མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུ་ལའང་རྒྱབ་སྐྱོར་བྱེད་ཀྱི་མེད་པར་ལོ་རྒྱུས་རང་ལ་ཁུངས་གཏུགས་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོས་ངའི་གཏམ་བཤད་སྐབས་བོད་ཅེས་བཤད་དུས་བོད་རང་སྐྱོང་ལྗོངས་རང་ལ་གོ་ཐུབ་ན་ཡག་པོ་འདུག་ལ་དེ་མིན་གཞན་དག་བཤད་ན་རྙོག་འཛིང་ཚ་རུ་འགྲོ་ཡི་འདུག་ཅེས་ཟེར།

ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣.༣༠ སྟེང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཧོན་ཧྲང་ལའོ(Hon Shiang Lau) ཡིས་ཕྱི་ལོ་༡༩༤༩ ལོའི་སྔོན་གྱི་རྒྱ་ནག་དང་བོད་ཅེས་པའི་བརྗོད་གཞིའི་སྒང་ལ་རྒྱ་ནག་གི་ཆིན་རྒྱལ་རབས་དང་མིང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་རྙིང་ཁག་ལ་གཞིར་བཞག་ནས་གཏམ་བཤད་ཅིག་གནང་སོང་།

ཐོག་མར་ཁོང་གིས་དུས་རྒྱུན་གཏམ་བཤད་བྱེད་དོན་གཙོ་བོ་རྒྱ་མི་རིགས་རང་གི་ཆེད་དུ་ཡིན་པ་དང་། དེ་ལ་རྒྱུ་མཚན་གཉིས་ཡོད་པ་ནི། དང་པོ་རྒྱ་ནག་དམར་ཕྱོགས་གཞུང་གིས་ནམ་རྒྱུན་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་གྱི་ཡོད་པ་དང་། གནའ་རབས་ཟེར་ན་ག་དུས་ཤིག་ལ་གནའ་རབས་ཟེར་གྱི་ཡོད་པ་དེ་དྲི་བ་གལ་ཆེན་ཞིག་ཆགས་ཡོད་པ་དང་། རྒྱུ་མཚན་གཉིས་པ་དེ་རྒྱ་ནག་གཞུང་གིས་བོད་དེ་ང་ཚོས་དབང་བསྒྱུར་བྱས་པ་མ་ཡིན་པར་བོད་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་བསྡུས་པ་ཡིན་ཟེར་བཞིན་ཡོད་པ་རེད། ཡིན་ན་ཡང་ཁོའི་ཞིབ་འཇུག་དེ་རྒྱ་དང་བོད་ཕྱི་རྒྱལ་བ་སུས་བཤད་པའི་ཕྱོགས་སུ་མ་སོང་བར་ལོ་རྒྱུས་ཡིག་ཆ་ཁག་རང་ལ་གཞི་བཞག་སྟེ། རྒྱ་ནག་བ་ཞིག་གི་ངོས་ནས་ཕྱི་ལོ་ ༡༢༧༩ ནས་ ༡༩༤༩ བར་ལོ་རྒྱུས་ནང་དུ་བོད་རྒྱའི་གནས་བབ་དེ་ག་འདྲ་ཞིག་ཏུ་སླེབས་ཡོད་པ་དང་། ལོ་རྒྱུས་ལ་ལྟ་སྟངས་དེ་གང་འདྲ་ཞིག་ལ་བསླེབས་ཡོད་མེད་ཆེད་ཡིན། ཁོའི་གཏམ་བཤད་སྐབས་བོད་ཅེས་བཤད་དུས་བོད་རང་སྐྱོང་ལྗོངས་རང་ལ་གོ་ཐུབ་ན་ཡག་པོ་ཡོད་པ་དང་། དེ་མིན་གྱི་སི་ཁྲིན་དང་མཚོ་སྔོན་ཀན་སུའུ་སོགས་བརྗོད་ཡོང་དུས་རྒྱ་ནག་གི་ཡིག་ཆ་ཁག་ཏུ་རྙོག་དྲ་ཚ་རུ་འགྲོ་ཡི་ཡོད་སྐོར་གསལ་བཤད་བྱས་སོང་།

དེའི་རྗེས་སྤྱིར་བཏང་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་དེ་ཁོང་ཚོའི་མངའ་ཁོངས་ཡིན་པའི་ཁུངས་ལྡན་ཆ་རྐྱེན་ཁ་ཤས་དཔེ་མཚོན་དུ་ཞུས་ན། རྒྱལ་ཁྲལ་དང་འཛིན་སྐྱོང་། མི་འབོར་ཞིབ་གཤེར་དང་ས་དཔྱད་སོགས་ཀྱི་ཐོག་ནས་ལྟ་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་རེད། རྒྱ་ནག་གི་ལོ་རྒྱུས་ལ་ཡིད་རྟོན་བྱེད་དགོས་དོན་ནི་རྒྱ་ཡིག་ནང་བྲིས་ཡོད་ཙང་སྐད་ཡིག་ལ་འགྱུར་བ་ཕྱིན་མེད་པ་དང་། གཉིས་པ་ལོ་རྒྱུས་འབྲི་མཁན་རྣམས་ཀྱིས་རིན་མེད་ཐོགས་བྲིས་པའི་རྣམ་པ་ཤུགས་ཆེན་པོ་འདུག སྤྱིར་ལོ་རྒྱུས་གཞི་འཇོག་ས་གཞུང་གི་ཡིག་ཆ་ཁག་ཡིན་པ་དང་སྔོན་མ་རྒྱ་ནག་གོང་མ་རྣམས་ཀྱིས་ཡིག་ཆ་བཀོད་སྟངས་དེ་ཐོག་མར་རྒྱལ་པོའི་ཉིན་ཐོ་འགོད་པར་ཆེད་མངགས་མི་ཡོད་པ་དང་། རྒྱལ་པོ་དེ་གྲོངས་ཚར་བ་དང་རྒྱལ་རྒྱུད་དེས་རྒྱལ་བོ་སྔོན་དེའི་ཉིན་ཐོ་རྣམས་མཁས་པ་མང་པོ་མཉམ་རུབ་ཀྱིས་བསྐྱར་ཞིབ་བྱས་ནས་ཡིག་ཆ་ཉར་ཚགས་ཀྱིས་མཐར་རྒྱལ་རྒྱུད་མ་འདྲ་བ་བྱུང་ན་རྒྱལ་པོ་གོང་མ་རྣམས་ཀྱི་ཡིག་ཆ་ལ་བལྟས་ནས་ལོ་རྒྱུས་ཆགས་འགྲོ་ཡི་ཡོད་རེད། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་མིན་དེ་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་ཡིག་ཆ་ཁག་ནས་བོད་ལ་འགྲེལ་བཤད་ག་འདྲ་བརྒྱབ་ཡོད་པ་དང་། ཆིན་རྒྱལ་རབས་ཀྱི་ཡིག་ཆ་ཁག་ལ་གཞི་བཞག་ནས་བོད་ལ་ལྟ་སྟངས་ག་འདྲ་ཡོད་མེད་བལྟས་ན་ཤེས་ཀྱི་ཡོད་པ་དང་། མིང་རྒྱལ་རབས་ལ་ཡིག་ཆ་པོད་ ༣༣༢ ཡོད་པར་བཤད་པ་དང་དེའི་ནང་ས་དཔྱད་ཐོག་ནས་བོད་ལབ་དུས་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་པོ་རྩ་བ་ནས་མི་འདུག མ་ཟད་ས་དཔྱད་ཐོག་ནས་ཀྱང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་པོ་མི་འདུག ཕྱི་ལོ་༡༤༦༨ ལོར་མིང་རྒྱལ་རབས་ཀྱི་ཡིག་ཆ་ཁག་ནང་རྒྱ་ནག་གི་ས་ཁྲ་ཞིག་གསལ་པ་དེའི་ནང་བོད་ཀྱི་ས་ཁྲ་མེད་པ་དང་། དེའི་རྗེས་ལོ་ཉིས་བརྒྱ་ཡི་རྗེས་སུ་བསྐྱར་དུ་བྲིས་པ་ཞིག་ད་ལྟ་འཇར་མན་ནང་ཡོད་པའི་ས་ཁྲ་ཞིག་འདུག་པ་དེ་ནང་ཡང་བོད་ཚུད་མི་འདུག་སྟབས། བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་གསལ་པོ་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ལ་དབང་བསྒྱུར་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་དངུལ་གྱི་ཁེ་བཟང་རང་གི་ཆེད་དུ་ཡིན་པ་དང་། དེ་ཡང་ཁྲལ་བརྒྱུད་ནས་རག་གི་ཡོད་རེད། ཁྲལ་མ་བསྡུས་སྔོན་ལ་མི་འབོར་ཞིབ་གཤེར་བྱས་ནས་ཁྲལ་གྱི་ཐོ་བཟོས་པ་དེ་ལ་བལྟས་ན་ཡང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་གསལ་པོ་འདུག འོན་ཀྱང་ ཕྱི་ལོ་ ༡༦༤༤ ནས་ ༡༩༡༢ བར་གྱི་ཆིན་རྒྱལ་རབས་མཇུག་མ་སྒྲིལ་ཙམ་ལ་ས་དཔྱད་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཐོག་དང་པོར་བསྟན་ཡོད་པ་ཙམ་ལས་ཡིག་ཆ་གཞན་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་བདེན་དབང་གང་ཡང་གསལ་མི་འདུག རྒྱ་ནག་དམར་ཕྱོགས་གཞུང་གིས་ནམ་རྒྱུན་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་གྱི་ཡོད་པ་དེ་དོན་དངོས་གནའ་རབས་ཟེར་བ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་གསལ་སྟོན་དང་། གནའ་རབས་ཀྱི་རྒྱལ་རབས་ལོ་ཚིགས་གང་ཞིག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་མེད་གསལ་བོ་ཆགས་རྒྱུ་དེ་ཡིན་ལ། སྤྱིར་ལོ་རྒྱུས་ཟེར་བ་དེ་ཚན་རིག་དང་མི་འདྲ་བ་ཞིག་ལ་ཚན་རིག་ལ་རིག་པ་རྒྱུ་མཚན་དཔང་རྟགས་དང་བཅས་ཏེ་དེད་ནས་འགྲོ་ས་ཡོད་པ་རེད། ཡིན་ན་ཡང་ལོ་རྒྱུས་ཞེས་པ་དེ་གཞི་གཅིག་ལ་བཞག་ནས་འགྲོ་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་དང་། ཁོ་རང་གིས་གཞི་འཇོག་སའི་རྒྱལ་རབས་ལོ་རྒྱུས་དེ་དག་ལ་མཚོན་ན་ལོ་༣༠༠༠ སྔོན་གྱི་ལོ་རྒྱུས་ཆགས་ཀྱི་ཡོད་དུས་ཁུངས་བཙན་པོ་འདུག་བསམ་གྱི་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་དྲི་བ་དྲིས་ལན་སྐབས་མི་ཞིག་གིས་ང་ཚོའི་ངོས་ནས་བོད་ཟེར་དུས་གཅིག་མ་གཏོགས་གཞན་ཡོད་པ་མ་རེད་ལ། ང་ཚོས་ད་ལྟ་རྩོད་བཞིན་པ་དེ་ཡང་ཡོད་ས་ཡོངས་སུ་རྫོགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་གིས་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པོར་ངོས་འཛིན་བྱས་ན་ཡག་པོ་འདུག་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར་ཁོང་གིས། སྤྱིར་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པུར་ངོས་འཛིན་བྱེད་པ་དེ་ང་རང་གི་ངོས་ནས་བཤད་པ་མིན་པར་ལོ་རྒྱུས་ཡིག་ཆའི་ནང་གི་ལྟ་སྟངས་ཤིག་ཡིན་པ་དང་། ང་རང་གི་ངོས་ནས་སུ་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་ལྷུང་གང་ཡང་མེད་པའི་ཐོག་ནས་དངོས་ཡོད་གནས་སྟངས་ལ་བལྟས་པ་ཡིན་ན། མ་འོངས་པར་བོད་ས་ཡོངས་སུ་རྫོགས་པར་རང་སྲིད་རང་སྐྱོང་དང་རང་བཙན་ཐོབ་རྒྱུ་དཀའ་ལས་ཁག་པོ་རེད་འདུག ལྷག་པར་དུ་རྒྱ་ནག་གི་ཆིན་རྒྱལ་རབས་སྐབས་ཀྱི་ཡིག་ཆ་མང་པོའི་ནང་བོད་རང་སྐྱོང་ལྗོངས་ལ་མཚོན་ན་མངོན་གསལ་དོད་པོས་རྒྱ་ནག་གི་མངའ་ཁོངས་སུ་མེད་པ་གསལ་བོ་འདུག ཡིན་ན་ཡང་། དེང་སང་རྒྱ་ནག་གི་བཅད་བགོས་བྱས་ཡོད་པའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་རྒྱ་ནག་གི་ཡིག་ཆ་ཁག་ཏུ་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་མིན་པ་མང་པོ་ཞིག་ཡོད་པ་རེད། ང་རང་གི་བསམ་ཚུལ་བྱས་པ་ཡིན་ན་དེ་དག་ཚང་མ་བཤད་པ་ལས་རང་སྐྱོང་ལྗོངས་གཅིག་པུ་བཤད་པ་ཡིན་ན་ཁུངས་སྐྱེལ་རྒྱུ་ཡོད་པ་ཞིག་རེད། ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. ལྷག་བསམ། says:
    ལོ་ 8 སྔོན།

    སློབ་དཔོན་ཧོན་ཧྲང་ལའོ(Hon Shiang Lau) ལགས། ཉིད་ཀྱིས་གསུངས་པའི་བོད་རང་སྐྱོང་ལྗོངས་གཅིག་བུ་ལས་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་ད་དུང་ཡུན་ནན་བཅས་ཀྱི་བོད་རིགས་མང་ཚོགས་རྣམས་བོད་ལྗོངས་ཀྱི་ཁོངས་སུ་གཏོགས་ཀྱི་མེད་ན་དེ་ན་ཞིང་ཆེན་འདི་གསུམ་པོ་རྒྱ་ནག་གི་ལོ་རྒྱུས་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་པ་གསལ་བོར་གཅིག་གསུངས་རོགས་གནང་།
    འོ་ན་ཁྱེད་ཉིད་བཞུགས་སའི་ཧོང་ཀོང་ས་ཆ་དེ་ལོ་རྒྱུས་ཐོག་ནས་གང་གི་ཁོངས་སུ་གཏོགས་པ་དང་། ཁྱེད་ཚོའི་ཧོང་ཀོང་མིང་མང་གིས་ནམ་རྒྱུན་རྒྱ་ནག་གི་མངའ་ཁོངས་སུ་མི་སྡོད་པར་ལོ་རེར་རང་དབང་རང་བཙན་གྱི་སྐད་འབོད་བྱེད་དོན་གང་ཡིན་ནམ།
    གང་ལྟར་ད་ལྟའི་གནས་བབ་རྙོག་འཛིང་ཅུང་ཙམ་ཆེ་རུང་རྒྱ་བོད་གཉིས་ཕྱི་དངོས་པོའི་ཐད་ནས་གཅིག་གྱུར་བྱས་ཡོད་རུང་ནང་བསམ་བློའི་ཐད་ནས་གཅིག་གྱུར་བཟོ་ཐུབ་ས་མ་རེད། དེ་ལ་ངས་འདི་ནས་ཁྱེད་ཉིད་ལ་ལན་གསལ་བོར་གཅིག་རྒྱག་ངེས་ཡིན།
    དང་པོ། བོད་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་གོམ་གཤིས། གྱོན་ཆས་ཆ་ཚང་ཡོད།
    གཉིས་པ། སྲོལ་རྒྱུན་གླུ་གར་དང་འཚོ་བའི་རྒྱུད་རིམ་གྱི་གནས་བབ་གསལ་བོར་གནས་ཡོད།
    གསུམ་པ། ༼ བོད་ ༽ 西藏 ( Tibet ) ཅེས་པའི་མིང་འདི་ངའི་རྒྱལ་རབས་རིམ་བྱུང་དང་། ཐ་ན་འཛམ་གླིང་སྤྱི་ཡོངས་ཀྱིས་ཁས་ལེན་ཐུབ་པའི་རྒྱལ་ཁབ་འདིའི་ལོ་རྒྱུས་རང་བཞིན་ཅན་གྱི་མིང་ཡིན།
    ཁྱེད་བཞུགས་སའི་ཧོང་ཀོང་གི་ ༼ རང་བཙན་ ༽ བསྒྲགས་བཞིན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཕྲན་གྱི་མིང་ཡོད་དམ།

    Reply
  2. dipsel lhamo says:
    ལོ་ 8 སྔོན།

    འོ་ན། ང་ཚོས་བོད་དང་བོད་ཆེན་པོ་ཟེར་བ་དེ་ལ་རྒྱབ་ལྗོངས་ཀྱི་གནད་དོན་ཆེ་ཙམ་ཞིག་མངོན་པར་སྙམ། ལར་ནས་བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཁོ་ན་ལ་གོ་དགོས་པ་རྒྱ་ཡི་ཡིག་ཁུངས་ཙམ་ཀྱིས་སྒྲུབ་འདོད་པ་དང་། དེ་ལས་བརྒལ་ཏེ་དཔྱད་ན་རྙོགས་འཛིང་དུ་ཁ་གཡར་བ་ཙམ་ནི་ལོ་རྒྱུས་ཐོག་དཀའ་སྤྱད་ཀྱིས་རྒྱུས་མངའ་ཆ་ཚང་བ་ཞིག་ལོན་ཐབས་མ་བགྱིད་པའམ་དེ་ལས་གནད་དོན་ཞིག་ཡོད་ན་ཆ་མ་འཚལ། གང་ལྟར་ང་ཚོའི་ངོས་ནས་བོད་ཅེས་པ་དེ་རྒྱ་ཡི་མངོན་འདོད་ལྟར་རང་སྐྱོང་ལྗོངས་ཙམ་ལ་གོ་བ་ཟད་པ་མ་ཡིན་པར་དེ་ལས་རྒྱ་ཆེ་བ་བོད་ཆེན་པོ་ལ་གོ་བའི་རྒྱབ་ལྗོངས་དཔང་རྟགས་ཏུན་ཧ་ལོ་རྒྱུས་ཡིག་ཆ་ཁག་སོགས་ཞིབ་དཔྱད་ཀྱིས་དེང་རབས་དང་མཐུན་པའི་དཔང་རྟགས་ཁུངས་ཐུབ་ཚད་ལྡན་ལུང་འདྲེན་ཐུབ་དགོས་པས། དེ་ལ་ང་ཚོའི་ལོ་རྒྱུས་ཐོག་རིགས་གཅིག་རྐང་འཛིན་པ་རྣམས་དང་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམས་ཀྱིས་དེང་རབས་དང་མཐུན་པའི་ལོ་རྒྱུས་ཞིབ་འཇུག་གནང་གལ་ཆེ་བར་མཐོང་།

    Reply
  3. ས་དཀར་མདའ་སྨྱུག says:
    ལོ་ 8 སྔོན།

    ཁོའི་གཏམ་བཤད་སྐབས་བོད་ཅེས་བཤད་དུས་བོད་རང་སྐྱོང་ལྗོངས་རང་ལ་གོ་ཐུབ་ན་ཡག་པོ་ཡོད་པ་དང་། དེ་མིན་གྱི་སི་ཁྲིན་དང་མཚོ་སྔོན་ཀན་སུའུ་སོགས་བརྗོད་ཡོང་དུས་རྒྱ་ནག་གི་ཡིག་ཆ་ཁག་ཏུ་རྙོག་དྲ་ཚ་རུ་འགྲོ་ཡི་ཡོད་སྐོར་གསལ་བཤད་བྱས་སོང་། ་་་་་་ཆིག་འདི་གོ་བ་ཙམ་ལས་འོག་གི་རྒྱས་བཤད་ཉན་འདོད་ཡེ་ནས་མ་བྱུང་ལགས། མདོར་བསྡུས་ནས་བཤད་དེ་རིང་གི་གཏམ་བཤད་དེས་བོད་ཀྱི་གནས་བབས་ཆུང་རུ་གཏོང་འདུག གཏམ་བཤད་དེས་ཕན་འབྲས་གང་ཡང་བྱུང་མེད་པ་ཚོར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese