མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རྒྱ་གར་མི་སེར་ལག་འཁྱེར་ལེན་མཁན་ཚོར་གཞིས་ཆཊ་ས་ཁང་གི་བདག་དབང་གཏན་ནས་མེད།

བོད་ཀྱི་དུས་བབ།
༢༠༡༨/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp
ཆོས་རིག་བཀའ་བློན་མཆོག་གིས་ཆིག་སྒྲིལ་དང་དམངས་གཙོ་ང་ཚོ་ལས་ལྷག་པ་མེད་ཅེས་སྤོབས་པ་བྱེེེད་ཀྱི་ཡོད་ཀྱང་། འདས་པའི་ལོ་གཉིས་ཀྱི་ནང་དུ་གནས་ཚུལ་ལྷག་པ་དེ་དག་གིས་ང་ཚོའི་གནས་ཚད་གང་ལ་བསླེབས་ཡོད་པ་བསྟན་ཡོད་སྐོར་གསུངས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཐོག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༢ པ་དང་སོ་ནམ་ཚོགས་ཆེན་ཐེངས་ ༡༠ པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ངལ་སེལ་ལོ་འཁོར་ཚོགས་ཆེན་ཐེངས་ ༨ པ་བཅས་དུས་གཅིག་ཏུ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་དབུས་བཀའ་བློན་རྣམས་དང་། བོད་མིའི་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་དང་སྐུ་ཚབ་བཅས་མི་གྲངས་ ༤༣ འཛོམས་འདུག

ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། ཐེངས་འདིའི་ཉིན་གྲངས་ལྔ་རིང་གི་ཚོགས་ཆེན་ཐོག་གཙོ་བོ་དོན་ཚན་བདུན་གྱི་ཐད་ལ་གོ་བསྡུར་གནང་རྒྱུ་རེད། དང་པོ་ནི། བོད་མི་ཉུང་ཆས་ཤིག་མགོ་སྐོར་བླུ་བྲིད་འོག་ཏུ་ཚུད་དེ། བོད་མིའི་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན། སྐུ་ཕྱྭར་གནོད་པའི་བྱ་ངན་སོགས་ལ་དབུས་ས་གཉིས་ཀྱིས་ཁ་གཏད་དང་གདོང་ལེན་བྱས་ཏེ། ༧གོང་ས་མཆོག་གི་སྐུ་ཕྱྭར་འགོག་རྐྱེན་བར་ཆད་གང་ཡང་མི་ཡོང་བའི་གནང་ཕྱོགས་དང་། ས་གནས་མི་མང་སོ་སོ་ནས་དེའི་ཐད་ལ་བསམ་ཚུལ་ཇི་ཡོད་སྐོར་ཡིན་འདུག གཉིས་པ་ནི་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ པའི་སྐབས་སུ་གྲོས་ཆོད་བཞག་པ་དེ་དག་ལག་ལེན་ཇི་བསྟར་སྐོར་ལ་བགྲོ་གླེང་། གསུམ་པ་རྒྱ་གར་དབུས་གཞུང་ནས་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་སྦྱོར་གནང་ཕྱོགས་ཀྱི་སྲིད་བྱུས་གང་དག་ལག་བསྟར་བྱས་མིན་དང་། གྲུབ་འབྲས་ཇི་བྱུང་། མ་འོངས་པར་བྱེད་འཆར་ཇི་ཡོད་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག ལྔ་པ་ནི་ལྔ་དང་ལྔ་བཅུའི་སྲིད་བྱུས་དགོངས་དོན་ལག་བསྟར་གང་ལེགས་སྐོར་ལ་གོ་བསྡུར། དྲུག་པ་ཕྱིས་སུ་བོད་ནས་འབྱོར་ཞིང་ས་ཁང་མེད་པའི་དཀའ་ངལ་སེལ་ཆེད་དུ་གཞིས་ཆགས་ཁག་ཏུ་ཞིང་ས་དང་ཁང་ས། ཁང་པ་སྟོང་པ་གང་ཡོད་དང་། གཞན་དཀའ་ངལ་སེལ་ཐབས་ཇི་ཡོད་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན་འདུག

དེའི་རྗེས་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ལ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་དུས་བོད་དུ་མྱུར་བར་ལོག་ཐུབ་པའི་དགོངས་པ་བཞེས་པ་མ་གཏོགས་ལོ་ལྔ་བཅུ་དང་དྲུག་བཅུར་རྒྱ་གར་དུ་ལུས་རྒྱུ་ཡིན་པ་སུས་ཀྱང་བསམ་བློའི་ནང་འཁོར་ཐུབ་མེད་པས་དེ་ལ་དཔགས་པའི་ཕུགས་རྒྱང་རིང་པོའི་འཆར་གཞི་བཟོ་མ་ཐུབ་པ་དང་། དེའི་རྐྱེན་གྱིས་ད་ཆ་སྒྲིག་འཛུགས་ཚེགས་ཚུད་པོ་དང་འདོད་བློ་ཁེངས་པ་ཞིག་བྱུང་ཐུབ་མེད་པ་རེད། སྐྱོན་ཆ་དེ་ཐེངས་འདིའི་བཀའ་ཤག་གིས་ངོས་འཛིན་པའི་ཐོག་ནས་མ་འོངས་ལོ་ལྔ་བཅུའི་འཆར་གཞི་ད་ལྟ་ནས་འཐེན་དགོས་དང་། ཁ་ཚ་དགོས་གཏུག་གིས་མ་འོངས་ལོ་གསུམ་ནང་ས་གནས་སོ་སོའི་ནང་དུ་གཟེངས་སུ་ཐོན་པའི་བྱ་གཞག་གང་བྱེད་ཐུབ་མིན་སྐོར་ལ་གོ་བསྡུར་དགོས་པ་དང་། དེའི་ཆེད་དུ་ཉེ་ཆར་དམིགས་བསལ་ཆེད་ལས་པས་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་བྱས་ཏེ།འདས་པའི་འཛུགས་བསྐྲུན་ལས་གཞི་ལེགས་འགྲུབ་མ་བྱུང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་དང་མ་འོངས་པར་གང་བྱེད་དགོས་མིན་སྐོར་གྱི་སྙན་ཐོ་གནང་འབྱོར་བྱུང་བ་དེ་དག་ཆེད་ལས་པས་ཚོགས་བཅར་བ་ཚོར་མིག་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

བོད་ནས་ཕྱིས་སུ་འབྱོར་ཞིང་སྡོད་ཁང་མེད་ཅིང་འཚོ་བའི་རྟེན་གཞི་ཞན་པ་དག་ལ་ཁང་ས་ཞིང་ས། ཡང་ན་ཁང་པ་སོགས་ཀྱི་མཐུན་རྐྱེན་སྐོར་ལ་ཁོང་གིས། གཞིས་ཆགས་ཁག་ནང་ལ་གཞུང་འབྲེལ་ལམ་སྒེར་གྱི་འགྲོ་སོང་བཏང་ནས་ཕྱི་རྒྱལ་ལ་ཕྱིན་ནས་ལོ་གསུམ་སོང་བ་རྣམས་ལ་གཞིས་ཆགས་ཀྱི་ས་ཁང་སྒྲིག་གཞི་ལྟར་ས་ཁང་ཞིང་ས་སོགས་གཞུང་ལ་ཕྱིར་སློག་བྱེད་དགོས་པ་དང་། དེ་བཞིན་ཕྱི་རྒྱལ་གྱི་མི་སེར་ལག་འཁྱེར་ཡོད་པ་དག་ལ་གཞིས་ཆགས་ཀྱི་ས་ཁང་གི་ཐོབ་ཐང་གཏན་ནས་མེད་པ་རེད། མ་ཟད་བཙན་བྱོལ་ནང་གི་བོད་མི་རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་པ་རྣམས་བོད་པ་རེད་དམ་ཟེར་ན་རེད། འོན་ཀྱང་བཙན་བྱོལ་བོད་མིའི་ཐོབ་ཐང་ཚང་མ་འདོར་དགོས་པ་ལས་དེ་དག་གིས་གཞིས་ཆགས་ཀྱི་ས་ཁང་གི་བདག་དབང་ཁོང་ཚོར་ཡོད་ཟེར་ནས་རྩོད་གཞི་གཏན་ནས་ཡོད་པ་མ་རེད། གཞིས་ཆགས་ཀྱི་ནང་མི་ཆ་ཚང་ཕྱི་རྒྱལ་དུ་སོང་བའམ་རྒྱ་གར་གྱི་མི་སེར་ཡོད་ན་ས་ཁང་ཕྱིར་གཞུང་ལ་སློག་དགོས་པ་དང་། དེ་དག་བོད་ནས་ཕྱིས་སུ་འབྱོར་བའི་སྡོད་ཁང་མེད་པ་དག་ལ་བགོ་འགྲེམས་བྱེད་འཆར་ཡོད་ཅེས་གསུངས་སོང་།མཇུག་ཏུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཞིས་ཆགས་སྲ་བརྟན་སྐོར་ལ། གཞིས་ཆགས་ཁག་ལ་ཕྱིའི་ཆ་རྐྱེན་འཛུགས་སྐྲུན་གཅིག་པུ་མིན་པར་གཞིས་མི་རྣམས་ཀྱི་གཞིས་ཆགས་ལ་སེམས་པ་ཆགས་ཐུབ་པ་བྱེད་དགོས་པ་དང་དེའི་ཐོག་ལ་གོ་བསྡུར་གནང་དགོས་པ་རེད་ཅེས་དང་།  ཁོང་དགོན་སྡེ་གྲྭ་ཚང་དག་ལ་ལྟ་སྐོར་དུ་ཕྱིན་སྐབས།  དགོན་སྡེ་གྲྭ་ཚང་གི་ཕྱིའི་འཛུགས་སྐྲུན་ཧ་ཅང་ཡག་པོ་ཡོད་པ་གང་ཞིག་ལ་ནང་དུ་གྲྭ་བཙུན་སྟོང་བཞིན་པའི་གནས་ཚུལ་དཔེར་བཞག་གནང་སོང་། དེ་བཞིན་རྒྱ་གར་དབུས་སའི་གཞུང་དང་ལྷན་དུ་ལས་དོན་བྱེད་དུས་ཐབས་བརྒྱ་ཇུས་སྟོང་དང་བོད་མིའི་ཡ་རབས་བཟང་སྤྱོད་མ་འདོར་བའི་ཐོག་ནས་གནང་རྒྱུ་དེ་གཞིས་ཆགས་སྲ་བརྟན་གྱི་སྲིད་བྱུས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་ལུགས་གསུངས་སོང་།

ཡང་ཁོང་གིས་ད་ཆ་ཆེས་ཛ་དྲག་གི་གནས་སྟངས་ཤིག་ནི། བོད་ཀྱི་ཆབ་སྲིད་རྩ་དོན་དང་བདེན་མཐའ་གསལ་ཐབས་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་སྒྲུབ་ཐུབ་པ་བྱ་དགོས་པ་སོགས་གསུངས་ཡོད་པ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ལྷ་བླ་མའི་བཀའ་ལུང་ཕེབས་དུས་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་པ་གསུང་བ་བཞིན་དེའི་ཐད་ལ་དགོངས་པ་བཞེས་དགོས་ལུགས་སོགས་གསུངས་སོང་།

ཡང་ཁོང་གིས། ཆིག་སྒྲིལ་དང་དམངས་གཙོ་ང་ཚོ་ལས་ལྷག་པ་མེད་ཅེས་སྤོབས་པ་བྱས་ནས་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གཉིས་ཀྱི་ནང་དུ་གནས་ཚུལ་ལྷག་པ་དེ་དག་གིས་ང་ཚོའི་གནས་ཚད་གང་ལ་སླེབས་ཡོད་པ་བསྟན་ཡོད་པ་རེད། འཁྲུག་ཆོག་ཆོག་དང་གས་ཆོག་ཆོག་ཡོོད་པ་རེད། གོ་བརྡ་དེ་ང་ཚོར་འཕྲོད་པ་ཏོག་ཙམ་ཕྱིས་དྲག་ཡོད་པ་རེད། དེར་བརྟེན་ཆོལ་གསུམ་གཅིག་སྒྲིལ་དང་ཆོས་ལུགས་མཐུན་སྒྲིལ་ནི་བསྟན་སྲིད་དང་རྩ་དོན་གང་ལའང་ཐུག་ན་སྲོག་རྩ་ནང་བཞིན་ཆགས་ཡོད་པས་དེའི་འགོག་རྐྱེན་སྒྲུབ་སྟངས་དང་གདོང་ལེན་བྱེད་སྟངས་དེ་ཚང་མས་མི་རྣམས་ཀྱི་བསམ་བློར་གོ་བརྡ་ཞིག་སྤྲོད་དགོས་འདུག ཅེས་དང་།  དེང་སང་༧སྐྱབས་མགོན་རིན་པོ་ཆེ་ལ་སྔར་ཐོས་མྱོང་མེད་པའི་མཚན་སྨོད་ཞུ་གི་འདུག དེས་མ་ཚད་༧སྐྱབས་མགོན་རིན་པོ་ཆེ་དང་ཆོས་ལུགས་དབུ་ཁྲིད་བླ་ཆེན་གཞན་བར་ལ་གནས་ཚུལ་འདྲ་མི་འདྲ་བཟོ་མཁན་ཡང་འདུག དེར་བརྟེན་དེང་སང་སྤྱི་ཚོགས་དྲྭ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་འདི་ལབ་འདུག་དེ་ལབ་འདུག་ཟེར་ནས་རྒྱུག་ཆོག་ཆོག་མ་བྱས་པར་བབ་ཆགས་པོ་དང་བག་ཕེབས་པོའི་སྒོ་ནས་གདོང་ལེན་བྱ་དགོས་ཀྱི་འདུག ཅེས་གསུངས་སོང་།

ཚེ་རིང་ནོར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 13

  1. དཔལ་ལྷ་མོ། says:
    ལོ་ 8 སྔོན།

    ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཡིན་ན་གཞུང་གི་མཛད་གཙོ་རྣམ་པས་སྐུ་ལས་གང་འདྲའི་རྒྱག་འདུག
    འགྲུབ་འབྲས་ཇི་ཙམ་ཐོན་འདུག
    ཧ་གོ་ཡི་རེད།སོ་སོས་མ་འཇན་པ་ཁ་གཏོང་ཆོག་ཆོག་བྱེད་ནས་སྡོད་པ་ཡིན་ཕན་ཐོན་གང་ཡང་ཡོག་མ་རེད།
    བོད་ལརང་དབང་རྩོད་ལེན་བྱ་ཡི་ཡོད་ན།ངེས་པར་དུ་ཆིག་སྒྲིག་དགོས་གལ་རེད།ཡིན་ན་འང་ལག་པ་གཅིག
    ་གི་ལྡོག་པ་ཡོང་གི་མེད་པ་གསལ་པོ་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 8 སྔོན།

    ཆབ་སྲིད་མི་སྣས་ཆབ་སྲིད་ཟློས་གར་ཁྲབ་།
    ཞི་བའི་མི་མང་མགོ་བོ་རྨོང་དུ་བཅུག་།
    ཆབ་སྲིད་མི་སྣས་ཆབ་སྲིད་འཐབ་རྩོད་འོག་།
    བཙན་བྱོལ་བོད་མིའི་མཐུན་འབྲེལ་ཉམས་ཆགས་བཏང་།

    Reply
  3. བསོད་གཡང་། says:
    ལོ་ 8 སྔོན།

    “འཁྲུག་ཆོག་ཆོག་དང་གས་ཆོག་ཆོག་ཡོོད་པ་རེད།” དེ་གོང་རིམས་ནས་ཟོས་སོང་། དེའི་འགན་སྤྱི་འཐུས་དང་བཀའ་ཤག་ལ་ཡོད།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 8 སྔོན།

    བོད་མི་རྒྱ་གར་མི་སེར་ལེན་མཁན་ཚོ་གཅིག་པུ་ལས་གཞན་པའི་ཨ་རི་དང་། བལ་པོ། ཡུ་རོབ་ལ་སོགས་པ་ཐམས་ཅད་ལ་བཀའ་རྒྱ་འདི་ཁྱབ་ཀྱི་ཡོད་མེད་ཐོག་གསལ་ཁ་ཞིག་གཏོད་གནང་ན་ཡག་པོ་མེད་འགྲོ་དྲན།

    Reply
  5. འབྲོག་གཅེར་བུ། says:
    ལོ་ 8 སྔོན།

    “འཁྲུག་ཆོག་ཆོག་དང་གས་ཆོག་ཆོག་ཡོོད་པ་རེད།”
    འཁྲུག་ཆོག་ཆོག་ཡིན་ན་དཀྲུགས་མཁན་དེ་ཁྱེད་ཚོ་ཆབ་སྲིད་ཀྱི་མགོ་བྱེད་རྣམ་པ་རེད། གས་ཆོག་ཆོག་ཡོད་ན་གཅོག་མཁན་ཀྱང་ཆབ་སྲིད་དབུ་ཁྲིད་རྣམ་པ་རེད། གྲོས་ཚོགས་དང་འཛིན་སྐྱོང་གང་ནའང་མི་དཀྲུགས་མཁན་ཉུང་ཤས་རེད་འདུག

    Reply
  6. དམུ་རྒོད། says:
    ལོ་ 8 སྔོན།

    གོང་གི་ས་གནས་འགོ་འཛིན་གི་ཚོགས་འདུ་དང་། དབུ་འབྱེད་མཛད་སྒོའི་གཏམ་བཤད་ཁག་དང་འབྲེལ་བའི་དོན་གནད་ཁག་ཅིག

    ༡༽ ངོ་བོ་དང་ལྷག༌པར་དུ་གནས་བབ་ཀྱི་ཐད་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་ཁོངས་སོ་སོའི་མི་ཟེར་ལག་འཁྱེར་ལེན་མཁན་བོད་མི་དག་དང་རྒྱ་གར་ནང་གནས་སྡོད་བྱེད་མུས་ཐོག་རྒྱ་གར་མི་ཟེར་ལག་འཁྱེར་ལེན་མཁན་གཉིས་གཅིག་པ་མིན་ལ། ཁྲིམས་སྒྲིག་གཅིག་གིས་རྒྱུག་པ་ལེབ་རྡུང་བྱེད་ན་ཡོང་ཐབས་མེད།

    ༢༽ གཞིས་ཆགས་སྲ་བརྟན་ཟེར་པའི་སྐད་ཆ་འདི་ལོ་མང་པོ་ཞིག་ནས་བཤད་བསྡད་པ་ཡིན་ཡང་། དོན་དངོས་ཐོག་དེ་ལ་གྲུབ་འབྲས་ཐོན་མེད་པ་མ་ཟད་སྔར་བའི་ཛ་དྲག་ཆེ་རུ་འགྲོ་དང་འགྲོ་མུས་སུ་ཡོད། དེ་ནི། རྒྱུ་མཚན་གཉིས་ཏེ། གཅིག་ནི་གཞིས་ཆགས་སྲ་བརྟན་ཡོང་མ་ཐུབ་པའི་འགག་རྩའི་གནད་དོན་ངེས་ཟིན་མ་ཐུབ་དང་། གཉིས་པ་ནི། ངེས་ཟིན་ཐོབ་ཀྱང་དེ་ལུགས་ཀྱི་ལས་དོན་ལག་བསྟར་མ་བྱས་པའམ་མ་ཐུབ་པ། ཡང་ན་སྣང་མེད་དང་འཐུས་ཤོར་དུ་བཏང་པ་ཞིག་ལ་ངོས་འཛིན་མ་བྱེད་ཐབས་མེད་དུ་གྱུར་ཡོད།

    ༣༽ ལོ་སྔོན་མར་དང་ཐོག་རྒྱ་གར་ལྷོ་ཕྱོགས་ཁར་ན་ཌ་ཀའི་(Karnataka) ས་གནས་མི་ཟེར་ལག་དེབ་ལས་ཁུངས་གཅིག་གིས་བོད་མི་རྒྱ་གར་མི་ཟེར་བཟོ་མཁན་ཚོ་གཞིས་ཆགས་སུ་སྡོད་མི་ཆོག་པའི་འགོག་རྐྱེན་བཟོས་ཡོད་པ་དང་། རྗེས་སུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བསྒྲགས་ཡིག་ཅིག་བཀྲམས་ཏེ། བོད་མི་ཚོས་རྒྱ་གར་མི་ཟེར་ལག་འཁྱེར་ལེན་རྒྱུར་ཁྲིམས་ཁང་གི་ཐག་གཅོད་ལྟར་བཀག་འགོག་བྱེད་ཆོག་གི་མེད་ཀྱང་། མི་ཟེར་ལག་འཁྱེར་ལེན་མཁན་ཚོ་བོད་མིའི་གཞིས་ཆགས་ནས་སྡོད་ཆོག་གི་མེད་པར་བརྗོད་ཡོད། གནས་ཚུལ་དེར་འུར་འགྲོགས་འདྲ་ཞིག་གིས་དབུས་བོད་མིའི་སྒྲིག་འཛུགས་ནས་ས་གནས་གཞིས་ཆགས་ཁག་ལ་གོང་གི་བསྒྲགས་ཡིག་གཞི་རུ་བཟུང་པའི་བཀོད་ཁྱབ་ཡི་གེ་བཏང་པ་རེད། འོན་ཀྱང་། ༢༠༡༧ ཕྱི་ཟླ་ ༡༡ ནང་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་བཀའ་རྒྱ་ཅིག་བཏང་སྟེ། རྒྱ་གར་གཞུང་༼ཕྱི་སྲིད་ལས་ཁུངས༽གིས་བོད་མི་རྒྱ་གར་གྱི་མི་ཟེར་ལག་འཁྱེར་ལེན་མཁན་ཚོ་བོད་མིའི་གཞིས་ཆགས་ནང་སྡོད་ཆོག་གི་མེད་ཟེར་པའི་བཀག་རྒྱ་དང་ཆ་རྐྱེན་འཇོག་མི་ཆོག་པ་དང་། བོད་མི་སུ་ཞིག་གིས་རྒྱ་གར་མི་ཟེར་ལག་འཁྱེར་ལངས་ཟིན་རྗེས་ཁྲིམས་ཐོག་ནས་མི་དེ་ཉིད་རྒྱ་གར་མི་ཟེར་ཡིན་པ་དང་། རྒྱ་གར་བའི་མི་ཡིན་ཕྱིན་རྒྱ་གར་ཀྱི་ས་ཁོངས་གང་ཞིག་ནས་འདུག་ཆོག་དང་མི་ཆོག་གི་བཀག་རྒྱ་གཏོང་ཆོག་གི་མེད་པར་བསྒྲགས་ཡོད། ཐབས་སྐྱོ་བ་ཞིག་ལ། ཁྲིམས་ཁང་གི་བཀའ་རྒྱ་དེ་ཐོན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་ཁག་དང་བོད་མིའི་སྤྱི་ཚོགས་ཁྲོད་སྔོན་སོང་གི་བཀོད་ཁྱབ་ཕྱིར་བསྡུའམ་དེ་འབྲེལ་གྱི་གསལ་བཤད་གང་ཡང་གནང་མེད་པ་མ་ཟད། ད་དུང་ཐེངས༌འདིའི་ཚོགས་འདུའི་ཐོག་དེའི་གནས་ཚུལ་དེ་མཇུག་སྐྱོང་གི་སྐུལ་མ་འདེད་ཀྱིན་པ་ནི་ངེས་པར་དུ་མཚམས་འཇོག་དགོས་པའི་གནད་དོན་ཞིག་ཡིན།

    ༤༽ གཞིས་ཆགས་སྲ་བརྟན་ཞེས་ཁ་ནས་བཤད་བསྡད་ན་ཡོང་ཐུབ་པ་ཞིག་མ་རེད། རྒྱ་གར་ནང་གི་ཁ་འཐོར་བོད་མིའི་འདུས་སྡོད་ཁག་དང་གཞིས་ཆགས་ཁག་ནས་ལོ་རེ་ནས་ལོ་རེར་ཕྱི་རྒྱལ་ཁག་ལ་འཐོར་འགྲོ་གི་ཡོད་པ་དང་། ཡང་ན་བོད་དུ་ཕྱིར་ལོག་འགྲོ་བ་འདིའི་ཐུག་ས་དེ། གཅིག་ནས་རྒྱ་གར་ནང་བོད་མི་ཚོར་ཁྲིམས་ཐོག་ནས་ཁག་ཐེགས་མེད་པས་གཅིག་ནས་ལས་དོན་མང་པོ་ཞིག་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པ་དང་། གཉིས་ནས་མ་འོངས་པ་ཞིག་མཐོང་གི་མེད་པས་རེད། གལ་སྲིད་གཞིས་ཆགས་ཁག་དང་རྒྱ་གར་ནང་གི་བོད་མིའི་འདུས་སྡོད་ཁག་རྒྱུན་གནས་སྲ་བརྟན་དགོས་ཀྱི་ཡོད་ན། ཨང་དང་པོ་ཁྲིམས་ཐོག་གི་འགོག་རྐྱེན་རིགས་མེད་པ་བཟོས་ཐོག འཚོ་བའི་འགན་ལེན་ཐུབ་པ་ཞིག་ལ་དགོངས་པ་བཞེས་དགོས་པའི་དུས་ལ་སླེབས་ཡོད།

    Reply
  7. རྡོ་རྗེ། says:
    ལོ་ 8 སྔོན།

    རྒྱབ་ཁབ་གཞན་གྱི་མི་སེར་འགྱུར་ཚར་མཁན་དེ་དག་གི་ད་དུང་སྐྱབས་བཅོལ་འཚོ་རྟེན་ལེན་བསྡད་ན་ངོ་ཚ།

    Reply
  8. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། ས་གནས་གཞིས་འགོའི་ཚོགས་ཆེན་ཐེངས་ ༡༢ པ་ཚོགས་གནང་བར་་་བཀྲིས་བདེ་ལེགས་ཞུ།
    ༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ཇི་གནང་ཐུགས་ལ་འཇགས་རོགས་གནང།

    Reply
  9. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 8 སྔོན།

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་
    དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་འབྲུ་དོན་
    བོད་ཀྱི་ཡུལ་མིའི་སྒྲིག་གཞི་མ་བཟོས་བར་ཕྱིའི་རྒྱལ་ཁབ་
    དང་གནས་ཡུལ་ལུང་པའི་མི་སེར་བཟོ་མཁན་གྱི་གནད་
    དོན་སྐོར་མུ་འཐུད་ནས་འཛིན་སྐྱོངས་ལ་དཀའ་ངལ་
    འཕྲད་རྒྱུ་ཡིན་པ་དོན་མོ་ཟ་།

    Reply
  10. ལྷག་བསམ། says:
    ལོ་ 8 སྔོན།

    མ་གཞི་ནས་བཙན་བྱོལ་ནང་གི་སྒྲིག་འཛུགས་དེ་ཚོ་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཡིད་ལ་གང་ཤར་ཤིག་ལས་བཞིན་པ་ལས། དོན་དམ་པས་བོད་མི་རིགས་ལ་ཤ་ཚ་ཞེན་ཁོག་ཡོད་ཀི་ཟེར་ན་ཐེ་ཚོམ་རེད། ཁོང་རང་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཐོབ་ཐང་ལག་ཁྱེར་བླངས། དེ་ནས་རྒྱ་གར་ནས་ས་ཁང་བདག་དབང་བླངས་ཏེ་འཚོ་བཞིན་ཡོད་མོད། འདི་ཚང་མ་གཡོ་སྒྱུའི་ལྐོག་ངན་ལེན་པའི་སྒོ་མོ་རེད། སྐྱབས་མགོན་རིན་པོ་ཆེ་ནས་ག་ཚོད་གསུངས་ན་སྐྱག་བཟན་ཁྱེད་ཚོ་ནམ་ཡིན་ཡང་མགོ་འཕངས་ཆེ་མཐོ་རེད། བྲེལ་བ་མ་བྱེད་ད་ཁྱེད་ཚོ་ཚང་མ་ཚར་གྲབ་ཡོད་རེད།

    Reply
  11. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་མཁན་ཚོར་གཞིས་ཆགས་ཀྱི་ཐོབ་ཐང་མེད་ན་འགྲིག་འདུག དེ་ན་དེ་རིགས་ལ་གྲོས་ཚོགས་དང་སྲིད་སྐྱོང་འོས་བསྡུའི་འོས་ཤོག་བླུགས་པའི་ཐོབ་ཐང་ཡོད་དང་མེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་དུ་ལས་ཀ་བྱེད་ཆོག་གི་ཡོད་དང་མེད།

    ཕྱི་རྒྱལ་ཡོད་པའི་བོད་མི་ཚོ་སོ་སོའི་སྡོད་གནས་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་དང་འོས་ཤོག་བླུགས་ཆོག་པ་དང་གཞུང་ཞབས་ཀྱང་གནང་ཆོག་གི་ཡོད།

    Reply
  12. Lobsang Wangdu says:
    ལོ་ 8 སྔོན།

    འཆི་མེད་རིག་འཛིན་གསུངས་པ་དེ་བདེན་པ་མཐོང་། སྔ་ཕྱི་མ་གཏོགས་ངོ་སོ་མེད་པའི་གནས་ཚང་འཆག་ཉེན་འདུག

    Reply
  13. བསྟན་འཛིན་འཇམ་དབྱངས། says:
    ལོ་ 8 སྔོན།

    བྱ་སྤུ་ནོན་སླེབས་འདུག་ཧ་ཧ་ཧ་ཧ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese