མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དངུལ་གཉེར་གྱིས་དངུལ་འཁུར་ནས་བྲོས་ཕྱིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

 ཕྱི་ཟླ ༦ ཚེས ༢༦ ཉིན་སྦེལ་ཀོབ་མཉམ་འབྲེལ་སྣུམ་ཁང་གི་དངུལ་གཉེར་གྱིས་ཡོང་འབབ་དངུལ་ཧིན་སྒོར་འབུམ་ ༡༧ ནས་ ༡༨ བར་ཁྱེར་ནས་བྲོས་ཕྱིན་འདུག་ཟེར། 

ཉིན་ཤས་སྔོན་སྤྱི་ཚོགས་བརྒྱུད་ལམ་དུ་བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱི་འདྲ་པར་ཞིག་བཀྲམ་ཏེ། སྐྱེས་པ་དེས་སྦེལ་ཀོབ་སྣུམ་ཁང་ནས་ཧིན་སྒོར་འབུམ་བཅུ་གྲངས་ཤིག་འཁུར་ནས་བྲོས་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་གའི་གསར་འགོད་པས་སྣུམ་ཁང་གི་འབྲེལ་ཡོད་དང་དངུལ་གཉེར་ཁོ་རང་གི་ངོ་ཤེས་ཤིག་ལ་སྐད་ཆ་དྲིས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། སྣུམ་ཁང་གི་དངུལ་གཉེར་གྱིས་ཡོང་འབབ་ཧིན་སྒོར་འབུམ་ ༡༧ ནས་ ༡༨ ཙམ་འཁུར་ཏེ་ནང་མི་འཁྲིད་ནས་བྲོས་ཕྱིན་ཡོད་འདུག

དངུལ་གཉེར་གྱིས་ཉིན་རྒྱུན་ལས་མི་རྣམས་ཀྱི་ལག་ནས་ཉིན་གཅིག་གི་ཡོང་འབབ་ཚང་མ་བསྡུས་ནས་དངུལ་ཁང་དུ་བཅོལ་འཇོག་བྱེད་པར་འགྲོ་དགོས་ཀྱི་ཡོད་པ་དང་། དངུལ་བཅོལ་རྗེས་བྱུང་འཛིན་རྩིས་པར་སྤྲོད་དགོས་ཀྱི་ཡོད་ནའང་། དངུལ་ཁང་སྒོ་བརྒྱབས་པ་དང་གུང་སེང་ལ་འཁེལ་བ་སོགས་ཀྱི་རྐྱེན་གྱིས་ཉིན་ལྟར་དངུལ་བཅོལ་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས ༣༠ ཉིན་དངུལ་གཉེར་དངུལ་ཁང་དུ་ཕྱིན་ཏེ་བྱུང་འཛིན་རྫུན་མ་ཞིག་བཟོས་ནསརྩིས་པར་བརྩིས་བརྒྱབས་ཡོད་ནའང་། གནས་ཚུལ་དེ་ཕྱིས་སུ་མ་གཏོགས་ཤེས་རྟོགས་བྱུང་མེད་པ་དང་། དངུལ་ཁང་གི་ལས་མིར་སྐད་ཆ་དྲིས་སྐབས་དངུལ་གཉེར་ཁོ་གཅིག་ནས་བོད་པ་ཡིན་པ་དང་། གཉིས་ནས་དུས་རྒྱུན་དངུལ་ཁང་དུ་ཡོང་གི་ཡོད་པ། གསུམ་ནས་ཁོ་ལ་ཨུ་ཚུགས་ཆེན་པོ་བྱས་སྟབས། བྱུང་འཛིན་སྟོང་པ་ཞིག་གི་ཐོག་ཏུ་དངུལ་གྲངས་སོགས་བྲིས་ཏེ་རྫུན་མ་བཟོ་དགོས་བྱུང་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་སྣུམ་ཁང་གི་འགན་འཛིན་ལགས་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཁོང་གིས་དངུལ་གཉེར་ལ་དུས་ཐོག་ཏུ་དངུལ་ཁང་ལ་དངུལ་བཅོལ་བར་འགྲོ་དགོས་པ་རྒྱུན་པར་དྲན་སྐུལ་དང་ལམ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། སྣུམ་ཁང་དུ་ཡོད་པའི་རྩིས་པས་ཀྱང་སྐུལ་མ་བྱས་བཏང་ཡོད་ལུགས་བརྗོད་བྱུང་། ཡང་ཁོང་གིས་དངུལ་གཉེར་དུས་རྒྱུན་དེ་འདྲ་བྱེད་མཁན་འདྲ་བོ་མེད་ལ། ཁོའི་ཕྲུ་གུའི་རྐང་པ་ནད་པ་ཡིན་པ་སོགས་ཀྱིས་བསམ་ཤེས་བྱས་ཡོད་ཀྱང་། ད་རེས་གནས་ཚུལ་འདི་འདྲ་བྱུང་དུས་རང་ངོས་ནས་གང་ཐུབ་ཐུབ་བྱས་ཡོད་པས་འགྱོད་པ་མེད་ཚུལ་བརྗོད་བྱུང་།

དངུལ་གཉེར་གྱི་འབྲེལ་ཡོད་ཡུལ་མི་ཞིག་གིས་བརྗོད་པ་ལྟར་ན། ཕྱི་ཚེས ༢༦ ཉིན་གྱི་སྣུམ་ཁང་གི་འབབ་དངུལ་ཚང་མ་དངུལ་གཉེར་ལ་རྩིས་སྤྲོད་བྱས་ཡོད་པ་དང་། དགོང་མོ་དེར་ཁོས་བཟའ་ཟླ་དང་ཕྲུ་གུ་ཁྲིད་ནས་བྲོས་ཕྱིན་ཡོད་པ་དང་། ཕྱི་ཚེས ༢༧ ཉིན་ཁོ་མེད་པ་ཤེས་ཏེ་ནང་དུ་ཕྱིན་སྐབས། ནང་དུའང་བསྡད་མེད་པ་མ་ཟད། སྒེར་གྱི་སྤྱི་ཚོགས་དྲ་བའི་སྟེང་གི་ཁོ་རང་གི་པར་ཚང་མ་བསུབས་ཚར་ཡོད་སྐོར་བརྗོད་བྱུང་།

ཁྱོན་བསྡོམས་དངུལ་ག་ཚོད་ཅིག་འཁུར་ཡོད་མེད་དྲིས་པར་ཁོང་གིས། རོབ་རྩིས་བྱས་པ་ཡིན་ན། ཧིན་སྒོར་འབུམ་ ༡༧ ནས་ ༡༨ བར་འཁུར་ཡོད་པ་དང་། དངུལ་གཉེར་ཁོ་བོད་ནས་འབྱོར་ཞིང་། དེ་སྔོན་གྲྭ་པ་ཡིན་པ་དང་། རྗེས་སུ་གྲྭ་པ་ལོག་སྟེ་མྱོས་རྫས་སྤྱད་ཡོད་ཀྱང་། ངོ་ཤེས་གྲོགས་པོ་སོགས་ཀྱིས་བསླབ་བྱ་མང་པོ་བརྒྱབས་ཏེ་རིམ་པས་ཡར་རྒྱས་སོང་བ་ལ་བརྟེན་ནས་སྦེལ་ཀོབ་མཉམ་འབྲེལ་སྣུམ་ཁང་གི་དངུལ་གཉེར་གྱི་ལས་ཀ་རག་ཡོད་སྐོར་བརྗོད་བྱུང་།

མཆན། 8

  1. འདབ་མ་སྟོང་ལྡན། says:
    ལོ་ 5 སྔོན།

    གྲྭ་ལོག་དེ་ཡིས་བློ་ཁོག་ལ་དཔེ་རེད། རྐུ་མ་དེ་རིགས་ཀྱི་དངོས་གནས་དངུལ་གྱི་དོན་དུ་ཕ་མ་ཡང་བསད་གྱི་རེད།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 5 སྔོན།

    བློ་ཁོག་ཡོད་སྟངས་ལ་བལྟས་ན་གྲྭ་ལོག་རང་རེད་འདུག ཧ་ཧ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 5 སྔོན།

    དངུལ་གཉེར་ཁོང་ལ་བློ་ཁོག་བྱུང་།

    Reply
  4. དོན་འགྲུབ་བཀྲ་ཤིས says:
    ལོ་ 5 སྔོན།

    སྐྱོན་གཅིག་གི་སྐྱོན་སྣེ་བརྟགས་ནས།།
    གཏམ་ངན་པའི་མི་སེམས་མ་གསོད།།
    ལྷོ་འཛམ་བུ་གླིང་གི་ཡུལ་ནས།།
    སྐྱོན་མེད་ནས་མི་ཞིག་རྙེད་དཀའ།།

    Reply
  5. བཀྲ་ཤིས་ says:
    ལོ་ 5 སྔོན།

    བཀྲ་ཤིས་བདེ་ལེགས།
    གུས་པར་བསམས་ཚུལ་ཆུང་ཆུང་ཞིག་ཡོད་པ་དང་དེ་ནི་སྣུམ་ཁང་གི་འགན་འཛིན་ལགས་གསུངས་གསལ་ལ་ད་ལྟ་དངུལ་གཉེར་དེ་ནི་རྒྱུན་དེ་འདྲ་བྱེད་མཁན་འདྲ་བོ་མེད་གསུངས་ཡོད་དང་ད་དུང་གནས་ཚུལ་འདི་འདྲ་བྱུང་དུས་རང་ངོས་ནས་གང་ཐུབ་ཐུབ་བྱས་ཡོད་པས་འགྱོད་པ་མེད་ཚུལ་བཅས་གསར་འགོད་པར་བརྗོད་འདུག་ འོན་ཀྱང་ཕྱི་ཟླ་5པའི་ཚེས་30ཉིན་བྱུང་འཛིན་སྟོང་པ་ཞིག་གི་ཐོག་ཏུ་དངུལ་གྲངས་སོགས་བྲིས་ཏེ་རྫུན་མ་བཟོ་དགོས་བྱུང་སྐོར་ཤེས་རྟོགས་འབྱུང་ཡང་སྣུམ་ཁང་གི་འགན་འཛིན་གྱིས་གསར་འགོད་པ་ལ་དངུལ་གཉེར་དེ་ནི་རྒྱུན་དེ་འདྲ་བྱེད་མཁན་འདྲ་བོ་མེད་གསུངས་དགོས་དོན་གང་ཡིན་?? ད་དུང་དངུལ་གཉེར་དེ་ནི་སྣུམ་ཁང་གི་འགན་འཛིན་ཁོ་པས་ལས་མིར་འཇུག་ཡོད་པ་དང་སྣུམ་ཁང་གི་འགན་འཛིན་གསར་འགོད་པར་འགྱོད་པ་མེད་ཅེ་གསུངས་དགོས་པའི་རྒྱུ་མཚན་གང་ཡིན་ནམ??

    Reply
  6. ལྷག་བསམ། says:
    ལོ་ 5 སྔོན།

    བོད་པ་ཚོ་ལྟོས་དང་། གྲྭ་ལོག་དང་བཙན་བྱོལ་བའི་གསར་འབྱོར་ཚོའི་གཤིས་ཀ་འདི་འདྲ་རེད། ལུག་རྫི་སྤྱི་འཐུས་དང་བོང་རྫི་བཀའ་བློན། མཁས་པ་བརྫུན་པ་དེ་ཚང་མ་འདི་ལྟར་རེད། ཁྱེད་ཚོའི་རྗེས་ན་སྐྱག་དྲི་ཡིས་ཁེངས་ཡོད་པ་ཤེས་སམ།

    Reply
    • བསྟན་འཛིན་གྲགས་པ། says:
      ལོ་ 5 སྔོན།

      ཧ་ཧ་ཧ། ཀླད་རྒྱ་ཆུང་བ་ལ་དཔེ་རེད། མི་གཅིག་གི་བྱ་བ་བྱེད་ཕྱོགས་ལ་ལྟོས་ནས་ཚང་མ་འདི་འདྲ་རེད་ཟེར་ན་དྲང་པོ་ཨེ་ཡིན་ན།

      Reply
  7. བཀྲིས་ཚེ་རིང་། says:
    ལོ་ 5 སྔོན།

    སེམས་སྐྱོ་པོ་བྱུང་། མི་རིགས་རང་ཉིད་འ་ཆད་འུག་གིས་སྐྱབས་བཅོལ་དུ་ཡོང་ནས་འགྲོ་ས་དང་འདུག་ས་གང་ཡང་མེད་ཀྱང་། ད་དུང་བོད་འབྱོར་མི་ངན་དེས་བོད་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་། མི་རིགས་གཞན་གྱིས་ཡིད་ཆེས་བརྩི་བཀུར་གང་ཐོབ་པ་དེ་མི་ངན་འདི་ཚོས་ནག་བསུབ་ཏུ་བཏང་བ་ཟད། བཀའ་དྲིན་བསམ་རྗོད་ལས་འདས་པའི་རྒྱལ་དབང་རིན་པོ་ཆེ་གཙོས་པའི་བོད་ཕེབསསྔོན་འབྱོར་དེ་ཚོས་ཉིན་མཚན་འཁོར་མོ་ཡུག་ཏུ་དྲང་བདེན་དང་གཞན་ཕན་དཀའ་སྤྱད་འབད་པ་ཆེན་པོ་གནང་བ་བརྟེན་ནས་ད་ཆ་སྐྱབས་བཅོལ་ཆགས་ས་ཡོད་ཙམ་རེད། ད་དུང་ཡང་མི་ངན་འདི་རིགས་བྱུང་ན་བོད་པའི་སྤྱི་ཚོགས་དེ་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ནས་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist