚང་གི་འཚོ་བའི་ཁ་སྣོན་དང་ལྟོ་རྒྱབ་ཀྱི་ཆེད་དུ་གཉེར་བའི་ཚོང་ལས་དེ་བྱེད་མ་ཐུབ་པ་ཡིན་ན་དཀའ་ངལ་འདི་སུ་ལའང་བཤད་ས་མེད་པ་ཞིག་ཡིན་པས་ང་ཚོས་འགྲོ་ཤེས་དང་བསྟུན་ཤེས་བྱས་ནས་ཚོང་གཉེར་བཞིན་ཡོད། ཅེས་བརྗོད་བྱུང་།

 ཡང་རྒྱ་ནག་གི་ཅ་དངོས་ཚོང་མཁན་བོད་རིགས་ཚོང་པ་གཞན་ཞིག་གིས། ཁོང་ལོ་གཅིག་གི་ནང་བོད་དང་བལ་ཡུལ་བར་ཐེངས་གསུམ་ནས་བཞི་ཙམ་ལ་ཡར་འོང་མར་འགྲོ་བྱེད་ཀྱིན་ཡོད་པ་དང་ཚོང་དོན་ཁོ་ནའི་ཆེད་མ་གཏོགས་གཞན་དོན་དག་ཅི་ཡང་མེད་པ་རྒྱ་ནག་ལ་གསལ་བོར་བཤད་དགོས་ཀྱིན་འདུག དེ་ལ་བརྟེན་ནས་རྒྱ་ནག་གི་ཕྱི་བསྐྱོད་ལམ་ཡིག་བེད་སྤྱོང་གཏོང་བཞིན་ཡོད། བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ཕལ་ཆེ་བས་ཚོང་ལས་གཉེར་ཏེ། བལ་ཡུལ་ནང་བཟོས་བའི་ས་གདན་གྱི་རིགས་དང་མཆོད་ཆས་ཀྱི་རིགས།  བྷོ་ངྷི་དང་རག་ཤའི་ཕྲེང་བའི་རིགས་སོགས་མར་བོད་ནང་དུ་བསྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནས་ཡར་གྱོན་ཆས་ཀྱི་རིགས་དང་ཞོར་ཟས་རིགས་སྣ་ཚོགས།  བོད་ཟོས་མར་རྩམ་དང་གྲོ་མ།  ཁྱིམ་ཚང་གི་དགོས་ངེས་མཁོ་ཆས་ཙག་ཙིག་སྣ་ཚོགས་དབོར་འདྲེན་གྱིས་བཙོང་བཞིན་ཡོད། ཅེས་བརྗོད་བྱུང་།

  ད་ལྟའི་ཆར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཀྲུ་ནང་དབུས་བོད་མིའི་སྒྲིགས་འཛུགས་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་བཞི་དང་སྤོག་ར་ས་གནས་སུ་སློབ་གྲྭ་བཞི།   ཚེ་རོགས་ནས་སློབ་གྲྭ་གཅིག  མ་ནིང་ནས་གཅིག་བཅས་ཁྱོན་སློབ་གྲྭ་ཁག་བཅུ་ཡོད་པ་དང་། བལ་ཡུལ་ཤར་ཁམ་བུ་ནས་སློབ་གྲྭ་གཅིག་དང་ར་ས་ཝ་སློབ་གྲྭ་ཞེས་པ་གཉིས་སྒོ་བརྒྱབ་ཡོད་འདུག ད་ཡོད་སློབ་གྲྭ་ཁག་བཅུའི་ནང་དུ་བོད་རིགས་སློབ་མ་བརྒྱ་ཆའི་སུམ་བཅུ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་བརྒྱ་ཆའི་ ༧༠ ཟིན་ཡོད་འདུག འཛིན་རིམ་ ༡༢ མཐར་སོན་རྗེས་བལ་ཡུལ་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གྱི་སློབ་གྲྭར་ཕྱིན་ཏེ་བལ་སྐད་ལ་བྱང་ཆུབ་པ་བྱུང་ན་བལ་ཡུལ་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བར་ཕན་ཐོགས་ཡོད་སྐོར་བརྗོད་ཀྱི་འདུག

ཕྱི་ལོ་ ༢༠༡༡ ལོར་ཤར་ཁུམ་བུ་བདེ་ལེགས་གླིང་གཞིས་ཆགས་ཀྱི་མི་མང་སྐུ་ཚབ་སྐུ་ཞབས་ངེས་དོན་དབང་ཕྱུག་ལགས་སུ། འདི་གའི་གསར་འགོད་པས་བལ་གཞུང་གིས་ཁོང་ཚོར་དཀའ་ངལ་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྔོན་ཆད་བལ་ཡུལ་གཞུང་གིས་བོད་པ་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་ཡོད་སྟབས། འགྲུལ་བཞུད་དང་ལས་ཀ་བྱེད་ཕྱོགས་ཐོག་ཅུང་སྟབས་བདེ་ཡོད་ནའང་། ཕྱིས་སུ་ལག་འཁྱེར་སྤྲོད་མཚམས་བཞག་སྟེ། ང་ཚོའི་བུ་ཕྲུག་ཚོ་རང་ལོ་ ༣༠ ལ་བསླེབས་ཡོད་ཀྱང་། བལ་གཞུང་གི་ཁྲིམས་མཐུན་ཡིག་ཆ་གཅིག་ཀྱང་ཡོད་པ་མ་རེད། ཕྲུ་གུ་ཚོ་རྒྱལ་སའི་བོད་སློབ་ཁག་ཏུ་འགྲོ་དགོས་དུས། ལོ་གཅིག་ལ་ཐེངས་གཅིག་ཙམ་ལས་ཁྱིམ་དུ་ལོག་ཐུབ་ཀྱི་མེད་ལ། ས་ཐག་རིང་པོ་ཡིན་པ་དང་རླངས་འཁོར་ལམ་ཁ་མེད་པ་སོགས་ཀྱིས་ཕར་ཚུར་འགྲོ་སྐབས་གནམ་གྲུར་བསྡད་དེ་འགྲོ་དགོས་པ་རེད། འོན་ཀྱང་། སློབ་ཕྲུག་ཚོར་ཡིག་ཆ་མེད་དུས་གནམ་གྲུར་སྡོད་རྒྱུར་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་ལ། གནམ་ཐང་ནས་ཀྱང་ཉེན་རྟོག་པ་ཚོས་སློབ་ཕྲུག་ཚོ་བཀག་ཉར་དང་སུན་པོ་བཟོ་བཞིན་འདུག གལ་སྲིད་གནམ་གྲུར་སྡོད་མ་ཐུབ་པ་ཡིན་ན། རྒྱལ་ས་ནས་རླངས་འཁོར་ནང་ཉིན་ཕྱེད་ཙམ་ལས་འགྲོ་ཐབས་ཡོད་པ་མ་རེད། དེ་ནས་རྐང་པ་བརྒྱབ་སྟེ་ཉིན་བཅུ་ཙམ་ལ་སོང་ན། གཞི་ནས་ཁྱིམ་དུ་བསླེབ་ཐུབ་ཀྱི་ཡོད། ཡིག་ཆ་མེད་པ་དེ་ང་ཚོའི་གཞིས་མིའི་དཀའ་ངལ་ཆེ་ཤོས་དེ་ཡིན། ཅེས་བརྗོད་བྱུང་།

 ངེས་དོན་དབང་ཕྱུག་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༡༩༦༠ ནང་ཤར་ཁུམ་བུ་གཞིས་ཆགས་ནང་གཞིས་མི་ ༣༠༠༠ ལྷག་ཡོད་ཀྱང་། གཞིས་མི་མང་པོ་རིམ་བཞིན་བལ་ཡུལ་རྒྱལ་སར་གནས་སྤོར་བྱས་ཏེ་མི་ ༥༠ ཙམ་ལས་ལྷག་མེད་པ་དང་། ལྷག་ཡོད་པ་ཚོ་ཡང་རྒན་འཁོགས་རྐྱང་རྐྱང་ཡིན་འདུག དང་ཐོག་གཞིས་ཆགས་དེར་བོད་མིའི་སྒྲིག་འཛུགས་ནས་གཏན་སློབ་ཅིག་བཙུགས་ཡོད་ཀྱང་། ཕྱིས་སུ་བོད་ཡིག་སློབ་ཚན་ཟུར་འཁྲིད་ཙམ་དུ་གྱུར་ཏེ་བོད་རིགས་སློབ་མ་གསུམ་བཞི་ཙམ་མ་གཏོགས་གཞན་ཚང་མ་ཤར་པ་དང་རྟ་མང་བ། ཡོལ་མོ། རོང་པ་སོགས་ཆགས་ཏེ་སྒོ་རྒྱག་དགོས་ཁེལ་ཡོད་འདུག

མགོན་པོས་བལ་ཡུལ་ནས་གནས་ཚུལ་མཁོ་གཏོང་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese