མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་སྤྱི་རྣམ་པར་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཟབ་སྦྱོང་ཚོགས།

བོད་ཀྱི་དུས་བབ།
༢༠༡༨/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལང་ཚོ་དར་བབ་ཀྱི་ཚོགས་འདུའི་སྟེང་འཕྲོད་བསྟེན་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་མི་འབོར་གྱི་སྤྱིའི་སྐྱེས་ཚད་ལས་འཆི་ཚད་མཐོ་བ་ཡོད་པས་མི་གྲངས་ཉུང་ཉུང་ཞིག་ཡོད་པ་དེའི་སྤུས་ཀ་གོང་མཐོར་གཏོང་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༩ པའི་སྟེང་། བོད་མིའི་སྒྲིག་འཛུགས་ལས་བྱེད་སྦྱོང་བརྡར་ལྟེ་གནས་ཁང་གི་སྲོང་བཙན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གཉིས་རིང་བོད་པའི་སློབ་གྲྭ་ཁག་ནས་ཕེབས་པའི་སློབ་སྤྱི་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཚོགས་འདུ་ཞེས་པའི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་དྲུང་འཕར་ཡེ་ཤེས་དབང་མོ་ལགས། འཕྲོད་བསྟེན་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱི་གཙོས་བོད་སློབ་ཁག་ནས་ཕེབས་པའི་སློབ་སྤྱི་ ༢༦ དང་འཕྲོད་བསྟེན་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཚོགས་འདུ་དེ་ལྟ་བུ་ཞིག་ཚོགས་དགོས་སྐོར་ལ་ངོ་སྤྲོད་གནང་དོན། གཞི་རྩའི་དུས་རབས་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་འགྱུར་བ་ཧ་ཅང་མྱུར་བོ་དང་ཚད་མཐོ་བོ་ཕྱིན་བསྡད་ཡོད་པ་རེད། དེའི་ནང་ནས་བྱེ་བྲག་ཏུ་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་སྒང་ལ་དེ་དེ་བཞིན་རེད། དེ་སྔ་ཡིན་ན་གཙོ་བོ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཤུགས་བརྒྱབ་བསྡད་ཡོད་པ་རེད། དེ་ནས་རིམ་གྱིས་དེ་དག་ལ་འགྱུར་བ་ཕྱིན་ཏེ་སྔོན་འགག་ལ་ཤུགས་བརྒྱབ་ཀྱི་ཡོད་པ་རེད། དུས་ཚོད་དང་བསྟུན་པའི་ནད་མང་པོ་ཞིག་ཡོང་གི་ཡོད་དུས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་དེ་དག་ལ་འགྱུར་བ་ཞིག་འགྲོ་བསྡད་ཡོད་པ་རེད། ད་ལྟ་བར་དུ་ང་ཚོས་ཤུགས་བརྒྱབ་ས་གཙོ་བོ་དེ་སྔོན་འགོག་དང་དེ་བཞིན་སྨན་བཅོས་སྒང་ལ་ཤུགས་རྒྱག་གི་ཡོད་པ་རེད། འདས་པའི་དུས་ཡུན་གང་འཚམས་ཤིག་ལ་ཕྱིར་མིག་བལྟས་པ་ཡིོན་ན། སྔོན་མ་ཡིན་ན་འཕྲོད་བསྟེན་གྱི་ལས་གཞི་རང་དེ་མ་དང་བྱིས་པ་ཞེས་བརྗོད་བཞིན་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆར་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དེ་འཕྲོད་བསྟེན་གྱི་ཆ་ཤས་ཤིག་ཆགས་ཡོང་གི་ཡོད་པ་རེད། ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དེ་ཡོད་པ་སྔོན་ནས་ཡོད་ན་ཡང་། རྗེས་སུ་ཞིབ་འཇུག་བྱས་པ་བརྒྱུད་གལ་ཆེན་པོ་མཐོང་ནས་མ་དང་བྱིས་པའི་འཕྲོད་བསྟེན་གྱི་སྒང་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དེ་བསྣན་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་འཕྲོད་བསྟེན་ལས་ཁུངས་ངོས་ནས་ལང་ཚོ་དར་བབ་གྱི་འཕྲོད་བསྟེན་དེ་གལ་ཆེན་པོར་རྩིས་ཏེ་ལས་གཞི་ག་རེ་སྤེལ་གྱི་ཡོད་པའི་སྐོར་ལ་ཁོང་གིས་། ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དེ་བྱིས་པ་འཚར་ལོངས་བྱུང་ཡོང་བའི་སྐབས་ལོ་ན་ ༩ ནས་ ༡༩ བར་འཇིག་རྟེན་གྱི་ཆོས་ཉིད་ཟེར་ན་རེད། འབྱུང་བའི་རྐྱེན་གྱིས་བྱིས་པའི་གཟུགས་པོའི་ཕྱི་ནང་གཉིས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བསྡད་ཡོད་པ་རེད། འགྱུར་བ་འགྲོ་བའི་སྐབས་དེར་ཁོ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བསྡད་ཡོད་དུས་དཀའ་ངལ་དེའི་སྐབས་གདོང་ལེན་བྱ་དགོས་ས་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཐུགས་བསམ་བཞེས་ནས་སྤྱིར་འཛམ་གླིང་ཡོངས་ནས་དེ་གལ་ཆེན་པོ་རྩི་ཡི་ཡོད་དུས། ང་ཚོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གལ་ཆེན་པོ་མ་རྩིས་པ་ཡིན་ན་ཏག་ཏག་འགྲིག་གི་མེད་པ་ཡིན་དུས། ཐུགས་ཁུར་ཆེན་པོ་བཞེས་ནས་འདས་པའི་བརྒྱུད་རིམ་ནང་མདུན་ལམ་སློབ་སྟོན་པ་ཁག་ཅིག་ལ་ཟབ་སྦྱོང་སྤྲད་ཡོད་ལ། དེ་དག་བརྒྱུད་ནས་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་ཚོར་གོ་རྟོགས་སྤེལ་ཐབས་མང་པོ་བྱས་པ་ཡིན། དེ་བཞིན་དགེ་རྒན་མང་པོ་ཞིག་ལ་དེ་ནང་བཞིན་གོ་རྟོགས་སྤེལ་བ་ཡིན། དེ་འདྲ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ལང་ཚོ་དར་བབ་ཀྱི་བྱིས་པ་ཚོར་ཐད་ཀར་འབྲེལ་བ་ཡོད་ས་དེ་རྣམ་པ་ཚོ་ཆགས་ཡོད་པས་ཡིན། ཞེས་བརྗོད་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། སྤྱིར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་རྩི་སྲོལ་ལྟར་ན། མི་ལོ་ ༡༠ ནས་ ༡༩ ནི་ལང་ཚོ་དར་བབ་ཀྱི་ན་ཚོད་ཡིན་པ་དང་། འཛམ་གླིང་ཐོག་མི་དུང་ཕྱུར་ ༡༢ ནི་ན་ཚོད་དར་བབ་གྱི་ཁུངས་སུ་གཏོགས་པ་དང་། མི་ ༦ ནས་གཅིག་ནི་དར་ལ་བབ་པའི་ན་གཞོན་ཆགས་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ན་ཚོད་དར་ལ་བབ་པའི་གཞོན་སྐྱེས་ཚོའི་དཀའ་ངལ་དང་དེའི་གདོང་ལེན་རྒྱུན་དུ་གསུང་གི་ཡོད་པའི་རྒྱུ་མཚན་གཅིག་ནི། བུ་མོ་ལོ་གཞོན་ལ་མངལ་ཆགས་པ་དང་བྱིས་པ་བཙའ་བའི་དཀའ་ངལ། དེ་བཞིན་ལོ་གཞོན་ཚོར་གཉན་ནད་རེག་དུག་གི་ན་ཚ་ཡོད་པ་དང་། ཨ་ཧྥི་རི་ཁའི་ནང་ན་ཚ་དེ་ཡོད་མཁན་མང་ཤོས་ཡིན་ལ། ད་ཆ་ཁྱོན་ན་ཚོད་དར་ལ་བབ་པ་ས་ཡ་ ༢ ཙམ་ལ་ནད་འབུ་དེ་འགོས་ཡོད་པ་རེད། མཐའ་དོན་དུ་ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ཡང་ནད་འབུ་དེ་མེད་པ་རྩ་བ་ཉིད་ནས་མིན་པར་ཕྲན་བུ་ཡོད་རེད་དེ། དེ་ལས་གཟབ་དགོས་པ་དེ་ནི་མཆིན་པའི་གཉན་ཚད་ཆགས་ཡོད་པ་རེད། དེའི་ནད་འབུ་ཡི་ཁྱབ་སྟངས་ནི་གཉན་ནད་རེག་དུག་དང་འདྲ་པོ་ཡོད་རེད། དེ་བཞིན་གློ་ནད་ (TB) ཡང་གཞོན་སྐྱེས་ནང་ཡོད་པས་གཟབ་དགོས་པ་དང་། གཞོན་སྐྱེས་ཁྲོད་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཡོང་བཞིན་ཡོད་པ་རེད། དེང་སང་གཞོན་སྐྱེས་འདས་གྲོངས་སུ་འགྲོ་བཞིན་པའི་རྐྱེན་རྩ་གཙོ་བོ་གསུམ་པ་དེ་སེམས་གཅོང་ཡིན་པ་དང་། སེམས་གཅོང་གི་གནས་བབ་དེ་ཛ་དྲག་ཏུ་གྱུར་ནས་གདོང་ལེན་བྱེད་མི་ཐུབ་པའི་གནས་སྐབས་སུ་རང་ཤི་རྒྱག་པ་སོགས་བྱུང་བཞིན་ཡོད་པ་དང་། བུད་མེད་ ༡༠ ལས་གཅིག་ལ་འཁྲིག་སྤྱོད་དང་འབྲེལ་བའི་འཚེ་བ་བྱུང་བཞིན་པ། དེ་བཞིན་གཞོན་སྐྱེས་ཚོ་མྱོས་རྫས་ངན་གོམས་སུ་གྱུར་ནས་རང་ཚོད་འཛིན་མི་ཐུབ་པའི་གནས་སྟངས་ཆགས་ནས་ཉེན་ཁ་ཅན་གྱི་ལས་ཀ་ལ་རྣམ་གཡེང་བྱས་པ་ལ་བརྟེན་ནས་ཆག་སྒོ་སོགས་བྱུང་གི་ཡོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གསུང་གི་ཡོད་པས་དེར་ཡིད་གཟབ་གནང་དགོས་སྐོར་གསུངས་སོང།

ཡང་སློབ་ཕྲུག་ཚོ་ཐ་མག་དང་མྱོས་རྫས་རིགས་ལ་ངན་གོམས་སུ་སོང་བ་ཡིན་ན་ག་རེ་བྱ་དགོས་པའི་སྐོར་ལ་ཁོང་གིས། སློབ་ཕྲུག་གིས་ཐ་མག་སོགས་མྱོས་རྫས་སྤྱད་ཚེ། སློབ་མ་དེ་སློབ་གྲྭ་ནས་ཕྱིར་འཕུད་གཏོང་རྒྱུ་དེ་སློབ་མ་དེ་མྱོས་རྫས་ལས་ཐར་པའི་ལམ་ཁ་དེ་རྩ་བ་ཉིད་ནས་མིན་པར། རང་ཉིད་ཀྱི་ཉམས་མྱོང་དང་བསླབ་བྱ་ལ་བརྟེན་ནས་སློབ་གསོ་བསྐྱོན་དགོས་སྟབས། ད་ཐེངས་སློབ་གྲྭ་ཁག་གི་སློབ་སྤྱི་ཚོ་འདིར་འཛོམས་དགོས་པའི་དམིགས་ཡུལ་ནི། ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་ཀྱི་འཕྲོད་བསྟེན་ནི་ག་རེ་ཡིན་པ་དང་དེའི་ཐོག་ག་རེ་གནང་རྒྱུ་ཡོད་མེད། སློབ་གྲྭ་ཁག་གི་ཐུན་མོང་མ་ཡིན་པའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སྐོར་ལ་སློབ་གྲྭ་ཕན་ཚུན་བར་བསམ་ཚུལ་ལྷུག་པོ་བརྗོད་རྒྱུ་དང་། དེ་དག་གི་ཐད་ཐབས་ཤེས་ག་རེ་ཡོད་མེད་གྲོས་བསྡུར་བྱ་རྒྱུ། སློབ་ཕྲུག་གི་སེམས་ཁམས་དང་མཐུན་པའི་སློབ་གསོའི་ལམ་ནས་དེ་ལ་འགྱུར་བཅོས་གཏོང་དགོས་པ་དང་། སྤྱིར་སློབ་ཕྲུག་ན་ཚོད་དར་བབ་ཀྱི་སྐབས་དེར་བྱ་བ་ག་རེ་ཡིན་ནའང་བྱེད་རྒྱུ་ཞིག་ཆགས་ཀྱི་ཡོད་པས། དེ་དག་ལ་སློབ་གྲྭ་སོགས་ནས་ཐ་མག་འཐེན་ནས་ཕྱིར་འཕུད་ཙམ་གྱིས་དཀའ་ངལ་དངོས་ནས་དེ་སེལ་ཐུབ་ཀྱི་མེད་པས། བརྩེ་བ་ལྡན་པའི་ངང་ནས་སློབ་ཕྲུག་དེར་སློབ་གསོ་བསྐྱོན་པ་ཡིན་ན་རིམ་པའི་བཅོས་ཐབས་ཡོད་པ་ཞིག་ཡིན་སྐོར་གསུངས་སོང་།

མཇུག་ཏུ་ཁོང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པ་ཚན་པས་སློབ་གྲྭ་ཁག་ལ་ལང་ཚོ་དར་བབ་ཀྱི་གཞོན་སྐྱེས་ཚོའི་འཕྲོད་བསྟེན་ཚོགས་ཚུང་གང་འདྲ་འཛུགས་དགོས་མིན་ཆེད་འགྲོ་གྲོན་ཞིག་གཏན་འབེབ་གནང་ཡོད་པ་དང་། དེ་བཞིན་མ་འོངས་པར་སློབ་གྲྭ་ཁག་རེ་རེར་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཐོག་ལམ་སྟོན་གནང་མཁན་དགེ་རྒན་ཡོང་གི་ཡོད་དུས། དེ་ཚོའི་ཤེས་ཚད་གོང་མཐོར་གཏོང་བ་དང་མཉམ་དུ། སློབ་གྲྭ་ཁག་ནང་བུད་མེད་ཀྱི་ཟླ་མཚན་འཕྲོད་བསྟེན་ཐོག་ལ་ཡང་ཤུགས་རྒྱག་དགོས་པ་དང་། མ་དང་བྱིས་པའི་ཚན་པས་སློབ་གྲྭ་ཁག་ནང་བུད་མེད་ཀྱི་ཟླ་མཚན་འཕྲོད་བསྟེན་ཐོག་ལས་འཆར་ཤིག་མགོ་བཙུགས་བྱས་ཡོད་པ་དང་། དེ་ལམ་ལྷོང་ག་ཚད་འགྲོ་མིན་ལྟ་རྒྱུའི་གནས་སྟངས་ཆགས་ཡོད་པ། དེ་བཞིན་སློབ་གྲྭ་ཁག་གིས་ད་བར་ག་རེ་གནང་ཡོད་པ་དེར་འདོད་པ་ཁེངས་པ་དང་ངས་བྱས་ཡོད་བསམ་བསམ་བྱས་ནས་ཕྱོགས་གཅིག་ནས་བསྡད་ན་འགྲིག་གི་མེད་པར། དེ་ལས་ལྷག་ཅིག་སྤྱི་ཚོགས་ནང་ཡོད་པ་དེ་དངོས་ཡོད་ཆགས་ཡོད་པ་རེད། ལོ་གཉིས་རིང་གཞིས་ཆགས་ཁག་ནང་སྐོར་སྐྱོད་ལ་ཕྱིན་པ་ཡིན་ཏེ་བོད་མིའི་སྤྱིའི་སྐྱེས་ཚད་ལས་འཆི་ཚད་མཐོ་བ་ཡོད་པ། སྔོན་ཆད་མི་འབོར་མང་པོ་ཡོད་ཀྱང་ལས་དང་སྨོན་ལམ་གྱིས་རིགས་གཅིག་ཡག་པོ་ཐོན་ཡོད་པ་རེད། ད་ལྟ་མི་འབོར་ཉུང་ཉུང་ལས་མེད་རྐྱེན། མི་གྲངས་ཉུང་ཉུང་དེའི་སྤུས་ཀ་གོང་མཐོར་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༩ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist