མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༨/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་ཏེ་ལོ་ངོ་ཧྲིན་པོ་ལྔ་ཕྱིན་པའི་ཉིན་མོ་དང་བསྟུན་བོད་སྤྱི་པའི་རྩ་དོན་ཆེད་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཆོལ་ཁ་སོགས་ཀྱི་ཁྱད་པར་མེད་པར་བོད་མི་ཚང་མས་རྒྱབ་རྩ་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་༢ པའི་སྟེང་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། མདོ་སྨད་དབུས་རྒྱུན་གྱི་གོ་སྒྲིག་འོག བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ་ཞེས་པའི་ཚོགས་འདུ་ཞིག་ཚོགས་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དབུས་གདན་ཞུའི་སྐུ་མགྲོན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་པའི་ཉིན་མོ་སྲུང་གཙི་བྱེད་དགོས་དོན་སྐོར་ལ་ཁོང་གིས། གླིང་ཚས་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་ཞི་བའི་འཐབ་རྩོད་གནང་བ་རེད། མི་མང་པོ་ཞིག་གིས་ད་ལྟའི་མདོ་སྨད་དབུས་རྒྱུན་གྱིས་གླིང་ཚའི་སྐོར་ལ་ལས་འགུལ་སྤེལ་གྱི་མི་འདུག་ཅེས་བཤད་ཡོང་གི་འདུག ངས་གནད་དོན་འདི་ཚོགས་པ་རེ་གཉིས་དང་མི་རེ་གཉིས་ཀྱིས་ལག་པ་འཆང་ས་ཞིག་མིན་པར། ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་གནང་བ་ཡིན་དུས་གླིང་ཚའི་གནད་དོན་འདི་བོད་སྤྱི་པའི་གནད་དོན་ཞིག་ཡིན་སྟབས། ངས་རིམ་པར་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་ལ་རེ་བ་བརྒྱབས་པ་ཡིན། ཡིན་ཡང་མཐའ་མ་དེར་ལས་ཀ་བྱེད་མཁན་མ་རག་པ་རེད། དེ་རིང་འདི་ནས་གླིང་ཚ་གླེང་བ་ཟེར་བའི་ཚོགས་འདུ་ཚོགས་བཞིན་པ་འདི་ནི་ཐབས་ཤེས་མེད་པའི་ཐབས་ཟེར་བ་དེ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཨ་མ་གཅིག་ལས་རྒྱབ་རྩ་གང་ཡང་མེད་ཀྱང་། གླིང་ཚས་སུའི་དོན་དུ་ལས་འགུལ་སྤེལ་མིན་དེར་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་ཀྱི་ཡོད་པ་དང་། བོད་མི་རིགས་ཀྱི་དཔའ་བོ་ཞིག་ལ་རྒྱབ་རྩ་མེད་པར་འདི་ལྟར་ང་ཚོའི་མིག་མདུན་ནས་བོར་བརླག་བྱུང་བ་དེ་ཕམ་ཁ་ཆེན་པོ་ཞིག་ཡིན་ལ་། ཁོང་གླིང་ཚ་ཚེ་བརྟན་རྡོ་རྗེ་འཚོལ་བར་རྒྱ་གར་གྱི་ས་ཆ་མང་པོར་སོང་ནས་མི་མང་པོ་ཞིག་ལ་རེ་བ་བརྒྱབས་ཡོད་ཀྱང་། མཐའ་མ་དེར་ཞི་བའི་གོམ་བགྲོད་སྐབས་ཀྱི་རྐང་འཁོར་དེ་མ་གཏོགས་རྙེད་མེད་པ་དང་། རྐང་འཁོར་དེ་ད་ལྟ་ད་དུང་ཡང་ཁོའི་ལག་ཏུ་ཡོད་པ་དང་། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ཐེངས་མང་པོར་མོ་ལ་སྤྲོད་རོགས་ཞེས་བཤད་ན་ཡང་། མོའི་སེམས་ལ་སྐྱོ་སྣང་དང་བློ་ཕམ་ཡོང་བར་དོགས་ནས་སྤྲད་མེད་སྐོར་དང་། ང་ཚོ་སུ་དང་སུ་ཡིན་ནའང་དངོས་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ལས་དོན་བྱེད་མཁན་ཞིག་ཡིན་ན་དེ་ལ་རྒྱབ་རྩ་ཡོད་མེད་དང་དཔུང་རོགས་ཡོད་མེད། ཁེ་ཕན་ཡོད་མེད་ཙམ་ཞིག་ལ་མི་ལྟ་བར་བོད་མི་ཚང་མས་རྒྱབ་རྩ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་གྱི་ཡོད་སྐོར་གཏམ་བཤད་གནང་སྐབས། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་གི་ཞི་བའི་འཐབ་རྩོད་གནང་སྟངས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་དང་མཐུན་པ་མ་ཟད། འཐབ་རྩོད་ཀྱི་བརྒྱུད་རིམ་ཚང་མ་དེ་ག་རང་གི་སྒང་ལ་སོང་བ་ཞིག་ཚོར་བསྡད་ཡོད། ཁོང་གི་འཐབ་རྩོད་ལ་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སུས་ཀྱང་བརྒྱུད་སྐུལ་བྱས་པ་མ་ཡིན་པར། ཁོང་གིས་ཞི་བའི་འཐབ་རྩོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་རྙེད་པའི་སྒང་ནས་གནང་བ་ཞིག་ཡིན་ལ། ཁོང་གི་མི་རིགས་ཀྱི་ལ་རྒྱ་དང་ཞི་བའི་འཐབ་རྩོད་ཀྱི་སྙིང་སྟོབས་སླེབས་སྟངས་ཚང་མར་རྒྱུས་ལོན་བྱས་པ་ཡིན་ན་ཁོང་གི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་གསལ་བོ་ཡིན་སྐོར་བརྗོད་སོང་།

ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་འཐབ་རྩོད་གནང་སྟངས་ལ་བཙན་བྱོལ་ནང་དོ་སྣང་ག་འདྲ་ཡོད་མེད་ཀྱི་སྐོར་ལ་ཁོང་གིས། བོད་མིའི་སྒྲིག་འཛུགས་དང་ཤེས་ཡོན་པ་ཚོའི་སྡེ་རུ་ཁོང་གི་ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་དོ་སྣང་དང་ངེས་རྟོགས་ཀྱི་ཚད་ངེས་ཅན་ཞིག་ཏུ་བསླེབས་ཡོད་པ་དང་། ལྷག་པར་དུ་ཤེས་ཡོན་པ་ཚོས་དོ་སྣང་བྱེད་སའི་འཐབ་རྩོད་ཀྱི་སྡིངས་ཆ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་གཞི་རིམ་མི་མང་དང་མི་མང་དཀྱུས་མའི་ནང་ཤེས་ཡོན་མ་ཡོད་པས་ཡིན་ནམ། ཡང་ན་མི་མང་ཟེར་བ་དེ་དུས་དུས་སུ་འགུལ་སྐྱོད་བྱེད་པ་མ་གཏོགས་ནམ་རྒྱུན་བྱེད་ཀྱི་མེད་པ་ཡིན་དུས་གླིང་ཚའི་ཞི་བའི་འཐབ་རྩོད་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་སྟངས་ཤུགས་ཆེན་པོ་དེ་ཙམ་མིན་པའི་ཚོར་སྣང་ཡོང་སྐོར་སོགས་བརྗོད་སོང་།

དེ་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་བོད་ཀྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་པ་སུ་དང་སུ་ཡིན་ཡང་བོད་དོན་འཐབ་རྩོད་ཁྲོད་དཀའ་ངལ་ག་རེ་འཕྲད་པ་ཡིན་ནའང་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། དཔའ་བོ་ཁོང་གི་ཆེད་ནུས་པ་གང་ཡོད་སྤུངས་འདོད་ཡོད་སྐོར་དང་། གླིང་ཚ་ཁོང་སྒང་ཏོག་ནས་བོར་བརླག་བྱུང་མ་ཐག་གནས་ཚུལ་རག་ཐབས་བྱས་ཡོད་ན་ང་ཚོར་ལག་པ་འཇུ་ས་ཕྲན་བུ་ཞིག་ཡོད་སྲིད་ཀྱང་། ད་ལྟ་དུས་ཚོད་ཧ་ཅང་འགོར་དྲགས་སོང་སྐོར་དང་། བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ཡིན་ཕྱིན་ཆོལ་ཁ་དང་ཆོས་ལུགས་སོགས་ལ་འབྲེལ་བ་གང་ཡང་མེད་པར་ང་ཚོའི་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་བོ་ལྔ་ཕྱིན་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་གནང་སྒོ་གང་ཡོད་སྐོར་ལ་ཁོང་གིས། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་བོ་ལྔ་ཕྱིན་པ་དང་། ཁོང་གི་གནས་བབ་ག་འདྲ་ཆགས་ཡོད་དམ་བསམ་པའི་གནས་ཚུལ་དེ་བསམ་བློའི་ནང་ཡང་ཡང་དྲན་གྱི་ཡོད་པ་དང་། རྒྱལ་གཅེས་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་མཚོན་ན་བཙན་བྱོལ་ནང་བསླེབས་རྗེས་གཞི་ནས་མི་རིགས་ཀྱི་ལ་རྒྱ་བསླེབས་པ་ཞིག་མ་ཡིན་པར།  རང་ལོ་བཅུ་གསུམ་བཅུ་བཞི་ནས་བཟུང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་ཁ་གཏད་གཅོག་འདུག་མཁན་ཞིག་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། གླིང་ཚ་ཚེ་བརྟན་རྡོ་རྗེ་སྐོར་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་ཡོད་ཚང་མས་ཁྲིམས་སྒྲིག་དང་ལུང་དྲངས་ནས་ག་འདྲ་ཞུ་དགོས་པ་དང་། ཐབས་ལམ་ག་འདྲ་ཞིག་བརྒྱུད་དེ་གནས་བབ་ག་འདྲ་ཞིག་ལ་སླེབས་པ་བྱེད་ཀྱི་ཡིན་སོགས་ལ་ཀླད་པ་དཀྲུག་ནས་གནད་དོན་ཤེས་པ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་གཅིག་པུ་ཙམ་མ་ཡིོན་པར་གནས་ཚང་རྒྱ་གར་གྱི་འབྲེལ་ཡོད་སྡེ་ཁག་ལ་སྐབས་དེར་ཁོང་ལམ་ཁ་ག་འདྲ་ཞིག་དང་གནས་སྟངས་ག་འདྲ་ཞིག་གི་འོག་ནས་སོང་ཡོད་མེད་རྩད་ཞིབ་དགོས་པའི་རེ་ཞུ་ཞུས་པ་ཡིན་ན་ཞུ་ས་མེད་པ་མིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 11

  1. གཞུང་པ་ཚེ་དབང་བསོད་ནམས་་ says:
    ལོ་ 7 སྔོན།

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་མི་ལ་མི་བདག་མེད་ཀྱང་རོ་ལ་རོ་བདག་དགོས་ཟེར་བ་ལྟར་
    དེ་སྔོན་གླིང་ཚ་རྡ་ས་ནས་ཕེབས་སྐྱེལ་ཞུ་མཁན་གྱི་ཚོགས་སྐྱིད་ཚོའི་གླིང་ཚ་ཥི་གསོན་གྱི་
    གནས་ཚུལ་སྒྲུག་དགོས་པའི་ལས་འགན་མེད་པ་ཡིན་ནམ་།

    Reply
  2. ལྷག་བསམ། says:
    ལོ་ 7 སྔོན།

    གླིང་ཚང་ཚེ་བརྟན་རྡོ་རྗེ་ལགས་བྷང་ལ་ངྷི་ཤེ་ན་མག་པ་བསྡད་ཡོད་ཀི་ཟེར། བྱིས་པ་གཉིས་ཡོད་ས་རེད།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    དྲ་ལམ་དུ་གླིང་ཚའི་མིང་མཐོང་ཐེངས་རེར་གླིང་ཚ་གང་དུ་ཡོད་དམ། ཤི་ཡོད་དམ་ཡང་ན་གསོན་ཡོད་དམ། མཚམས་རེར་བསམ་བློ་གཏོང་དུས་རྒྱ་ནག་གིས་འཛིན་བཟུང་བྱས་ཡོད་དམ། གལ་སྲིད་འཛིན་བཟུང་བྱས་ཡོད་ན་གནས་སྟངས་ག་འདྲ་ཡིན་ནམ། ཡང་ན་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་གསང་བའི་འོག་འཛིན་བཟུང་བྱས་ཡོད་དམ། ད་ནི་གནས་ཆུང་དང་ཚེ་རིང་མཆེད་ལྔ་སོགས་ཀྱིས་མི་རིགས་ཀྱི་འཐབ་རྩོད་པ་གླིང་ཚ་གང་དུ་ཡོད་མེད་གསུང་བྱོན་རོགས།

    Reply
  4. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། ང་ག་དུས་ཡིན་ཡང་གླིང་རྩ་ཚེ་རིང་རྡོ་རྗེའི་སྐོར་ལ་གནས་ཚུལ་གང་འདུག་བསམ་ནས་ཉན་གྱི་ཡོད་པ་
    མ་ཚད་ཁོ་པའི་ཨ་མར་གདུང་སེསམས་མཉམ་བསྐྱེད་ཞུ་གི་ཡོད།
    ་

    Reply
  5. འདམ་སྐྱེས། says:
    ལོ་ 7 སྔོན།

    ད་ལམ་མདོ་སྨད་དབུས་རྒྱུན་ནས་དཔའ་བོ་མིང་དོན་མཚུངས་པ་གླིང་ཚའི་སྐོར་ཚོགས་འདུ་གནང་བར་ལེགས་བརྗོད་ཡོད། འོན་ཀྱང་ཁོང་ནས་བོད་བསྟན་སྲིད་མི་རིག་དང་བཅས་པའི་དོན་ལ་སུས་ཀྱང་མ་ཐུབ་པའི་ལས་འགན་གནང་བ་འདི་མདོ་སྨད་པ་གཅིག་པུའི་ལས་འགན་ག་ལ་ཡིན། དེས་ན་མང་པོ་ཞུ་མ་དགོས་པར་རང་རེའི་གཞུང་མང་གཉིས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་འདི་ལྟབུའི་ཡོངས་ལ་གྲགས་པའི་གནས་ཚུལ་འདི་ད་མུར་མ་བཞག་པར། བདེན་དོན་ལ་ཆོད་སེམས་ཅན་ཁོང་གི་གནས་སྟངས་ཇི་ཆགས་མངོན་གསལ་མ་གྱུར་བར་ཁ་བཤད་དང་ཚོགས་འདུ་ཙམ་མིན་པར་མངོན་གསལ་མ་གྱུར་བར་འབད་བརྩོན་མ་གནང་ན། ང་ཚོའི་འཇོན་ནུས་ཇི་ཡོད་ཟུར་བསལ་ལེབ་མཐོང་ལྟར་ལགས་ན་ཚང་མས་ཐུགས་འཁུར་ཆེ་ཙམ་གང་མགྱོགས་གནང་བའི་གཞེན་བསྐུལ་དུ།།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་་ says:
    ལོ་ 7 སྔོན།

    གླིང་ཚ་འཚོལ་བའི་་འགན་དེ་གླིང་ཚ་རྡ་ས་ནས་ཕེབས་བསྐྱེལ་ཞུ་མཁན་གྱི་ཚོགས་སྐྱིད་ཁག་ལ་ཡོད་པ་མ་རེད་དམ་

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་་ says:
    ལོ་ 7 སྔོན།

    ལྷག་བསམ་དམར་པོ་འབྱུང་བའི་མེ་ལས་ཚ་།
    ལྷག་བསམ་འགྱུར་མེད་རི་རྒྱལ་ལྷུན་པོ་འདྲ་།
    ལྷག་བསམ་འགན་འཁུར་རྒྱལ་ཁབ་དོན་དུ་བླངས་།
    ལྷག་བསམ་ཅན་ལ་ལྷག་པའི་ལྷ་ཡིས་སྐྱོབས་།

    གླིང་ཚའི་མཆོད་སེམས་རི་རྒྱལ་ལྷུན་པོ་འདྲ་།
    གླིང་ཚའི་ལྷག་བསམ་འབྱུང་བ་མེ་ལས་ཚ་།
    གླིང་ཚ་ཕོ་རྒོད་ས་གྲགས་གནམ་གྲགས་རེད་།
    གླིང་ཚ་འཚོལ་བའི་འགན་འཁར་བོད་མིའི་འགན་།

    Reply
  8. དོན་གྲུབ་བཟང་པོ། says:
    ལོ་ 7 སྔོན།

    ཁོང་དངོས་གནས་དཔའ་བོ་རེད།རང་དོན་སྐྱུར་ནས་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་གནང་བ་དང་མཐར་མ་ཡང་བརླག་པར་རེད།དེ་མིན་བོད་པ་མང་དག་གིས་སོ་སོའི་ལྟོས་གོས་མ་འགྲིག་པ་ཡུ་རབ་རྒྱལ་ཁབ་ཁག་ལ་བསྐྱོད་ནས་།
    བོད་ནང་ཡོང་བ་མིན་ན་བོད་ནང་ལས་འགུལ་སྤེལ་ཡོད་ཟེར་ནས་སྐྱག་རྫུན་ལུང་པ་དགུ་བཤད་ནས་ཆབ་སྲིད་སྐྱབས་བཅོལ་རག་ཐབས་ཁོ་ན་བྱེད་བཞིན་ཡོད་པ་རེད།བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་འདྲ་བའི་དཔའ་བོ་དཔའ་མོ་དག་གིས་དཀའ་ལས་རྒྱག
    ད་དུང་བོད་ནང་མང་དག་ཞིག་དང་ཕྱིར་དུ་ཉུང་ཤས་ཤིག་སྐུའི་ལུས་ཆོས་མེ་འཕུལ་ཡོད།
    འོན་ཀྱང་ནུབ་གླིང་བསྐྱོད་མཁན་མང་ཤོས་ཤིག་སོ་སོའི་ལྟོས་གོས་མ་འགྲིག་པ་སྐྱག་རྫུན་ཁ་ན་བཤད་ནས་སྐྱབས་བཅོལ་རག་ཐབས་ཀྱི་ཁེ་སང་ཁོ་ན་བཟའ་ན་བསྡད་སྡོད་ཡོད་པ་དེར་བློ་ཕམ་རང་བཞིན་རེད།

    Reply
    • བདེ་ཆེན says:
      ལོ་ 7 སྔོན།

      རེད་ཡ།དཀའ་ལས་རྒྱག་མཁན་ཞིག་རྒྱག
      སྐྱིད་པོ་གཏོང་མཁན་ཞིག་གི་གཏོང།
      ངའི་གྲོགས་པོ་ཞིག་ཧྥ་རན་སི་ལ་ཡོད་།ཁོང་གི་ང་ལ་སྤྱིར་བཏང་བྱས་ན་སོ་སོར་ལོ་རྒྱུས་འབྲི་ནས་ཧྥ་རན་སི་སྐྱབས་བཅོལ་ལས་ཁུངས་ལ་སྤྲད་དགོས་ཡོག་རེད།ཡིན་ན་དེ་སང་བོད་པ་དེ་ཚོས་དངོས་མེད་སྒྲུང་ཞིག་བཟོས་ནས་སྤྲད་ཀྱི་ཡོག་རེད།འབྱུང་གྱུར་ལ་ཕྱི་གླིང་བོད་པ་ཚོས་རྒྱུས་ལོན་ཚེ།བོད་པ་ལ་ཡིད་ཆད་བརླག་སར་རེད།
      རྒྱ་གར་དང་བལ་ཡུལ་ནས་ཡོང་མཁན་གཞིས་ཆ་བས་དེ་ཚོ་ཡིན་ན་བོད་ནང་ཆབ་སྲིད་ལས་འགུལ་སྤེལ་ཡོད་མདོག་དང་བོད་ནས་ཡོང་མཁན་ཡིན་ན་།གལ་ལྟར་རང་རང་གིས་ལྟོས་གོས་གཏམ་གསུམ་མ་འགྲིག་རྐྱང་རྐྱང་རེད་འདུག་གསུངས་བྱུང།

      Reply
  9. དོན་གྲུབ་བཟང་པོ། says:
    ལོ་ 7 སྔོན།

    ཁོང་དངོས་གནས་དཔའ་བོ་།རང་དོན་སྐྱུར་ནས་བོད་རྩ་དོན་ཆེད་ལས་འགུལ་སྤེལ་གནང་བ་དང་མཐར་བརླག་པར་རེད།དེ་མིན་སོ་སོའི་ལྟོས་གོས་མ་འགྲིག་པ་ཡུ་རབ་རྒྱལ་ཁབ་ཁག་ལ་བོད་ནང་ཡོང་བ་མིན་ན་བོད་ནང་འགྲོ་ནས་ལས་འགུལ་སྤེལ་ཡོད་ཟེར་སྐྱག་རྫུན་ལུང་པ་དགུ་བཤད་ནས་ཆབ་སྲིད་སྐྱབས་བཅོལ་རག་ཐབས་བྱ་བཞིན་ཡོད་པ་རེད།བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་འདྲ་བས་དཔའ་བོ་དཔའ་མོ་དག་གིས་དཀའ་རྒྱག
    འགའ་ཤས་ཀྱི་ཁེ་སང་ཁོ་ན་བཟའ་ན་བསྡད་སྡོད་ཡོད་པ་དེར་བློ་ཕམ་རང་བཞིན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese