མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱ་ནག་གི་ས་ཁྲའི་ནང་མ་བཀོད་པར་དགོངས་སེལ་ཞུས།

བོད་ཀྱི་དུས་བབ།
༢༠༡༨/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྱོན་གོས་བཟོ་ཚོང་ཁང་གྲགས་ཅན་གྷེབ (GAP) ཀྱི་གསར་ཐོན་སྟོད་གོས་ཀྱི་ཐོག་ཏུ་བཀོད་པའི་རྒྱ་ནག་གི་ས་ཁྲའི་ནང་བོད་དང་ཐའེ་ཝན་སོགས་ཚུད་མེད་པར་བརྟེན་ཡང་ཁ་རྡུང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

གྷེབ་གྱིས་གསར་དུ་བཏོན་པའི་སྟོད་གོས་དེ་རྒྱལ་སྤྱིའི་ཚོང་རྭའི་ཐོག་ཏུ་ཐོན་པ་དང་རྒྱ་མི་ཞིག་གིས་ཝེ་བྷོ་ (Weibo) ་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཏེ་བོད་དང་ཐའེ་ཝན། རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་དག་ས་ཁྲ་དེའི་ཐོག་ཏུ་འཁོད་མེད་ཚུལ་བཀོད་དེ། རྒྱ་ནག་ནང་ལོགས་ཀྱི་གཙོས་པའི་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་ཁ་རྡུང་ཤུགས་ཆེན་བྱུང་བར་བརྟེན། དེ་རིང་ཞོགས་པར་གྷེབ་བཟོ་ཚོང་ཁང་གིས་དགོངས་སེལ་ཞུས་ཡོད་པ་རེད།

རྒྱ་གཞུང་གིས་བོད་དང་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་ཆེད་དུ་གནད་དོན་དེ་འདྲ་ལ་ཧ་ཅང་དོ་ནན་གྱིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པའི་གནད་དོན་འདི་ཐེངས་དང་པོ་བྱུང་བ་མ་ཡིན་པར་ཟླ་ཤས་གོང་དུ། ཨ་རིའི་མཁའ་འགྲུལ་ཁང་ཌེལ་ཊ་ (Delta)ཚོང་གཉེར་ཁང་དང་། རྒྱལ་སྤྱིའི་མ་རིའོ་ཏི་ (Marriott International) མགྲོན་ཁང་ལའང་གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་གཞུང་མང་གིས་སྐྱོན་བརྗོད་དམ་དྲག་ཤུགས་ཆེན་བྱུང་རྗེས་དགོངས་སེལ་ཞུ་དགོས་འཁེལ་ཡོད་པ་རེད།

གཞན་ཡང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གིས་ཕྱིར་སྐྱོད་ལག་ཁྱེར་ཐོག་ཏུ་ཨེ་ཤ་ཡའི་ནང་རྩོད་རྙོག་ཅན་གྱི་ས་ཆ་ཁག་ཅིག་བཀོད་དེ། དེ་དག་རྒྱ་ནག་གི་ས་ཁོངས་ཡིན་སྐོར་བརྗོད་པར་བརྟེན་རྒྱ་གར་དང་ཝེ་ཐི་ནམ། ཧྥི་ལི་པིན། ཐའེ་ཝན་སོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་མཁའ་འགྲུལ་ཁང་ཞིག་གི་ས་ཆའི་འགྲེལ་བཤད་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་དེ་ནི་དོན་མེད་སྙོན་འཛུགས་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཊོམ་ཕུ་ཡིས་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་གཉེར་ཁང་དང་མི་སེར་གྱི་ཆབ་སྲིད་བསམ་བློ་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱིན་པ་དེ་ལ་ཁ་གཏད་གཅོག་གི་ཡིན། ཞེས་བརྗོད་ཀྱང་། ད་ལན་ཡང་ཨ་རིའི་གྷེབ་བཟོ་གྲྭས་དགོངས་སེལ་ཞུ་དགོས་ཁེལ་ཡོད་འདུག

མཆན། 1

  1. Lobsang Wangdu says:
    ལོ་ 5 སྔོན།

    རྒྱ་ནག་ཁོ་རང་ཚོ་ བོད་རྒྱ་ཁོངས་ཡིན་པ་ ས་བཀྲ་ རྒྱ་དམར་དཔོན་རིགས་ཚོའི་ ལྕེའི་སྟེང་ལ་ བཀོད་ན་ རྟེན་པ་ཡོད། རྗེས་མ་ ཕྱི་རྒྱལ་དཔོན་རིགས་ཚོ་ ཐུག་དུས་ ལྕེ་དཔྱང་ན་ སྒྲིག་གིས་རེད། སྐད་ རྒྱག་དགོས་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist