མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་ཁག་ཏུ་ནུབ་ཕྱོགས་སློབ་གསོ་ཁོ་ན་ལག་བསྟར་བྱས་པ་དེས་བོད་མི་ཡང་དག་ཅིག་ཡོང་བའི་བསམ་བློར་ལྕགས་སྒྲོག་བརྒྱབ་ཡོད།

བོད་ཀྱི་དུས་བབ།
༢༠༡༨/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྡོ་སྦིས་ཟླ་བ་ཚེ་རིང་།

ངས་དེ་རིང་འདི་ནས་རང་སེམས་དམར་བོ་ནང་གཅུན་མ་བྱས་པར་ཁ་ནས་ཅི་བཤད་འདི་བཤད་མེད་པའི་ཚིག་ཉོག་འགའ་ཤོར་སོང་པས། རྣ་ལ་མི་སྙན་པ་དང་སེམས་ལ་མི་བདེ་བ་ཚོར་མཁན་རེ་ཡོད་ཚེ་དགོངས་པ་མ་ཚོམས་ལགས་ཞེས་པའི་སེམས་པ་སྔོན་དུ་སོང་བའོ།།

སྤྱིར་འཛམ་གླིང་སྟེང་ནས་བྱིས་པའི་སློབ་གསོ་ཡག་ཤོས་དེ་ནི་ནུབ་ཕྱོགས་ཀྱི་སློབ་གསོ་དེ་ཡིན་མོད། དེ་ལའང་ཕྱིའི་ཁོར་ཡུག་དང་ནང་བསམ་བློའི་ཆ་རྐྱེན་གྱིས་མ་འདང་ཚེ་བྱིས་པའི་རང་ནུས་ཀྱི་འཚར་ལོངས་ལ་འགོག་རྐྱེན་བཟོ་ངེས། རྒྱུ་མཚན་ནི་ང་ཚོར་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་གང་ཡང་མེད་པར་མཛུབ་མོ་གང་སྟོན་ཤར་དུ་སྒོམ་ནས་ཨུ་ཚུགས་ཀྱིས་མདུན་མཆོངས་བྱས་པ་དེ་ནི་བོད་ཀྱི་སོན་རྩ་དེ་དག་དབྱིན་མིན་བོད་མིན་དུ་བསྒྱུར་བའི་སྟ་གོན་མ་ཡིན་ནམ། མ་གཞི་ནས་བོད་ཀྱི་སློབ་གསོ་བ་ཡིན་ཟེར་མཁན་འདི་དག་ནི་མགོ་སེར་བོ་ཚོས་གང་བཤད་གསུང་ལ་ཉན་པའི་བསམ་བློའི་གཡོག་པོ་ཞིག་དང་གང་བྲིས་ཁ་ནས་ཀློག་མཁན་གྱི་གཟུགས་པོའི་གཡོག་པོ་ཞིག་ཡིན་པ་ལས་བསྲེགས་བཅད་བརྡར་གསུམ་གྱིས་བོད་པའི་སློབ་ཕྲུག་གི་བསམ་བློའི་གནས་སྟངས་དང་ཁོར་ཡུག་གི་འཚོ་བའི་གནས་སྟངས། གོམས་གཤིས་ཀྱི་དགའ་མོས་གནས་སྟངས་སོགས་ལ་ཉམས་ཞིབ་བམ་ཞིབ་འཇུག་གནང་ནས་གསུང་མཁན་གྱི་སློབ་གསོ་བ་ཞིག་མ་ཡིན་པས་རེད། དེ་མ་ཡིན་པའི་རྒྱུ་མཚན་གྱིས་ཁོང་ཚོས་བསམ་བློའི་ནང་དུ་སློབ་སྦྱོང་ཟེར་བ་འདི་དཀའ་ལས་རྒྱག་མ་དགོས་པར། སྡུག་རུས་བྱ་མ་དགོས་པར། བརྩོན་པ་བསྐྱེད་མ་དགོས་པར་སྐྱིད་པོ་བྱས་ནས་གཉིད་ཉལ་ནས་ཤེས་ཀྱི་རེད་ཟེར་བའི་སེམས་ཚོར་འདི་ཡོད་པས་རེད།སེམས་ཚོར་འདི་ཡོད་པའི་རྒྱུ་མཚན་གྱིས་སྤྱི་ཚོགས་དང་སྤྱི་ཚོགས་ལ་མི་འཚམ་པའི་སློབ་གསོའི་ཐབས་ལམ་དང་ཁོར་ཡུག་དང་ཁོར་ཡུག་ལ་མི་འཚམ་པའི་སློབ་གསོ་ཐབས་ལམ། མི་དང་མིའི་དབར་ལ་མི་འཚམ་པའི་སློབ་གསོ་ཐབས་ལམ་རྐྱང་བླང་དོར་རམ་ཞིབ་འཇུག་མེད་པར་སྦྱར་ཅི་ཐུབ་ཀྱི་སེམས་ཚོར་འདི་ཡོད་པས་ན། བོད་ཀྱི་སོན་རྩ་འདི་དག་ནི་མི་བུ་ཕུང་གསུམ་པ་ཞིག་སྟེ་ཕྱིའི་ངོ་གདོང་བོད་མི་དང་ནང་གི་བསམ་བློ་མགོ་སེར་ཡིན་པའི་ར་མ་ལུག་གི་སོན་རྩ་རྐྱང་འཚར་འཚར་ལོངས་ལོངས་བྱེད་ཀྱིན་ཡོད་པ་འདི་རེད།གཅིག་བྱས་ན་འདི་དག་ནི་བོད་ཀྱི་སློབ་གསོ་བ་ཚོས་ལོ་ངོ་ལྔ་བཅུ་ལྷག་ལ་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་དམར་ལྡང་མ་དེ་ཡིན་སྲིད།

གང་ལྟར་སྤྱི་ཡོངས་ཀྱི་ཤེས་བྱ་ཡོན་ཏན་ཟེར་བ་འདི་འབད་བརྩོན་བྱ་དགོས་པ་ཞིག་དང་སྡུག་རུས་བྱ་དགོས་པ་ཞིག དཀའ་ལས་རྒྱག་དགོས་པ་ཞིག་ཡིན་པ་ནི་བོད་ཀྱི་ཁ་དཔེ་སྟེ་“ཡོན་ཏན་ཚང་མ་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་”ཟེར་བའི་ཚིག་རྐང་འདི་ལས་གསལ་བོར་བསྟན་ཡོད་ལ། མ་ཟད་ཤར་ནུབ་གཉིས་ཀྱི་མཁས་པ་དེ་དག་གི་ལོ་རྒྱུས་དང་མཛད་རྗེས་ལ་གཟིགས་དང་དཀའ་ལས་མ་བསྐྱོན་པར་སྐྱིད་པོ་བྱས་ནས་གཉིད་ཉལ་ནས་མཁས་པ་ཆགས་སོང་པའི་ལོ་རྒྱས་དུས་ད་ལྟ་བར་དུ་གུས་པས་མཇལ་མྱོང་མེད་ལ་ཡོད་ཀྱང་མི་སྲིད། རྒྱུ་མཚན་ནི་མགོ་སངས་རྒྱས་བཅོམ་ལྡན་འདས་ནས་བཟུང་སྟེ་ལོ་དྲུག་ལ་དཀའ་ལས་རྒྱབ་པའི་མཛད་རྣམ་ཡོད་ལ་ནུབ་ཕྱོགས་ཀྱི་རྩོམ་རིག་ཡབ་ཆེན་ཤྰར་ཁི་སི་ཕེ་ཡར་(William Shakespeare)གྱིས་དཀའ་ལས་བསྐྱོན་པ་མང་དྲགས་ནས་ཆུང་མ་ལེན་པའི་དུས་ཚོད་ཀྱང་མེད་པར་བཤད། བློས་གཏོང་འདི་འདྲ་བྱ་དགོས་པའི་སློབ་གསོའི་རྡོ་རིང་ཡོད་བཞིན་དུ་མ་ཤེས་མ་མཐོང་ཁུལ་གྱི་གཞན་བསྟེན་སློབ་གསོ་སྟེ་དྲི་བ་གཅིག་ལ་སློབ་ཕྲུག་ལྔ་ཡིས་ལན་རྒྱག་པའི་སློབ་གསོ་དང་ལས་འཆར་གཅིག་ལ་སྡེ་ཚན་ཞིག་དང་མཉམ་ལས་བྱ་བའི་སློབ་གསོ་འདི་དག་གིས་བོད་ཀྱི་སོན་རྩ་དེ་དག་གི་བསམ་བློ་ནང་དུ་གཞན་བསྟེན་ཏེ་ལས་ཀ་ཅི་ཞིག་བྱ་རུང་རོགས་པ་དགོས་པའི་ས་བོན་ཞིག་རང་བཞིན་གྱིས་བཏབ་ཡོད་པས། ཉི་མ་འདི་ནས་བཟུང་སྟེ་བོད་ཀྱི་སོན་རྩ་ཚོས་རང་འགན་རང་ཁུར་གྱི་སེམས་ཚོར་དེ་བརླག་ཡོད་ལ། རང་ངོ་རང་ཤེས་ཀྱི་འདུ་ཤེས་དེ་ཡང་བརླག་ཚར་ཡོད་དེ་ཁོ་ཚོའི་སེམས་རྒྱུད་ན་ལས་ཀ་ཅི་ཞིག་བྱ་ཚེ་རོགས་པ་ཞིག་མཁོ་བ་ལས་རང་གཅིག་པོས་སྒྲུབ་མི་ཐུབ་པའི་བག་ཆགས་ཀྱིས་ཟིན་ཡོད་པས་རེད། འོ་ན། ཕྱིི་གླིང་ཚོས་འདི་ལྟར་སྒྲུབ་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། ཁོང་ཚོའི་སྤྱི་ཚོགས་ནི་འགན་ཁུར་ཅན་གྱི་སྤྱིགས་ཚོགས་ཤིག་སྟེ། ན་གཞོན་ལོ་ཚོད་བཅོ་བརྒྱད་བསླེབས་རྗེས་རང་འགན་རང་ཁུར་གྱིས་རང་གི་མི་ཚེ་རང་གིས་བཟོ་དགོས་པའི་ཁྲིམས་ཀྱི་སྒྲིག་གཞི་ཡོད་པའི་རྒྱུ་མཚན་གྱིས་སློབ་ཕྲུགདང་སློབ་ཕྲུག་བར་གྱི་འགྲན་བསྡུར་དང་མི་དང་མི་བར་གྱི་འགྲན་བསྡུར། སྤྱི་ཚོགས་དང་སྤྱི་ཚོགས་བར་གྱི་འགྲན་བསྡུར་ཆེ་དྲགས་པའི་རྐྱེན་གྱིས་སློབ་ཕྲུག་ཚོའི་སེམས་སུ་རང་ཤུགས་ཀྱིས་དཀའ་ངལ་ཞིག་དང་སྡུག་ངལ་ཞིག་རང་བཞིན་གྱིས་འཁོར་ནས་ཡོང་གི་ཡོད་པས་མགོ་སེར་པོའི་སློབ་གསོ་བ་དེ་དག་གིས་ཁོང་ཚོའི་སྤྱི་ཚོགས་ཀྱི་དཀའ་ངལ་འདི་སེལ་བའི་ཆེད་ལག་ལེན་དུ་བསྟར་དགོས་པ་ཞིག་ཡིན་པ་ལས་སྤྱི་ཚོགས་གང་ཡིན་ཡང་ལག་ལེན་དུ་བསྟར་དགོས་པར་མ་སེམས་སོ།། མ་གཞི་ནས་འུ་ཚང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་སློབ་གྲྭའི་ཁོར་ཡུག་སོགས་ནི་འགྲན་སེམས་མེད་པར།ཧམ་སེམས་མེད་པའི་བོད་ཕྲུག་དག་ལོ་ངོ་སུམ་བཅུ་ལ་བསླེབས་ནའང་ཕ་མར་བསྟེན་དགོས་པའི་ལེ་ལོ་དང་སྒྱུད་ལུག་གི་འཚོ་བ་སྐྱེལ་མཁན་གྱི་ཁོར་ཡུག་ཅིག་ཡིན་པའི་ཁར། ད་དུང་ཡང་བོད་ཀྱི་སློབ་གསོ་བ་ཚོས་བརྟག་དཔྱད་དང་ཞིབ་འཇུག་མི་བྱེད་པར་ལེ་ལོ་དང་སྒྱུད་ལུག་གི་ཐབས་ལམ་འདི་དག་ཁྱེར་ནས་ཡོང་ན་བོད་ཀྱི་སོན་རྩ་ཚོ་སྒྱུད་ལུག་ནས་ཡང་ལུག་ཏུ་གྱུར་བར་ཁག་ཅི་ལ་མེད། འདི་ལྟར་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་ཅི་ཡང་མེད་པར་མགོ་སེར་བོ་ཚོའི་ཟེར་སྒྲོས་སུ་ཤི་འཐམ་རོ་འཐམ་བྱས་པ་འདི་བོད་ཀྱི་སློབ་གསོ་དང་བོད་ཀྱི་སོན་རྩ་ཚོར་འགན་མ་ཁུར་བའི་བྱིས་པའི་བསམ་བློ་ཞིག་ཅི་ལ་མིན། བོད་ཀྱི་ངེས་པ་དོན་གྱི་སློབ་གསོ་བ་མཁས་དབང་ཞང་སྟོན་བསྟན་པ་རྒྱ་མཚོས་“མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན”་ཟེར་བ་ལྟར་གོ་ཐོས་ཡོད་ཚད་དང་མཐོང་བ་ཡོད་ཚད་ཁྱེར་ནས་ཡོང་རྒྱུ་དེ་མ་ཡིན་པར་དང་པོར་བསྲེགས་བཅད་བརྡར་གསུམ་གྱིས་བོད་ཀྱི་སྤྱི་ཚོགས་ལ་འཚམ་མིན་དང་བོད་ཀྱི་སོན་རྩ་ཡང་དག་ཡོང་མིན་ལ་གཟིགས་དགོས་པ་གལ་གནད་དུ་ཆེའོ།།

སྤྱིར་བཏང་གི་སློབ་གསོ་ཟེར་བའི་དམིགས་ཡུལ་འདི་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་སློབ་གསོའི་དམིགས་ཡུལ་འདྲ་མི་སྲིད་ལ་མི་རིགས་དང་མི་རིགས་དབར་གྱི་སློབ་གསོའི་དམིགས་ཡུལ་ཡང་མི་འདྲ་བས་ན་བོད་རང་ཉིད་ལ་སློབ་གསོའི་དམིགས་ཡུལ་བརྟན་པོ་ཞིག་དགོས་པ་ལས་ནུབ་ཕྱོགས་ཀྱི་སློབ་གསོ་ཁོ་ན་བོད་སློབ་ཁག་ཏུ་ལག་བསྟར་བྱས་པ་འདིས་བོད་མི་ཡང་དག་ཅིག་ཡོང་པར་བསམ་བློ་ལ་སྒོ་ལྕགས་རྒྱབ་ཡོད་པ་བོད་ཀྱི་སློབ་གསོ་བ་ཡིན་ཟེར་མཁན་དེ་དག་གིས་མཁྱེན་ཡོད་ངེས་རེད། གང་ཡིན་ཟེར་ན། ཁ་སང་དེ་རིང་བོད་སློབ་ཁག་ཏུ་འདྲ་མཉམ་དང་རང་དབང་གི་དོན་དག་རྟོགས་མེད་པར་མིང་རྡོག་སྐམ་པོ་ཞིག་ལ་མགོ་འཁོར་ནས་བོད་མིའི་སེམས་རྒྱུད་ཀྱི་གཤིས་སུ་གྲུབ་པའི་ཡ་རབས་བཟང་སྤྱོད་དེ་རྒན་པར་གུས་ཞབས་དང་ཆུང་བར་བྱམས་སྐྱོང་གི་བག་ཆགས་དེ་དག་དུས་ད་ལྟ་བོད་སློབ་ཁག་ཏུ་མཐོང་རྒྱུ་མེད་པར་མ་ཟད། དགེ་རྒན་གྱི་གསུང་མི་བརྩི་བར་ནང་ལས་བྲི་མི་བྲི་དེ་ཡང་རང་དབང་ཡོད་སྙམ་པའི་སེམས་ཚོར་ཡོད་པ་དང་གཅིག ཕ་མར་གུས་ཞབས་མི་བྱེད་པར་འདྲ་མཉམ་གྱིས་ཁ་ལན་སློག་པའི་བསམ་བློ་འདི་དག་གི་འབྱུང་རྐྱེན་ནི་ནུབ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱས་ཀྱང་ཕྱི་ནང་གི་ཆ་རྐྱེན་མ་ཚང་བའི་སྐྱོན་དང།བོད་ཀྱི་སློབ་གསོ་བ་ཚོས་བསྲེགས་བཅད་བརྡར་གསུམ་གྱི་ཞིབ་འཇུག་མེད་པར་དབྱིན་ཡིག་ཏུ་གང་བྲིས་ཡོད་པ་དེ་བོད་པའི་སྤྱི་ཚོགས་སུ་བརླན་རྐྱང་བྱས་པ་མ་གཏོགས་དེ་དག་གི་གོ་དོན་དང་ཐ་སྙད་རེ་རེ་ནས་རང་སྐད་དུ་བསྒྱུར་བའི་སྐུ་ལས་མི་བསྐྱོན་པར་སོ་བཞག་གིས་འགྲེལ་བཤད་གནང་ནས་ལག་ལེན་བསྟར་བའི་ཉེར་ལེན་ཁོ་ནའོ།།

དོན་དེད་ན་སོན་རྩ་ཚོས་རང་དབང་ཟེར་བའི་མིང་ཚིག་འདིའི་གཉའ་གནོན་ན་ཁྲིམས་ཀྱི་སྒྲིག་གཞི་ཟེར་བ་ཞིག་ཡོད་པ་འདི་ཡང་ཤེས་ཀྱི་མེད་ཚོད་རེད། གང་ལྟར་འདི་ལྟར་མུ་མཐུད་ནས་སོང་ན་བོད་མི་རིགས་དང་བོད་ཀྱི་གོམས་གཤིས། ཡ་རབས་བཟང་སྐྱོད་སོགས་ཀྱི་ཁ་གཏད་དུ་མི་ཆགས་པའི་ངེས་པ་མེད་དེ། རྗེ་གུང་ཐུང་བསྟན་པའི་སྒྲོན་མེས་“སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།།”ཟེར་བའི་བསླབ་བྱ་དམར་རྗེན་མ་འདི་ལའང་བོད་ཀྱི་སློབ་གསོ་བ་ཚོས་བསམ་གཞིག་བྱ་རན་རེད་སེམས་སོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 6

  1. རིགས་ཞེན། says:
    ལོ་ 7 སྔོན།

    ཉེས་རྡུང་བཀལ་ཏེ་སློབ་ཕྲུག་རྣམས་སྒྲིག་ལམ་ནང་གཅུན་ཟེར་བ་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲིམས་དང་འགལ་བ་མ་ཟད། སུ་འདྲ་ཞིག་ཡིན་རུང་རྩུབ་པ་ལ་དགའ་མོས་བྱེད་མཁན་ཧ་ཅང་དཀོན་མོད། འོན་ཀྱང་ལས་ཀྱི་སྣེ་མོ་བ་ཚོ་སློབ་ཕྲུག་དང་ཐད་ཀར་འབྲེལ་འདྲིས་མི་དགོས་པར་སོང་། དགེ་རྒན་རྣམས་ལ་སློབ་ཕྲུག་ལ་ཉེས་རྡུང་མི་ཆོག་ཅེས་བཀའ་ཕབ་པ་ལས་སླ་བའི་ལས་ཀ་ཞིག་ག་ལ་ཡོད། དེས་ན་ཉེས་རྡུང་ལས་གཞན་པའི་ཐབས་བྱུས་ཅི་འདྲ་ཞིག་དགའ་བའི་སྐོར་དགོངས་པ་བཞེས་ཀྱི་ཡོད་དམ། ཡང་ན་སློབ་ཕྲུག་ཚོའི་འགན་ཁུར་ཅི་ཞིག་ཡིན་པའི་སྐོར་མར་སློབ་ཕྲུག་ཚོར་ལམ་སྟོན་ཁ་ཏ་བྱེད་ཀྱི་ཡོད་དམ།
    དེ་མ་བྱས་པར་དགེ་རྒན་ཚོར་སློབ་ཕྲུག་གི་བྱ་སྤྱོད་ཅི་འདྲ་ཞིག་བསྟན་རུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ་ཞི་འཇམ་ཚིག་སྙན་གྱིས་སློབ་ཕྲུག་གི་བྱ་སྤྱོད་བཅོས་དགོས་ཟེར་ན། མ་འོངས་པར་དགེ་རྒན་གསར་འཇུག་བྱེད་པར་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་དང་། བརྙས་སྨོད་དང་དཀའ་ཐུབ་ཐེག་བཟོད་པའི་ནུས་པ་སུ་ལ་ལྡན་མིན་གྱི་ཚོད་བགམ་བྱས་ཏེ་དེ་ལའང་བརྒྱ་ཆ་མཐོ་ཤོས་ཤིག་ལོས་སྤྲོད་དགོས།
    གང་ལྟར་ལས་ཀྱི་སྣེ་མོ་བ་ཚོས་དགེ་རྒན་ཚོར་སློབ་ཕྲུག་ལ་ཉེས་རྡུང་བྱེད་ན་སྒྲིག་འགལ་ཤོར་བའི་ཉེས་ཆད་འདི་དང་འདི་གཏོང་གི་ཡིན་ཟེར་བའི་ཉེར་ལེན་གྱི་སློབ་གྲྭ་ཁག་མང་པོའི་ནང་དགེ་རྒན་རྣམས་ནས་སློབ་ཁྲིད་ཀྱི་ལས་འགན་གཙོ་བོ་ལས་སློབ་ཕྲུག་གི་བྱ་སྤྱོད་བཟང་པོར་བསྒྱུར་རྒྱུར་འགན་མི་ལེན་པ་མང་པོ་ཡོད་སྐད་འདུག
    ལས་ཀྱི་སྣེ་མོ་བ་ཚོས་དགེ་རྒན་ལ་གཤེ་གཤེ་གཏོང་ཤག་དང་། དགེ་རྒན་ཚོས་ཀྱང་ངས་འདི་ལྟར་སེམས་ཤུགས་བྱས་ཏེ་སློབ་ཕྲུག་ཚོའི་བྱ་སྤྱོད་ལེགས་སྤེལ་ཉེས་འགོག་ཆེད་སེམས་ཁུར་བྱེད་ན། ང་རང་ལ་དོན་མེད་སློབ་ཕྲུག་ཚོས་མི་དགའ་བ་དང་འཛིན་སྐྱོང་ནས་ལྟ་ཚུལ་ཡོང་གི་རེད་སྙམ་ནས་སློབ་ཕྲུག་གི་བྱ་སྤྱོད་བཟང་ངན་ཇི་འདྲ་ཞིག་ཆགས་རུང་ང་ལ་འབྲེལ་བ་མེད་སྙམ་ན་དགེ་རྒན་ཞིག་གི་ལས་འགན་ཡང་དག་པར་མ་གྲུབ་པ་རེད་སྙམ།
    དེར་བརྟེན་སློབ་ཕྲུག་ཚོས་སློབ་སྦྱོང་ལ་མ་བརྩོན་པ་དང་བྱ་སྤྱོད་མི་ལེགས་པ་ཞིག་བྱེད་ཀྱི་ཡོད་ཚེ་དགེ་རྒན་ཞིག་གིས་སློབ་ཕྲུག་དེར་སློབ་སྦྱོང་ལ་བརྩོན་དགོས་པ་དང་བྱ་སྤྱོད་ལེགས་པོ་དགོས་པའི་སློབ་གསོ་དང་དགོས་གལ་བྱུང་ཚེ་གཤེ་གཤེ་བཀའ་བསྐྱོན་གཏོང་ཐུབ་པའི་སྤོབས་པ་ཞིག་ལོས་དགོས།
    གལ་ཏེ་འཛིན་སྐྱོང་དང་སློབ་གྲྭའི་འགོ་འཛིན་ཞིག་གིས་སློབ་ཕྲུག་གི་རང་དབང་སྲུང་བརྩི་ལ་ཁ་བཏགས་ཏེ་དོར་མ་འཕོངས་སྒང་ལ་གྱོན་རུང་། གྱོན་ཆས་བཟོ་དབྱིབས་གང་འདྲ་ཞིག་གྱོན་རུང་། སྐྲ་གྱེན་ལ་བསླང་རུང་སློབ་ཕྲུག་གི་རང་དབང་སྲུང་སྐྱོབ་དགོས་ཀྱི་རེད་གསུང་གི་ཡོད་ན། དེ་ལྟའི་འགན་འཛིན་གྱི་བསམ་བློ་དེ་ཇི་འདྲ་ཞིག་ཡིན་ནམ། ཡང་ན་དེ་ལྟའི་འགན་འཛིན་དེས་ཕྱི་རྒྱལ་ནུབ་ཕྱོགས་པའི་བསམ་བློའི་རང་དབང་སྲུང་སྐྱོབ་ཀྱི་ལྟ་གྲུབ་དེ་མཐིལ་ཕྱིན་པ་ཞིག་རྟོགས་རློམ་སྟེ་གཞན་རྣམས་གང་ཡང་མི་ཤེས་པར་སྒྲུབ་ཀྱི་ཡོད་སྲིད།
    དེང་སང་སློབ་གྲྭ་ཁག་མང་པོ་ཞིག་ནང་སློབ་ཕྲུག་གི་སྨྲ་བརྗོད་རང་དབང་ཟེར་ཏེ་རྒན་གཞོན་གོ་རིམ་མེད་པར་གང་བརྗོད་ཚད་ལ་ལེགས་པར་རློམ་མཁན་ཚོས་མི་ཆོས་གཙང་མ་བཅུ་དྲུག་གི་ “རིགས་མཐོ་བ་དང་རྒན་པ་རྣམས་ལ་སྲི་ཞུ་ཕུ་དུད་བྱེད་པ་’ཞེས་རིགས་མཐོ་དམན་ནི་གལ་ཆེར་མ་མཐོང་ཡང་། རྒན་གཞོན་གོ་རིམ་ལ་བརྩི་བཀུར་ཞུ་རྒྱུ་ནི་བོད་མིའི་ཐུན་མིན་བཟང་སྤྱོད་ཅིག་ལ་བརྩིས་ཡོད།
    གཞན་ཡང་སློབ་ཕྲུག་གི་བསམ་སྤྱོད་རང་དབང་སྲུང་སྐྱོབ་བྱེད་པར་ཚད་ངེས་ཅན་ཞིག་ལོས་དགོས་སྙམ། དཔེར་ན་”ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས་’ཞེས་པ་ལྟར་སྒྲིག་ཁྲིམས་ངེས་ཅན་ཞིག་ཡོད་ན་བཟང་པོའི་ཡོན་ཏན་འཇོ་ཐུབ་པ་མ་ཟད་རྩ་བ་ཡང་སྲ་བརྟན་ཞིག་ཏུ་འགྱུར་རྒྱུའི་དགེ་མཚན་མངོན།

    ངས་རྡོ་སྦིས་བྲིས་པའི་བསམ་ཚུལ་དེར་རྒྱབ་སྐྱོར་གྱི་ཚུལ་དུ་མཆན་བྲིས་ཁུལ་ཡང་བསམ་ཚུལ་ངོ་མ་ལྟ་བུ་རིང་པོ་ཞིག་ཆགས་སོང་ལ། མཆན་བུར་གང་བྲིས་པ་ཚང་མ་ང་རང་སྒེར་གྱི་ལྟ་ཚུལ་རང་ཡིན་པས་མང་པོ་ཞིག་གིས་མོས་མཐུན་ཡོད་མེད་ཅི་རིགས་ཡོང་ཆོག་པ་ཡིན།

    Reply
  2. ཁ་བུ་རྙིང་ཞེན་པ་ says:
    ལོ་ 7 སྔོན།

    ཤིན་ཏུ་ནས་བདེན་ཡིནའང་ངོས་ལེན་གནང་བ་དཀའ་སྟེ་དེང་སང་ཞལ་མར་མི་མང་ལ་གཟིགས་སྟེ་བཀའ་སློབ་གནང་མཁན་ཚོས་ཀྱང(ཏ་རིག་དང་ཏ་རིག་)ཞེས་བོད་སྐད་ཕྱི་ཚེས་སམ་སྤྱི་ཚེས་ནི་ཤིན་ཏུ་ནས་གསུང་བ་དཀའ་(party)ཞེས་གསོལ་སྟོན་ནམ་ཐུགས་སྤྲོ་ནི་མི་གསུང་(ཀུང་སེ)ཞེས་ཚོང་ཁང་སོགས་ཀྱི་མིང་ཚིག་ནི་ཧ་ལམ་བརྗེ་བོ་རྒྱབ་ཟིན་པ་ལྟ་བུ་མཐོང་ཐོས་བྱུང་བ་བསམ་ཚེ་སྔོན་བྱོན་གྱི་ཆོས་རྒྱལ་བཀྲིན་ཅན་དང་ལོ་ཙ་བ་ཆེན་པོ་རྣམས་ཀྱིས་ལོ་མང་ཐ་ན་རང་གི་སྐུ་སོགས་ལ་ཉེན་ཀ་ལ་མ་གཟིཌ་པར་སྐུ་ངལ་སྐྱོན་པ་རྣམས་དང་དིང་གི་སྐྱེ་བོ་དམ་རྣམས་ཀྱི་བདེན་པས་བཀའ་སློབ་ཆར་པ་བབས་བབས་གནང་རུང་རྩིས་མེད་གཏོང་དང་གཏོང་བཞིན་པ་དེང་གི་བྱ་བ་དེ་ཚོ་མཐོང་དུས་ཡིད་སྐྱོ་བ་ལ་ཚད་མེད་ཅིང་མིག་ནས་ཆི་མ་ཟག་པ་ལ་རང་དབང་ནི་མེད་མཁོ་བས་དུས་བྱུང་ན་རང་གི་ཅེས་འཛིན་གྱི་ཕུངས་པོ་འདིའམ་ཁ་ཙམ་མིན་པ་བློས་གཏོང་ཡིན་ནོ་འདི་ནི་སེམས་ཐམས་ཅད་ཀྱི་བདེ་དོན་ཡིན་ནོ།

    Reply
  3. Lobsang Wangdu says:
    ལོ་ 7 སྔོན།

    མིའི་ལད་བཟློས་ཁྱིའི་བྱས། ཁྱི་མཇུག་མ་མེའི་འཚིག མི་ཟེར་མཁན་དེ་འདོད་པ་ཚིམ་ཡ་མེད། ཧམ་པ་ཆེ་དུ་ཆེ་དུ། རྐུབ་བཞག་ས་རགས་ན་ རྐང་པ་དཔྱང་ས་ རྐང་པ་དཔྱང་ས་རགས་ན་ མགོ་བཞག་ས་ ! ! ! ! !

    Reply
  4. Lobsang Wangdu says:
    ལོ་ 7 སྔོན།

    ཁྱེད་ཀྱི་བཤད་པ་བདེན། ཁྱེད་ཀྱི་མིང་ལ་ རྡོ་རྦིས་ཚེ་རིང་མིན། ཁྱེད་ཀྱི་མིང་ལ་ བློ་སྟོབ་ཚེ་རིང་ཡིན་ད། དེང་དུས་སློབ་གྲྭ་འགྲོ་མྱོང་མཁན་མགོ་མི་ཆོད་མཁན་གླན་ལྐུག་ཚོ་ལ་་་ དབྱིན་ཇི་ཤེས་པ་བཙམ་གྱི་མི་ཕན། མིའི་མཚན་ཉིད་ཚང་ཡོད་མེད་ལྟ་དགོས། ཚང་ཡོད་ན་་་ ནང་ཆོས་ལ་དོ་སྣང་གྱིས། ནུབ་ཕྱོགས་པའི་ལྟ་བ་ རྟ་མཆོང་ས་ལ་ཝ་མཆོང་། ཝ་མོ་རྐེད་ཚིགས་ལོག དཔེ་ལྟར། ཧ་ཅང་ ཐལ་དྲག་ན་ སྤུ་མི་སྐྱེས་བར་འགྱུར་ཅིག མི་རིགས་འདྲ་མཉམ་ Equalitarianism དང་། Quantum Physic ཟེར བ་དེ་ཚོ་ སྣ་སྔ་མོ་ ལོ་ངོར་ 300-400 BC སྔོན་ནས་ནང་པའི་གཞུང་དུ་ཡོད། མི་རིགས་འདྲ་མཉམ་དང་ འཇིག་རྟེན་ཀུན་སྤྱོད་གཉིས་ ཁ་ཁ་རེད། ༧གོང་ས་མཆོག་ནས་བསྟོན་གནང་པའི་དེབ་་་ Beyond the Religion དེབ་དེ་ཀློག འགོ་རྟོགས་ལེན། རྒྱ་གར་སྲིད་ཟུར་ A.P.J.Abdul Kalam ཁོང་གིས་བཻང་ལུར་མཐོ་སློབ་ཞིག་ལ་་་ ང་ཚོ་རྒྱ་གར་གྱི་ རིན་ཆེན་གཏེར་མང་པོ་ཕྱིའི་རྒྱལ་ཁབ་ལ་ཤོར་ཡོད། ཕམ་པོ་ཞིག་རེད། བཀའ་སློབ་བསྩལ་ཡོད། ཁོང་གི་གསུང་ཡ་རིན་ཆེན་གཏེར་འདི་ རྒྱ་གར་གྱིས་ དཔལ་ན་ལཎ་ད་ཡི་ནང་ཆོས་གཞུང་ལ་ཞུས་པ་རེད། རིན་ཆེན་གཏེར་དེ་ཚོ་བོད་ཀྱི་ལག་པར་རགས་བསྡད་ཡོད། ཡང་ འགྲོ་མགོན་ཆོས་རྒྱལ་སྐབས་ སོག་པོའི་བོད་ལ་དམག་སླེབས། ཁོང་གིས་བོད་ལ་དམག་རྒྱག་ནས་ཕན་ཐོག་ནི་མེད། ང་ཚོ་ལ་རྒྱལ་ཁབ་གཞན་པ་ནང་བཞིན་སྟོབ་འབྱོར་གང་ཡང་མེད། ང་ཚོ་ལ་རྒྱལ་ཁབ་གཞན་ལ་མེད་པའི་དམིགས་བསལ་གྱིས་གཏེར་ཞིག་ཡོད། སོག་པོའི་རྒྱལ་པོའི་གཏེར་དེ་གང་ལ་ཞུས་པ་་་ རྒྱ་གར་གྱིས་སངས་རྒྱས་ཀྱི་ནང་པའི་ཆོས་འདི་རེད། དུས་དེ་ནས་བཟུང་སོག་པོའི་རྒྱལ་ཁབ་ནང་པ་ཆགས་པ་རེད་དོ།

    Reply
  5. བསམ་པ་རྣམ་དག says:
    ལོ་ 7 སྔོན།

    རིན་ཐང་ཅན་གྱི་རྩོམ་ཞིག་འདི་ན་འདུག། ཞེན་ཁོག་དང་རྨོངས་འཆར་ཙམ་མིན་པར་དོན་དངོས་རང་བཞིན་ལྡན་པའི་རྩོམ་ཡིག་ཞིག་འདུག་གོ།

    Reply
  6. Nima Tsering nice says:
    ལོ་ 7 སྔོན།

    རྗེ་གུང་ཐང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese