མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༡༨/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧དཔལ་རྒྱལ་བ་ཀརྨ་པ་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་བོད་མིའི་གཙོས་དད་ལྡན་སེར་སྐྱ་མི་མང་གིས་སྲུང་གཙི་ཞུ་ཡི་འདུག

༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་བོད་མིའི་གཙོས་དད་ལྡན་སེར་སྐྱ་མི་མང་གིས་སྲུང་གཙི་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་༩ པའི་སྟེང་། བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དིལ་ཡག་ཨི་དམ་དཔའ་རི་བཀྲ་ཤིས་མི་འགྱུར་རྡོ་རྗེ་རྒྱལ་མཚན་གླིང་སྐྱབས་རྗེ་ཟླ་བཟང་རིན་པོ་ཆེ་མཆོག་གི་དགོན་པའི་མདུན་ཐང་དུ། བལ་ཡུལ་མི་མང་ཚོས་དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའིི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕྱོགས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་ས་གནས་དོན་གཅོད་ཀྱི་སྐུ་ཚབ་གཉིས་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་། བལ་ཡུལ་གནས་སྡོད་སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་དགོན་པའི་དགེ་འདུན་པ་ཚོས་སེར་ཕྲེང་གིས་སྤོས་རྒྱ་དང་བཅས་༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བཞུགས་ཁྲིར་ཞབས་སོར་འཁོད་རྗེས། བན་ཆེན་དགོན་པའི་ངོས་ནས་སེང་གེ་གར་འཆམ་གནང་བ་དང་། བལ་ཡུལ་ཀརྨ་སྲི་ཞུ་ཚོགས་པ་དང་བལ་ཡུལ་ཀར་དགོན་བདེ་དོན་ལྷན་ཚོགས་གཉིས་ནས་ཁོར་ཡུག་དང་འཁྲུངས་སྐར་སོགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་བལ་བོའི་སྐད་ནང་གཏམ་བཤད་གནང་བ་དང་འབྲེལ། བལ་ཡུལ་ཁོར་ཡུག་སྐུ་ཚབ་འབྲེལ་མཐུད་པ་མཁན་མོ་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་གནང་དོན། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་འདས་བའི་ལོ་ངོ་༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་དང་། ཁོང་གི་རྣམ་ཐར་དང་ཆོས་ཀྱི་ཡོན་ཏན་རྣམས་ལ་དང་འདོད་ཡིད་ཆེས་གསུམ་ཀྱི་བློས་ཀུན་ནས་བསླངས་ཏེ་བསམ་ཞིང་རྗེས་སུ་དྲན་པའི་སྒོ་ནས་སྒྲུབ་པའི་ཉམས་ལེན་ལ་བརྩོན་པ་ཡིན་ན། དེ་ནི་རབ་བྱུང་བའི་ཞབས་ཏོག་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་གཞི་རྩ་ཚུགས་ཐབས་དང་རང་ཅག་སློབ་མ་རྣམས་ཀྱིས་སྒྲུབ་བྱ་གཙོ་བོ་དེ་ཡིན་སྟབས། རྒྱལ་དབང་མཆོག་གི་མཛད་པ་དང་འཕྲིན་ལས་གྲངས་ཚད་གཞལ་དུ་མེད་པ་རེ་རེ་ནི་རང་ཅག་སོ་སོ་སྐྱེས་བོ་རྣམས་ཀྱིས་ཧཞལ་བར་དཀའ་ན་ཡང་། དམིགས་བསལ་མཛད་འཕྲིན་དུ་མ་ཞིག་ཡོད་པའི་ནང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་འདི་ནི་དུས་རབས་འདིའི་ནང་དུ་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་པར་གཟིགས་དགོས་སྐོར་བརྗོད་སོང་།

ཡང་མུ་མཐུད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་དུ་ལོ་རེ་རེ་བཞིན་རྒྱལ་དབང་མཆོག་དབུ་བཞུགས་ཀྱིས་སྐབས་བསྟུན་གྱི་བརྗོད་བྱ་དང་འབྲེལ་མཁས་དབང་རྣམས་གདན་ཞུས་ཀྱིས་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་འཕྲོད་བསྟེན་ཡར་རྒྱས་དང་། རྩི་ཤིང་འདེབས་འཛུགས་བྱེད་པ། སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་བྱ་ཡིན་ཡང་སྲོག་ལ་རྒོལ་མི་ཉན་པར་སྲུང་སྐྱོབ་བྱེད་དགོས་པ་དང་འཐུང་ཆུ་གཙང་མར་བདག་ཉར་བྱ་རྒྱུ་། མཁའ་རླུང་གཙང་མ།  སྤྱི་ཚོགས་ནང་ཛ་དྲག་གི་ཉེན་ཁ་འཕྲད་པའི་སྐབས་སུ་ཉེན་སྐྱོབ་བྱེད་རྒྱུའི་རིགས་སོགས་ཀྱི་ཟབ་སྦྱོང་སྤྲད་པ། ཤིང་ནགས་འདེབས་འཛུགས་དང་སྐྱེས་དངོས་སྲུང་སྐྱོབ་བྱེད་གལ་ཆེ་བ་ནི་ཀུན་གྱི་ཤེས་གསལ་ལྟར་རེད། རང་ཅག་འགྲོ་བ་མི་དང་རི་སྐྱེས་སྲོག་ཆགས་གང་ཡིན་ཡང་འཚོ་གནས་བྱེད་ས་ནི་སའི་གོ་ལ་འདི་ཡིན་པ་བཞིན་ཡོད་ཚད་མཁའ་དབུགས་ལ་བརྟེན་ནས་འཚོ་དགོས་བ་དང་། མཁའ་དབུགས་ཀྱི་འབྱུང་ཁུངས་ནི་ཤིང་ནགས་ལ་བརྟེན་དགོས་བའི་རྒྱུ་མཚན་གྱིས་རྒྱལ་དབང་མཆོག་གི་བཀའ་ལྟར་སྒྲུབ་དགོས་སྐོར་སོགས་བརྗོད་སོང་།

མཛད་སྒོ་གྲུབ་རྗེས་སྐུ་མགྲོན་རྣམས་ནས་དམིགས་བསལ་འཁྲུངས་སྐར་གྱི་ཆེད་དུ་ཤིང་སྡོང་རེ་གསར་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་བལ་ཡུལ་འཁྲུངས་སྐར་སྲུང་གཙིའི་སྟེང་ཧི་མ་ལ་ཡའི་མི་རིགས་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་འདུག ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་བཞུགས་ཡོད་ཀྱང་། ཁོང་དགུང་གྲངས་ ༣༣ ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འཁྲུངས་སྐར་གྱི་འཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་ཤིས་སྨོན་འབུལ་བཞིན་འདུག

བལ་ཡུལ་ས་གནས་གསར་འགོད་པ། མགོན་པོ།

མཆན། 3

  1. ཨ་འབར་འཇིགས་དབང། says:
    ལོ་ 5 སྔོན།

    ༄༅། སྙིགས་དུས་འགྲོ་ལ་ཕན་བདེ་སྒྲུབ་པའི་སླད། གངས་ཅན་སྤྲུལ་སྐུའི་སྲོལ་འབྱེད་ཀརྨ་པ།
    སྐུ་ཕྲེང་བཅུ་བདུན་བར་དུ་རིམ་བྱོན་ཏེ། རིས་མེད་བསྟན་དོན་མཛད་པ་བཀའ་དྲིན་ཆེ།

    Reply
  2. ཨ་འབར་འཇིགས་དབང། says:
    ལོ་ 5 སྔོན།

    ༄༅། དཔལ་རྒྱལ་བ་ཀརྨ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པ་སྐུའི་འཁྲུངས་སྐར་དུས་དུ་དྲན་
    ཉིན་མོར་བཀྲིས་བདེ་ལེགས་ཞུ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 5 སྔོན།

    བཀའ་རྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ་།
    ཀརྨ་པ་ཡིའི་སྐྱེ་ཕྲེང་བཅུ་བདུན་པ་།
    ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་འཁྲུངས་སྐར་ལ་།
    སྒོ་གསུམ་གུས་པས་བཀྲིས་བདེ་ལེགས་ཞུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist